དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།།

༄༅། །དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་ དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།།
དེབ་ཕྲེང་བཞི་པ། རྭ་སྟོད་དགེ་བཤེས་བློ་བཟང་བྱམས་པས་བརྩམས། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས་ནས་དཔར་འགྲེམས་ཞུས།

V2015

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ ཟླ་གྲགས་དགོངས་རྒྱན།
སྐུ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་ ཤེས་ཡོན་ལྷན་ཚོགས་ནས་དཔར་བསྐྲུན་དང་འགྲེམས་ སྤེལ་ཞུས་པ་དགེ་ལེགས་སུ་གྱུར་ཅིག།
ཕྱི་ལོ་ ༢༠༡༥ ལོར་པར་ཐེངས་དང་པོར་ཐེ་ཝན་ནང་པའི་ ཤེས་ཡོན་ལྷན་ཚོགས་ནས་དེབ་གྲངས་ ༣༥༠༠ དཔར།
འབྲེལ་ཡུལ་ཞལ་བྱང་།
NAMGYAL MONASTERY
P.O. Mcleod Ganj-176219
Dharamsala Distt Kangra (H.P.) INDIA Off:91+92184-14777/ 92184-15777 E-mail: namgyalmonastery@gmail.com www.namgyalmonastery.org

པར་སྐྲུན་གསལ་བཤད།
པར་སྐྲུན་གསལ་བཤད།
རྨད་བྱུང་ཐུགས་བསྐྱེད་ལྷ་ཡི་རྫིང་རིང་ངོས། ། རྗེས་ཆགས་ཐུགས་རྗེའི་སྤྲིན་ཆེན་དཀྲིགས་པ་ལས། ། འགྲོ་བའི་ཞིང་སར་བསིལ་བའི་དཔལ་སྦྱིན་པ། ། བསྟན་འཛིན་རྒྱ་མཚོའི་༸ཞབས་པད་གཙུག་གིས་མཆོད། །
ཕན་བདེའི་ལེགས་ཚོགས་འབྱུང་གནས་རྡོ་རྗེ་ཐེག ། ཚུལ་བཞིན་བཤད་དང་སྒྲུབ་པའི་རིག་འཛིན་གླིང་། ། ཡིད་བསྲུབས་སྡེ་ལས་རྣམ་པར་རབ་རྒྱལ་བའི། ། རྫ་རྔ་ཚངས་པའི་གཡུལ་སར་སྒྲོགས་པར་མཛོད། །
ཅེས་ཤིས་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ་འདིར་གང་གླེང་བར་བྱ་བ་ནི། དེ་ཡང་ རང་ཅག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་རྒྱལ་བ་ཀུན་གྱི་ཐུགས་རྗེའི་ རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་འདི་ཉིད་ཀྱིས། ཤིན་ཏུ་འདུལ་དཀའི་སྙིགས་ ལྔའི་འགྲོ་བ་སྤྱི་དང་། ཡང་སྒོས་བསིལ་ལྡན་ལྗོངས་ཀྱི་འགྲོ་བ་རྣམས་ཕན་བདེའི་ལམ་དུ་ དཀྲི་སླད། བསམ་བཞིན་མི་ཡི་སྲིད་པའི་ཚུལ་བཟུང་ནས་ཐོག་མར་སྤྲེའུ་དང་བྲག་སྲིན་གྱི་ སྤྲུལ་པས་མི་ཡི་འགྲོ་བ་སྤེལ། བར་དུ་མི་དབང་རྒྱལ་པོའ་ིཚུལ་གྱིས་གདུལ་བྱ་སྣོད་རུང་དུ་
A

པར་སྐྲུན་གསལ་བཤད།
མཛད། དེ་ནས་ཆོས་ཀྱི་རྒྱལ་པོའ་ིཚུལ་གྱིས་ཆོས་སྲིད་མདོ་སྔགས་རིག་གནས་དང་བཅས་ པའི་རྣམ་དཀར་འཕྲིན་ལས་ཀྱི་འོད་སྣང་འཛམ་གླིང་མཐའ་དབུས་ཀུན་ཏུ་ཁྱབ་པར་མཛད་ ཅིང་། ལྷག་པར་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་རྗེའི་གཟི་བྱིན་གྱིས་གཅེས་པར་ བསྐྱངས་པའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་དེང་སྐུ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ ལེགས་བཤད་གླིང་ཞེས་སྙན་པའི་གྲགས་པ་ཕྱོགས་མཐར་ཁྱབ་པའི་གྲྭ་ཚང་འདིར། སྔོན་ དུས་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱིས་བསྟན་སྲིད་སྐྱེ་འགྲོའ་ི བདེ་ཐབས་སོགས་ཀྱི་ སླད་དུ་ཆེད་འཛུགས་མཛད་པའི་གཞི་གསུམ་གྱི་ཕྱག་ལེན་དང་། བཅོམ་ལྡན་འདས་དཔལ་ དུས་ཀྱི་འཁོར་ལོ་གཙོ་གྱུར་གྱི་ཡི་དམ་གསང་བདེ་འཇིགས་གསུམ་དང་། སྔ་འགྱུར་རྙིང་ མའི་གཏེར་ཆོས་གསར་རྙིང་གིས་མཚོན་ཆོས་སྤྱོད་སྤྱི་དང་། བསྟན་སྲུང་རྒྱ་མཚོའི་གཏོར་ སྒྲུབ་སོགས་ཆོ་ག་ཕྱག་ལེན། འདོན་རྟ་དབྱངས། གར་ཐིག་དབྱངས་གསུམ། མཆོད་བཟོ་ དཀར་རྒྱན། རོལ་མོ་འབུད་དཀྲོལ་གྱིས་མཚོན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་ ཆོས་ལྡན་པའི་སྔར་སྲོལ་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཟབ་རྒྱས་རྨད་དུ་བྱུང་བ་རྣམས་ མི་ཉམས་རྒྱུད་འཛིན་ཐོག རྒྱལ་བའི་བསྟན་པ་དང་། བོད་ཀྱི་ཆབ་སྲིད། སྐྱེ་འགྲོའ་ིབདེ་ སྐྱིད། ལྷག་པར་མདོ་དང་རྒྱུད་སྡེ་རྒྱ་མཚོའི་དགོངས་དོན་ལེགས་པར་རྟོགས་ཐབས་སོགས་ དགོས་པ་དང་དགེ་མཚན་དུ་མའི་ཆེད་དུ་དམིགས་ཏེ་བོད་རྒྱལ་ལོ་ ༢༠༩༥ ལྕགས་ཁྱི། ཕྱི་ ལོ་ ༡༩༧༠ ལོར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་རྟེན་དང་བརྟེན་པར་ བཅས་པ་གསར་བཞེངས་ལེགས་པར་གྲུབ་སྟེ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའ་ི དབང་ཆེན་ཐེངས་གསུམ་པ་བཀའ་དྲིན་སྩལ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་
B

པར་སྐྲུན་གསལ་བཤད།
མཆོག་གི་བཀའ་སློབ་སྤྱི་ཕེབས་ཐོག་མགོན་པོ་གང་ཉིད་ནས་མཚན་ཉིད་རྩོད་གཞུང་དང་ བཅས་པ་གསོལ་སྩལ་བཀའ་དྲིན་ཆེ་བ་བཞིན། གནམ་ལོའ་ིརང་ཞལ་གསར་དུ་བཞད་པའི་ དགྱེས་སྟོན་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭ་དབུ་འབྱེད་ མཛད་སྒོའ་ིརྟེན་འབྲེལ་དང་འབྲེལ། ༸གོང་ས་མཆོག་དབུ་བཞུགས་ཀྱིས་གྲྭ་ཚང་གི་མཁན་ ཐོག་དང་པོ་ཉེ་བའི་རིགས་བདག་ཆེན་པོ་རྗེ་བཙུན་བློ་བཟང་དོན་གྲུབ་མཆོག་དང་། དཔེ་ ཁྲིད་དགེ་བཤེས་ལགས་རྣམ་པ། གྲྭ་ཚང་གི་དབུ་ལས་ལྷན་རྒྱས་འཛོམས་པའི་སྤྱན་སྔར་ གྲྭ་ཚང་གི་གསར་ཞུགས་སློབ་གཉེར་བ་ཉི་ཤུ་སྐོར་རྩོད་རྒྱུགས་ཀྱང་བཞེས་གནང་མཛད། དེ་རྗེས་མཁན་ཐོག་གཉིས་པ་དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ་མཆོག་ གི་སྐུ་དུས་སུ་གཞུང་ཆེན་མཚན་ཉིད་འཛིན་རིམ་བཅུ་གསུམ་དངོས་སུ་གསར་འཛུགས་ གཏན་འཁེལ་མཛད།
དེ་རྗེས་ཕྱི་ལོ་ ༢༠༡༢ ལོར་མཁན་ཐོག་བདུན་པ་སྐྱབས་རྗེ་ཁྲོམ་ཐོག་རིན་པོ་ཆེ་ བློ་བཟང་དམ་ཆོས་མཆོག་གི་སྐུ་དུས་སུ་མཁན་རིན་པོ་ཆེ་མཆོག་དང་། རྣམ་གྲྭ་ཤེས་ཡོན་ ལྷན་ཚོགས། རྣམ་གྲྭ་ལྷན་སྟེང་བཅས་ལྷན་འཛོམས་ཐོག་གོ་བསྡུར་ཞིབ་ལྷུག་རིམ་པར་ བགྱིས་འབྲས་སུ་སྔར་ཡོད་འཛིན་རིམ་བཅུ་གསུམ་ལས་དྲང་ངེས་སེམས་ཙམ་འཛིན་གྲྭ་ ཕྱིར་འཐེན་གནང་ཐོག་ཕར་ཕྱིན་ལོ་རིམ་གསུམ་གསར་བཙུགས་ཀྱིས་འཛིན་རིམ་བཅོ་ལྔར་ གཏན་འབེབས་གནང་ཞིང་། ཕར་ཕྱིན་གྱི་སློབ་གཞི་ཡང་༸རྒྱལ་མཆོག་ལྔ་པ་ཆེན་པོ་ངག་ དབང་བློ་བཟང་རྒྱ་མཚོའི་གསུང་། བསྟན་བཅོས་མངོན་རྟོགས་རྒྱན་རྩ་འགྲེལ་རྣམས་གསལ་ བར་བྱེད་པ་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའ་ི སྒྲ་དབྱངས་ཀྱི་ཐོག་ནས་སློབ་
C

པར་སྐྲུན་གསལ་བཤད།
ཁྲིད་གནང་རྒྱུ་དང་། དེ་ཡང་ཕར་ཕྱིན་ལོ་རིམ་དང་པོར་ས་ལམ་དོན་བདུན་ཅུ། ཕར་ཕྱིན་ ལོ་རིམ་གཉིས་པར་སེམས་བསྐྱེད་དང་། བདེན་གཉིས། རིགས་ཀྱི་རྣམ་གཞག ཕར་ཕྱིན་ ལོ་རིམ་གསུམ་པར་བདེན་བཞི་དང་། རྟེན་འབྲེལ། སྐྱབས་གསུམ་གྱི་རྣམ་གཞག་བཅས་ སློབ་ཁྲིད་གནང་རྒྱུར་གཏན་འབེབས་བྱུང་ཡང་༸རྒྱལ་མཆོག་ལྔ་པ་ཆེན་པོའ་ིཕར་ཕྱིན་བློ་ བཟང་དགོངས་རྒྱན་ནང་རྟེན་འབྲེལ་གྱི་རྣམ་གཞག་སྐོར་ལ་དགོངས་འགྲེལ་དམིགས་བསལ་ མེད་སྟབས། དེའི་ཁ་སྐོང་དུ་རྗེ་བདག་ཉིད་ཆེན་པོའ་ིགསུང་ལེགས་བཤད་གསེར་ཕྲེང་དང་། བྱང་ཆུབ་ལམ་རིམ་ཆེན་མོ། རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་ཕར་ཕྱིན་རྣམ་ བཤད་སྙིང་པོའ་ིརྒྱན། ༸རྒྱལ་བ་དགེ་འདུན་གྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ ཀྱི་ངག་དོན་བཤད་པ་རིན་པོ་ཆེའི་ཕྲེང་བ་བཅས་ནས་རྟེན་འབྲེལ་གྱི་རྣམ་གཞག་སྐོར་ཟུར་ བཏོན་གྱིས་སློབ་དེབ་ཕྱོགས་བསྒྲིགས་དང་། སློབ་ཁྲིད་གནང་འཆར་སོགས་༸གོང་ས་ ༸སྐྱབས་མགོན་ཆེན་པོར་ལྷ་སྙན་སྒྲོན་འབུལ་དང་ཇི་དགེའི་ལམ་སྟོན་གྱི་བཀའ་སློབ་ཞུས་ པར། རིགས་ཀྱི་རྣམ་གཞག་སྐབས་རྗེ་བཙུན་པའི་རིགས་ཀྱི་རྣམ་གཞག་དང་། རྟེན་འབྲེལ་ གྱི་རྣམ་གཞག་སྐབས་མཁྱེན་གཏེར་ངག་དབང་བཀྲ་ཤིས་ཀྱི་རྟེན་འབྲེལ་སྐོར་སློབ་ཁྲིད་ དགོས་གལ་རྗེས་བརྩེའི་བཀའ་བཟང་སྤྱི་བོའ་ི མཛེས་རྒྱན་དམ་པར་ཕེབས་གསལ་བཞིན་ རིགས་དང་རྟེན་འབྲེལ་གྱི་རྣམ་གཞག་སྐོར་ཟུར་བཏོན་ཕྱོགས་བསྒྲིགས་ཞུས་ཏེ་སློབ་དེབ་ འདི་ཉིད་དེབ་ཕྲེང་བཅུ་གསུམ་པའི་ངོ་བོར་པར་སྐྲུན་ཞུས་པ་ཞིག་ཡིན།
དེ་ལྟར་ལོ་རྒྱུས་ལྡན་པའི་གྲྭ་ཚང་འདི་ཉིད་ཀྱི་སྔར་ཡོད་ཕྱག་སྲོལ་གང་ཡོད་ཐོག་ མདོ་རྒྱུད་ཀྱི་དགོངས་དོན་ལེགས་པར་རྟོགས་ཤིང་། རྒྱལ་བའི་བསྟན་པ་ཡུན་གནས་ཐུབ་
D

པར་སྐྲུན་གསལ་བཤད།
པའི་རྩ་བ་མདོ་ཕྱོགས་ལ་ལུང་རྟོགས་གཉིས་དང་། སྔགས་ཕྱོགས་ལ་བསྐྱེད་རྫོགས་གཉིས་ ཏེ་བཤད་སྒྲུབ་འཁོར་ལོ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་དགོས་པ་དོན་གྱི་སྙིང་ པོར་གཟིགས་ནས་ཐོག་མར་བསྡུས་གྲྭ་ནས་བཟུང་ལྷག་མཐོང་ཆེན་མོའ་ིབར་མདོ་ཕྱོགས་ ཀྱི་འཛིན་རིམ་བཅུ་གཅིག་དང་། ཡེ་ཤེས་རྡོ་རྗེ་ཀུན་བཏུས་དང་སྔགས་རིམ་ཆེན་མོ་སོགས་ སྔགས་ཕྱོགས་ཀྱི་འཛིན་རིམ་བཞི་བཅས་འཛིན་རིམ་བཅོ་ལྔའི་ནང་ཐོས་བསམ་སློབ་གཉེར་ བགྱིས་ཏེ་མཐར་མདོ་སྔགས་བསླབ་པ་མཐར་སོན་གྱིས་ཕྱག་འཁྱེར་ཡང་སྩལ་བཞེས་གནང་ བཞིན་ཡོད།
༸གོང་ས་མཆོག་གི་བཀའ་སློབ་ལས། དགོན་པ་གྲྭ་ཚང་གང་འདྲ་ཞིག་ཡིན་ནའང་ གང་ལྟར་སངས་རྒྱས་ཀྱི་བསྟན་པ་སྤྱིའི་རྣམ་གཞག་ཤེས་དགོས་པ་ཤིན་ཏུ་གལ་ཆེན་པོ་ ཡིན། དེ་འདྲའི་དངོས་ཡོད་གནས་ཚུལ་ཞིག་ཆགས་ཡོད་དུས། གྲྭ་ཚང་དང་རྒྱུད་གྲྭ་སྟོད་ སྨད་སོགས་དང་ཐད་ཀར་འབྲེལ་བ་ཡོད་པ་འདི་དག་རྩ་བ་སྔགས་པ་གྲྭ་ཚང་ཡིན་ཀྱང་། མཚན་ཉིད་ཀྱི་གཞུང་བལྟ་རྒྱུ་འདི་མེད་ཐབས་མེད་པ་ཞིག་ཆགས་ཡོད། དེར་བརྟེན་གཞུང་ ཆེན་མོར་ཐོས་བསམ་སློབ་གཉེར་བྱེད་པའི་སྲོལ་འཛུགས་དགོས་ཀྱི་འདུག་ཅེས་བཙུགས་ པ་རེད། ད་ལྟ་ཕན་ཆད་གྲྭ་ཚང་ལ་མཚན་ཉིད་བཙུགས་པས་ཇི་ཙམ་མི་འདུག་བརྗོད་ཀྱང་། གཞུང་སྤྱིའི་གོ་བ་སྔར་ལས་ལེགས་པ་ཆགས་ནས་ཕན་ཐོགས་ཏན་ཏན་བྱུང་ཡོད། འདིར་ སོ་སོ་གྲྭ་ཚང་ལ་སྡོད་སྐབས་གཞུང་གི་བསྟན་སྲིད་ཞབས་རིམ་བསྒྲུབ་རྒྱུས་མཚོན་གྲྭ་ཚང་ གི་ལོ་གཅིག་གི་བྱེད་སྒོའ་ིརིགས་ཚང་མ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་ དགའ་ལྡན་ཕོ་བྲང་གི་བསྟན་སྲིད་ཀྱི་ཆེད་དུ་དམིགས་པ་ཞིག་ཆགས་ཡོད་ཅེས་སོགས་
E

པར་སྐྲུན་གསལ་བཤད།
དང་། མཚན་ཉིད་ཀྱི་གཞུང་བལྟ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། དཔེ་ཆ་བལྟ་སྟངས་སྐོར་ ད་ལྟ་གྲྭ་ཚང་ལ་གོ་རིམ་བསྒྲིགས་པ་འདི་དོན་དག་ཤེས་ཐབས་གཙོ་བོར་བྱས་ཡོད་ཅེས་ སོགས་རླབས་ཆེའི་དགོངས་རྒྱ་ཆེ་བཞེས་ཀྱིས་ཟབ་གསལ་བཀའ་སློབ་གནད་སྨིན་གནང་ བ་ཇི་བཞིན་གྲྭ་ཚང་རིན་པོ་ཆེ་འདི་ཉིད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའ་ི བཀའ་ དགོངས་ཆོས་སྲིད་ཀྱི་ཞབས་འདེགས་སྤྱི་དང་། མདོ་སྔགས་ཀྱི་གཞུང་ཆེན་ལ་ཐོས་བསམ་ སློབ་གཉེར་གནང་རྒྱུ་འདི་ཡང་ཤིན་ཏུ་གལ་འགངས་ཆེ་བར་སོང་། གྲྭ་ཚང་གི་སྐུ་ཞབས་ རྣམས་དང་གཞན་ཡང་གཞུང་ལུགས་འདི་དག་ལ་དོན་གཉེར་ཅན་གྱི་སློབ་གཉེར་བ་རྣམ་ པས་མཁྱེན་རྟོགས་བདེ་བའི་སླད་དུ་འཛིན་རིམ་བཅོ་ལྔའི་དངོས་གཞི་དང་། ཟུར་ལྟའི་སློབ་ དེབ་དང་བཅས་པ་ས་བཅད་ཟུར་འདོན་དང་འབྲེལ་ཕྱོགས་བསྒྲིགས་ཐུབ་ན་རྒྱལ་བསྟན་ སྤྱི་དང་། བྱེ་བྲག་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་སློབ་ཀུན་ལ་ཐུགས་ཕན་གསོས་པ་ སོགས་ལེགས་ཚོགས་སྒོ་དུ་མར་དམིགས་ཏེ་འདི་ག་རྣམ་གྲྭ་ཤེས་ཡོན་ལྷན་ཚོགས་ནས་ དངོས་གཞིའི་སློབ་དེབ་དང་། ཟུར་ལྟའི་སློབ་དེབ་བཅས་དེབ་ཕྲེང་བཅུ་བདུན་སྔ་ཕྱིར་ཕྱོགས་ བསྒྲིགས་པར་སྐྲུན་ཞུས་ཤིང་། འདི་ལོར་རྩོམ་པ་པོའ་ིརེ་སྐུལ་ལྟར་དབུ་མ་ལ་འཇུག་པའི་ རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན་ཞེས་པ་འདི་ཉིད་ཐའེ་ཝན་ནང་པའ་ིཤེས་ཡོན་ ལྷན་ཚོགས་ནས་པར་སྐྲུན་ཞུ་རྒྱུར་སྤྱི་མོས་གཏན་འབེབས་བྱུང་བ་ལྟར་པར་སྐྲུན་ཞུས་པ་ ལགས་ན། འདིས་ཀྱང་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་རྒྱས་ ཡུན་གནས་དང་། ༸གོང་ས་མཆོག་གི་དབུས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ ༸ཞབས་པད་བརྟན་ཅིང་མཛད་འཕྲིན་མཁའ་མཉམ་ཡོང་ལ་ཁྱབ་པ། བོད་གཞིས་བྱེས་
F

པར་སྐྲུན་གསལ་བཤད།
གཉིས་ཀྱི་མངོན་འདོད་ཀྱི་རེ་སྨོན་མྱུར་དུ་འགྲུབ་སྟེ་ལེགས་ཚོགས་བཤད་སྒྲུབ་ཕུན་ཚོགས་ ཟད་མི་ཤེས་པའི་དཔལ་ལ་ལོངས་སྤྱོད་པའི་སྨོན་འདུན་དང་། སློབ་གཉེར་བ་རྣམས་ཀྱིས་ ཟབ་གསལ་གསུང་གི་བདུད་རྩི་རིམ་སྩལ་བརྗེད་མེད་སྙིང་དུ་བཅངས་ནས་རྒྱལ་བསྟན་རིན་ པོ་ཆེ་འཛིན་སྐྱོང་སྤེལ་སླད་ཐོས་བསམ་སྒོམ་སྒྲུབ་དང་། འཆད་རྩོད་རྩོམ་པ་སོགས་སྔར་ ལས་མཚན་ཉིད་ཀྱི་གཞུང་ཆེན་དག་ལ་ཐོས་བསམ་བརྩོན་པ་ཆེར་བསྐྱེད་ཡོང་བའི་འབོད་ བསྐུལ་བཅས། རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་ཤེས་ཡོན་ལྷན་ ཚོགས་ནས་བོད་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་ལུག་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༥ དགེ་བར།
G

སྔོན་དུ་གླེང་བའི་གཏམ།
སྔོན་དུ་གླེང་བའི་གཏམ།
ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་དམ་པ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་ མངའ་བདག རང་ཅག་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། གཞིས་བྱེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད། བཀའ་དྲིན་ཟླ་མེད་མཁན་ཆེན་རྡོ་ རྗེ་འཆང་ཆེན་པ་ོ༸རྒྱལ་མཆགོ ་སྐུ་ཕྲེང་བཅུ་བཞི་པ་ཆེན་པ་ོམཆགོ ་གི་ཞལ་སྔ་ནས་ དུས་དང་རྣམ་པ་ཀུན་ཏུ་རང་ཅག་ལ་ཕྱག་མཛུབ་མ་ཀེར་ཙམ་མཛད་ནས། སྐྱ་སེར་ དབྱེ་བ་མེད་པས་གཞུང་ཆེན་ལྟ་དགསོ ་པ་དང་།ལྷག་པར་དུ་རྒྱལ་བའི་བཀའ་འགྱུར་ དང་དེའི་དགོངས་འགྲེལ་བསྟན་འགྱུར་རྣམས་མཆོད་གཤོམ་གྱི་ནང་དུ་བསྒྲིགས་ ནས་མ་བཞག་པར་མར་བཏོན་ནས་སློབ་དེབ་ལ་ངོས་འཛིན་གྱིས་བལྟ་ཀློག་སློབ་ སྦྱོང་བྱེད་དགོས་པའི་བཀའ་སློབ་རིམ་སྩལ་དང་། མགོན་པོ་གང་ཉིད་ཀྱིས་གསུང་ བྱོན་ཚད་སྟོང་པ་རྟེན་འབྱུང་དང་འབྲེལ་ནས་གསུངས་པ་འབའ་ཞིག་ཡིན་པས་དེ་ དག་སྙིང་དབུས་སུ་བཅངས་ཏེ། རྗེ་བཙུན་མི་ལ་རས་པས།
ནོར་ཟང་ཟིང་གི་འབུལ་བ་བདག་ལ་མེད། ། ཕ་བླ་མའི་བཀའ་དྲིན་སྒྲུབ་པས་འཇལ། ། ཞེས་གསུངས་པ་ལྟར་བཀའ་བཞིན་སྒྲུབ་པའི་མཆོད་པར་བསམས་ནས། དབུ་མའི་
I

སྔོན་དུ་གླེང་བའི་གཏམ།
བསྟན་བཅསོ ་ཀྱི་རྒྱལ་པ་ོརྩ་བ་ཤེས་རབ་ཀྱི་དནོ ་འགྲེལ་དབུ་མ་འཇུག་པའི་རང་འགྲེལ་ ལྟ་ཁུལ་བྱེད་སྐབས་གཞུང་དེ་ནི་ཧ་ཅང་གི་ཟབ་བརླིངས་ཆེ་བས་ཅི་ཡང་ཤེས་རྒྱུ་མ་ བྱུང་བས།དེ་བཞིན་གཤེགས་པ་དབང་པའོ ་ིཏགོ ་གི་དྲུང་དུ་སྔགས་དང་འབྲེལ་བའི་ ཟབ་མ་ོདབུ་མའི་ལམ་རྒྱས་པར་བྱེད་པའི་སྨནོ ་ལམ་གྱི་མཐུ་གྲུབ་པ་འཇམ་མགནོ ་བླ་ མ་ཙོང་ཁ་ཆེན་པསོ ་དང་དདོ ་ཆེན་པའོ ་ིསྒ་ོ ནས་མཛད་པའི་ཕྱི་རྩམོ ་དབུ་མ་དགངོ ས་ པ་རབ་གསལ་རང་འགྲེལ་དང་སྦྲེལ་ནས་མཇལ་བས། དེའི་ནང་རང་འགྲེལ་གྱི་ཚིག་ རྣམས་མ་ཚང་བ་མེད་པར་བཀདོ ་ནས་ག་ོབདེ་ལ་མཐའ་ཆདོ ་པ་གསལ་བར་བཀྲལ་ འདུག་པས། རྨད་དུ་བྱུང་བའི་ལེགས་བཤད་འདིའི་ཚིག་དོན་རྣམས་འཇུག་པ་རང་ འགྲེལ་གྱི་མཆན་དུ་སྦྱར་ཐུབ་ན་བདག་དང་འདྲ་བའི་བློ་དམན་འགའ་ལ་ཅུང་ཟད་ རེ་ཕན་ཀྱང་སྲིད་ལ། ལྷག་པར་དུ་རང་ཉིད་ལ་ཟབ་དོན་གྱི་བག་ཆགས་ཕྲ་མོ་ཙམ་ འཇོག་ཐུབ་ན་དེ་ལས་དོན་ཆེ་བ་གང་ཡང་མེད་སྙམ་པའི་ཀུན་སློང་གིས་བསྔུན་ བསུས་ནས། གཙོ་བོ་ཚིག་འགྲེལ་གྱི་ཚུལ་དུ་བྱས་ནས་དགོངས་པ་རབ་གསལ་གྱི་ ཚིག་དནོ ་རྣམས་རང་འགྲེལ་གྱི་ཐད་ཀ་ཐད་ཀར་སྦྱར་ཤིང། དེ་ཡང་གཟིགས་བདེའི་ ཆེད་མཆན་རྣམས་ཡིག་ཆུང་དུ་བྱས་ནས་རང་འགྲེལ་གྱི་ཚིག་རྣམས་རང་བབས་སུ་ བཞག་ནས་གོང་འགོ ་བསྒྱུར་དགོས་པ་རྣམས་ལ་ཀ་ཁའི་མཆན་བཀོད་པ་དཔེར་ན། ༼ཁ རྒྱུའི་གཙོ་བོ་ལ་འབྲས་བུའི་མིང་གིས་བཏགས་པའི་ བཅོམ་ལྡན་འདས་ མ་ སྙིང་རྗེ་ཆེན་པོ་ ༼ཀ སངས་རྒྱས་ཉིད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་པོ། སེམས་ཅན་འཁོར་བའི་ བཙོན་རྭར་བསྡམས་པ་སྐྱབས་མེད་པ་དཔག་ཏུ་མེད་པ་མ་ལུས་པ་ཡོངས་སུ་སྐྱོབ་
II

སྔོན་དུ་གླེང་བའི་གཏམ།
པའི་མཚན་ཉིད་ཅན་ ༼ག ལ་བསྟོད་པར་འསོ ་པ་ཉིད་དུ་བསྟན་པའི་ཕྱིར། ཞེས་ པ་རྣམས་ཀ་འཕྲེང་བཞིན་ ༼ཀ སངས་རྒྱས་ཉིད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་ པོ། སེམས་ཅན་འཁོར་བའི་བཙོན་རྭར་བསྡམས་པ་སྐྱབས་མེད་པ་དཔག་ཏུ་མེད་པ་ མ་ལུས་པ་ཡོངས་སུ་སྐྱོབ་པའི་མཚན་ཉིད་ཅན་ ༼ཁ རྒྱུའི་གཙོ་བོ་ལ་འབྲས་བུའི་མིང་གིས་ བཏགས་པའི་ བཅོམ་ལྡན་འདས་ མ་ སྙིང་རྗེ་ཆེན་པོ་ ༼ག ལ་བསྟོད་པར་འསོ ་པ་ཉིད་ དུ་བསྟན་པའི་ཕྱིར། ཞེས་འདི་ལྟར་ཀློག་དགོས་པ་གཞན་ལ་རིགས་བསྒྲེས་མཁྱེན་ པར་མཛད་དགོས་པའི་གསལ་འདེབས་དང། དེ་ལྟར་འཇུག་པ་རང་འགྲེལ་དང་། དགོངས་པ་རབ་གསལ་གཉིས་སྦྲགས་ནས་ཞིབ་ཚགས་ཀྱིས་གཟིགས་ན་འཇམ་ མགོན་བླ་མ་ཙོང་ཁ་པ་ཆེན་པོས་རང་འགྲེལ་གྱི་ཚིག་དོན་རྣམས་སོར་བཞག་གིས་ འགྱུར་མི་འདྲ་བ་རྣམས་ཀྱང་ཐད་ཀ་ཐད་ཀར་བཀདོ ་ནས།དཀའ་གནད་རྣམས་བཀའ་ དང་བསྟན་བཅོས་གཞན་ལ་ཁུངས་གཏུགས་ནས་ཐག་ཆོད་པོར་གསུངས་པ་འབའ་ ཞིག་ལས།རང་བཟོའ་ིདྲི་མ་ཙམ་ཡང་མེད་པ་གསལ་པོར་མཐོང་ཐུབ་པ་ཡིན།འནོ་ ཀྱང་བདོ ་ཀྱི་མཁས་པ་འགའ་ཞིག་གིས་འཇམ་མགནོ ་བླ་མ་ཙོང་ཁ་པ་ཆེན་པརོ ་རྟགོ ་ བཟོ་ཅན་ཞེས་ཟུར་ཟ་གནང་བ་ནི་དགོས་པ་དང་རྒྱུ་མཚན་གཞན་ཡོད་སྲིད་ཀྱང། དངོས་ཡོད་གནས་ཚུལ་མཁྱེན་པར་འདོད་ན་འཇམ་མགོན་བླ་མའི་ལེགས་བཤད་ རྣམས་རྒྱ་གཞུང་དང་སྦྲེལ་ནས་ཞིབ་ཚགས་ཀྱིས་གཟིགས་ན་མཁྱེན་པར་འགྱུར་ར།ོ །
རབ་རྨོངས་བདག་ལ་འདི་ལྟར་འབྲི་བའི་ཤེས་ཚད་དང་སྤོབས་པ་ཅུང་ཟད་ ཀྱང་མེད་མོད། འནོ ་ཀྱང་སྨྱོ་ཧམ་ཆེན་པོས་བྲིས་ཐལ་ཤོར་བར་དགོངས་སེལ་ཞུ་རྒྱུ་
III

སྔོན་དུ་གླེང་བའི་གཏམ།
དང། གལ་ཏེ་འདི་ལྟར་འབད་པ་ལས་ལེགས་བྱས་ཀྱི་ཆ་ཅུང་ཟད་ཅིག་མཆིས་ན་ དེ་ནི། ༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ མཛད་འཕྲིན་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པ་དང། ད་ལྟ་རང་རེ་རྒན་ མགོ་དཀར་མན་ཆད་དང་གཞོན་སོ་དཀར་ཡན་ཆད་ཀྱིས་སྟོང་ཉིད་ཀྱི་དོན་ཤེས་ མིན་ཇི་ལྟར་ཡང་ཐམས་ཅད་ཀྱིས།རང་བཞིན་གྱིས་མེད་དེ།རྟགོ ་པས་བཏགས་ཙམ་ ཡིན་པའི་ཕྱིར་དང་། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་ཁ་ནས་མ་ཎི་ལྟར་འདོན་རྒྱུ་ ཡོད་པ་དང། ཚན་རིག་པ་མཁས་པ་དག་གིས་ཀྱང་རྟེན་འབྲེལ་གྱི་རྣམ་གཞག་ལ་ ཡིད་འཕྲོག་པའི་གཏམ་བཟང་ཀུན་ནས་སྒྲོག་པ་འདི་དག་༸རྒྱལ་མཆོག་བཅུ་བཞི་ པ་ཆེན་པའོ ་ིབཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་པས།བཀའ་དྲིན་ལ་ བྱས་པ་དྲིན་དུ་གཟ་ོ བའི་བསམ་པས་ཚེ་རབས་ཐམས་ཅད་དུ་མི་མཉེས་པ་སྐད་ཅིག་ ཀྱང་མི་སྒྲུབ་པར་བཀའ་བཞིན་སྒྲུབ་པའི་མཆདོ ་པས་མཉེས་པར་བྱེད་ནུས་པའི་རྒྱུ་རུ་ འགྱུར་བའི་སྐྱབས་འཇུག་བརྩེ་གཟིགས་ཡོང་བ་ཞུ་རྒྱུ་དང། གམ་བཅར་ཕན་བདེ་ ལེགས་བཤད་གླིང་རྣམ་རྒྱལ་གྲྭ་ཚང་ནས་བངོ ་བ་གསེར་གཟིགས་ཀྱི་ཚུལ་དུ་དཔེ་དེབ་ འདི་སྤར་བསྐྲུན་གྱི་མཛད་འཁུར་བཞེས་ཏེ་ཐའེ་ཝན་ནང་པའི་ཆསོ ་ཚོགས་ནས་པར་ བསྐྲུན་དང་།དེའི་ཐགོ ་གཤམ་དུ་མཚན་འཁདོ ་ཞུ་དག་དང་།དེབ་གཟུགས་བཟ་ོསྒྲིག་ གནང་མཁན་བཅས་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། རྨངོ ས་ བརྟུལ་བློ་བཟང་བྱམས་པས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༨ ལ་བྲིས།།
IV

དཀར་ཆག
དཀར་ཆག
༡༽ པར་སྐྲུན་གསལ་བཤད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་A ༢༽ སྔོན་དུ་གླེང་བའི་གཏམ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་I ཀ༽ སེམས་བསྐྱེད་དང་པོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་1 ཁ༽ སེམས་བསྐྱེད་གཉིས་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་47 ག༽ སེམས་བསྐྱེད་གསུམ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་63 ང༽ སེམས་བསྐྱེད་བཞི་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་83 ཅ༽ སེམས་བསྐྱེད་ལྔ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་89 ཆ༽ སེམས་བསྐྱེད་དྲུག་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་95 ཇ༽ སེམས་བསྐྱེད་བདུན་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་391 ཉ༽ སེམས་བསྐྱེད་བརྒྱད་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་393 ཏ༽ སེམས་བསྐྱེད་དགུ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་399 ཐ༽ སེམས་བསྐྱེད་བཅུ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་401 ད༽ སེམས་བསྐྱེད་དེ་དག་གིས་ཡོན་ཏན་གྱི་གྲངས་ཐོབ་པའི་དབང་དུ་བྱས་པ།་་་་་་་་་་403
༡༽ རྣམ་རྒྱལ་གྲྭ་ཚང་གི་དེབ་ཕྲེང་སྤྱིའི་དཀར་ཆག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་471 ༢༽ པར་བྱང་སྨོན་ཚིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་479 V

སེམས་བསྐྱེད་པ་དང་པོ།
༄༅། །དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་ དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།།
ན་མ་ོགུ་རུ་བྷྱ།རྟེན་ཅིང་འབྲེལ་པར་འབྱུང་བ་དབུ་མའི་ལམ།།སྨྲ་ཚེ་སྨྲ་བའི་ དབང་ཕྱུག་འཇམ་དབྱངས་ཀྱང།།ཁྱདོ ་ཀྱི་དྲུང་ན་བྱིས་པའི་བརྟུལ་བཞུགས་འཛིན།། སྨྲ་བ་ཟླ་མེད་རྒྱལ་མཆགོ ་བཅུ་བཞིར་འདུད།།དྲི་མེད་ཆསོ ་སྐུའི་ལྷ་ལམ་ཡངས་པའི་ ངསོ །།མཁྱེན་བརྩེའི་ཆུ་འཛིན་ཟབ་ཏུ་འཁྱིལ་བའི་བཅུད།།རྟེན་འབྱུང་ཆར་གྱིས་འགྲ་ོ བའི་ཚ་གདུང་སེལ།།མཉམ་མེད་སྟནོ ་པ་ཤཱཀྱ་ཐུབ་པར་འདུད།།རྒྱལ་གསུང་དྲི་མེད་ ཆུ་གཏེར་འཁྱིལ་བའི་ཀློང། །ཡོད་མེད་མཐའ་དང་བྲལ་བར་རིག་པའི་གྲུས། །ངེས་ དནོ ་ནརོ ་བུ་ལེན་པར་ལུང་བསྟན་པ།།ཤིང་རྟ་ཆེན་པ་ོཀླུ་སྒྲུབ་ཡབ་སྲས་མཆདོ །།ཐལ་ འགྱུར་སྲོལ་འབྱེད་གྲུབ་ཆེན་སངས་རྒྱས་སྐྱངས། །ཡོངས་སུ་རྫོགས་པར་སྟོན་མཛད་ ཟླ་བ་གྲགས། །སྤྲོས་མེད་རྣལ་འབྱོར་མཐར་ཕྱིན་ཞི་བ་ལྷ། །ཤིང་རྟ་ཆེན་པོ་གསུམ་ ལ་མགོས་ཕྱག་འཚལ། །རྟེན་ཅིང་འབྲེལ་འབྱུང་ཕྲ་ལ་རྟོགས་དཀའི་ལམ། །འཇམ་ དབྱངས་བླ་མའི་དྲིན་གྱིས་ཕྱོགས་འདིར་ནི། །ཡོངས་རྫོགས་མ་འདྲེས་གསལ་བར་ སྟོན་མཁས་པ། །ཆོས་རྗེ་བློ་བཟང་གྲགས་པ་སྲས་བཅས་མཆོད། །དཔལ་ལྡན་ཐལ་ འགྱུར་ལུགས་བཟང་སྨྲ་བ་ལ། །ཀླུ་སྒྲུབ་གཉིས་པ་མི་ལའི་བརྟུལ་ཞུགས་ཅན། །གྲགས་ པ་དོན་ལྡན་དྲིན་ཅན་བླ་མ་ལ། །སྙིང་ནས་འདུད་དོ་ད་དུང་དགྱེས་བརྩེས་སྐྱོབས། །
1

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
དམ་ཆོས་བདུད་རྩིས་བདག་ལ་མ་ཕན་ན། །བདག་གི་འདི་ཡིས་གཞན་ལ་ཇི་ལྟར་ ཕན།།འནོ ་ཀྱང་མཐར་འཛིན་ནད་ཀུན་སེལ་བའི་སྨན།།རྟེན་ཅིང་འབྲེལ་འབྱུང་ཐསོ ་ དང་བསམ་ལ་དགའ། །
དེ་ལ་འདིར་དབུ་མ་ལ་འཇུག་པའི་བཤད་པའི་མཆན་འགོད་པ་ལ་ རྒྱ་གར་ན་སྐད་རིགས་བཞི་ ཡོད་པའི་ལེགས་སྦྱར་བའི་སྐད་དུ། མཱདྷྱཱ་མ་ཀ་ཨ་བ་ཏཱ་ར་བྷཱཤྱཾ་ནཱ་མ། བོད་སྐད་དུ། དབུ་མ་ ལ་འཇུག་པའི་བཤད་པ་ཞེས་བྱ་བ།འཕགས་པ་འཇམ་དཔལ་གཞནོ ་གྱུར་པ་ལ་ཕྱག་ འཚལ་ལ།ོ།ཞེས་ལ་ོཙཱ་བས་འགྱུར་ཕྱག་ཏུ་འཇམ་དཔལ་ལ་ཕྱག་འཚལ་བ་ནི།གཞུང་འདི་དནོ ་དམ་པའི་ཆསོ ་ མངནོ ་པ་རྣམ་པར་བཞག་པ་ཡིན་པས།ཤེས་རབ་ཀྱི་བསླབ་པ་གཙོ་བརོ ་གྱུར་པའི་ཕྱིར།སྔནོ ་གྱི་བཀས་བཅད་པ་ དང་མཐུན་པར་མཛད་པའ།ོ །
འདིར་གང་ལ་འཇུག་པའི་དབུ་མ་ནི་རིན་ཆེན་ཕྲེང་བ་སོགས་དབུ་མའི་གཞུང་གཞན་དང་། དབུ་ མའི་གྲུབ་མཐའ་སགོ ས་དབུ་མའི་དནོ ་གཞན་ལ་མི་བྱ་བར། དགསོ ་པ་དབུ་མའི་བསྟན་བཅསོ ་རྩ་བ་ཤེས་ རབ་ལ་འཇུག་པར་བྱ་བའི་ཕྱིར།གང་ཟག་དབུ་མ་ལ་འཇུག་པ་རྩམོ ་པར་འདདོ ་པ་ཟླ་བའི་ ཞབས་ཀྱིས།གཞུང་གཞན་ལས་མཆདོ ་བརྗདོ ་ཀྱི་ཡུལ་དུ་མཛད་པའི་ཉན་རང་གཉིས།མཆདོ ་བརྗདོ ་ཀྱི་ཡུལ་དུ་ མ་བཀདོ ་པར་མ་ཟད།ཡང་དག་པར་རྫགོ ས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ རྣམས་ཀྱང་དངོས་སུ་མ་བཀོད་པ ར་དེ་ལ ས་ཀྱང་བསྟན་བཅོས་རྩོམ་པའི་ཐོག་མར། ༼ཁ རྒྱུའི་གཙོ་ བ་ོ ལ་འབྲས་བུའི་མིང་གིས་བཏགས་པའི་བཅམོ ་ལྡན་འདས་མ་སྙིང་རྗེ་ཆེན་པ་ོ ༼ཀ སངས་རྒྱས་ ཉིད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་པ།ོ སེམས་ཅན་འཁརོ ་བའི་བཙོན་རྭར་བསྡམས་ པ་སྐྱབས་མེད་པ་དཔག་ཏུ་མེད་པ་མ་ལུས་པ་ཡངོ ས་སུ་སྐྱབོ ་པའི་མཚན་ཉིད་ཅན་༼ག 2

སེམས་བསྐྱེད་པ་དང་པོ།
ལ་བསྟོད་པར་འསོ་པ་ཉིད་དུ་བསྟན་པའི་ཕྱིར། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །
སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། ། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། ། བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །
ཞེས་བྱ་བ་ལ་སགོ ས་པ་ཚིགས་སུ་བཅད་པ་ཤླ་ཽ ཀ་གཉིས་སྨསོ ་ས།ོ །དེ་ལ་ཐུབ་པའི་སྒྲ་ནི་ཉན་ རང་དགྲ་བཅམོ ་ལ་ཡང་འཇུག་མདོ ་ཀྱང།ཐུབ་པའི་དབང་པ་ོམིན་པས་༼ག གངོ ་ན་མེད་པའི་ཆསོ ་ཀྱི་ དབང་ཕྱུག་ཕུན་སུམ་ཚོགས་པ་མངའ་བས།༼ཁ ཉན་ཐསོ ་དང་རང་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་རྣམས་[པ] ལ ས་ཀྱང་དབང་ཕྱུག་དམ་པ་ཕུན་སུམ་ཚོགས་པ་ ཉིད་དང་། ༼ང ཉན་ཐོས་ལ་སོགས་པ་རྣམས་དེའི་བཀས་ཆོས་ཀྱི་སྲིད་ལ་མངའ་བསྒྱུར་ བའི་ཕྱིར། ༼ཀ སངས་རྒྱས་བཅོམ་ལྡན་འདས་རྣམས་ཁོ་ན་ལ་ཐུབ་པའི་དབང་པོ་ཞེས་ བྱ[འ་ོ]སྟེ།༼ཅ ཐུང་དབང་དེ་རྣམས་ལས་ཉན་ཐོས་ལ་སོགས་པ་དག་སྐྱེས་པ་ནི་ཐུབ་ དབང་དེ་དག་[ལ] གི ས་བསྐྲུན་པའ།ོ །ཐུབ་དབང་གིས་ཉན་རང་བསྐྲུན་ཚུལ་དེ་ཇི་ལྟར་ཡིན་ཞེ་ན། སངས་རྒྱས་རྣམས་འཇིག་རྟེན་དུ་བྱུང་བར་གྱུར་པ་སྟེ་བྱནོ ་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་ བ་ཟབ་མ་ོཕྱིན་ཅི་མ་ལགོ ་པ་སྟནོ ་པ་ལ་འཇུག་པའི་ཕྱིར་ཡིན་ལ།ཚུལ་དེ་ཉན་རང་གི་རིགས་ ཅན་རྣམས་ཀྱིས་ཉན་པ་དང་། ཐོས་པའི་དོན་སེམས་པ་དང་། བསམ་པའི་དོན་སྒོམ་པ ར་འགྱུར་ལ། དེ་འདྲ་བའི་རིམ་པ་ལས་ཀྱང་རང་འབྲས་བུ་གང་ལ་ལྷག་པར་མསོ ་པ་ཇི་ལྟ་བ་བཞིན་དུ་ཉན་ ཐསོ ་ལ་སགོ ས་པ་རྣམས་རང་གི་བྱང་ཆུབ་ཐབོ ་སྟེ་འདདོ ་པ་ཡངོ ས་སུ་རྫགོ ས་པར་འགྱུར་བའི་
3

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཕྱིར་[རོ་]ན།།དེ་གཉིས་ཐུབ་དབང་གིས་བསྐྲུན་པའ།ོ།གལ་ཏེ་ཉན་ཐསོ ་ཀྱི་རིགས་ཅན་མང་པསོ ་སངས་རྒྱས་ ལས་ཆོས་ཐོས་པའི་ཚེ་དེ་ཉིད་ལ་རང་གི་བྱང་ཆུབ་མངོན་དུ་བྱེད་ཀྱང། རང་རྒྱལ་གྱི་རིགས་ཅན་རྣམས་ཀྱིས་ ཚེ་དེ་ཉིད་ལ་རང་གི་བྱང་ཆུབ་མངོན་དུ་མི་བྱེད་པས། དེ་དག་གིས་ཐུབ་པས་གསུངས་པའི་དོན་ལ་ཐོས་བསམ་ སྒམོ ་གསུམ་བྱས་པས་རང་གི་འདདོ ་པ་རྫགོ ས་པ་མི་འཐད་ད་ོསྙམ་ན།སྐྱནོ ་མེད་དེ་གལ་ཏེ་ཡང་རང་རྒྱལ་གྱི་ རིགས་ཅན་ཁ་ཅིག་གིས་སྟོན་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཉེ་བར་བསྟན་པ་ཉན་ པ་ཁ་ོན་ལས་དནོ ་དམ་པ་རྟགོ ས་པ་ལ་མཁས་སུ་ཟིན་ཀྱང་སྟེ་མཁས་པ་བྱུང་ཡང། ཆསོ ་ཐསོ ་ པའི་མཐོང་བའི་ཆོས་ཀྱི་སྐྱེ་བ་དེ་ཁོ་ན་ལ། རང་རྒྱལ་གྱི་མྱ་ངན་ལས་འདས་པ་ཐོབ་པར་མི་ འགྱུར་མདོ ་ཀྱི། དེ་ལྟ་ན་ཡང་སངས་རྒྱས་ཀྱིས་རྟེན་འབྲེལ་ཟབ་མའོ ་ིཆསོ ་ཉེ་བར་སྟནོ ་པའི་དནོ ་ལ་ ཉན་བསམ་སྒམོ ་གསུམ་བྱས་ནས་རང་རྒྱལ་གྱི་བྱང་ཆུབ་སྒྲུབ་པ་པ་ོདག་གིས།མྱངོ ་ངེས་ཀྱི་ལས་བསགས་ པས་ལས་སགོ ་པའི་ཚེ་དེ་ཉིད་ལ་འབྲས་བུ་མ་མྱངོ ་ཡང། སྐྱེ་བ་གཞན་དུ་ལས་དེའི་རྣམ་པར་སྨིན་པ་མྱངོ ་ བར་ངེས་པའི་འབྲས་བུ་ལྟར་ཚེ་འདིར་མྱང་འདས་མ་ཐབོ ་ཀྱང་།ཚེ་རབས་གཞན་དུ་ངེས་པ་ཁ་ོ ནར་མངནོ ་པར་འདདོ ་པའི་འབྲས་བུ་ཡངོ ས་སུ་སྨིན་པ་མྱང་འདས་གརོ ་མ་ཆག་ཐབོ ་པར་ འགྱུར་ར།ོ །ཇི་སྐད་དུ་འཕགས་པ་ལྷས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་ པ་མ་ཐབོ ་ཀྱང་།།སྐྱེ་བ་གཞན་དུ་འབད་མེད་པར།།ངེས་པར་ཐབོ ་འགྱུར་ལས་བཞིན་ ན།ོ །ཞེས་བཤད་ད།ོ །དེ་ཉིད་ཀྱི་ཕྱིར་དབུ་མ་རྩ་བ་ཤེས་རབ་ལས་ཀྱང་། རྫགོ ས་སངས་རྒྱས་ རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ ནི། །རྟེན་པ་མེད་པར་རབ་ཏུ་འབྱུང་། །ཞེས་གསུངས་སོ། །དེ་ལ་ཉན་ཐོས་ནི་ཡང་དག་ པའི་གདམས་ངག་མཆགོ ་གི་སྤྲུལ་སྐུ་ལས་ཉན་ནས་གདམས་ངག་གི་དནོ ་བསྒམོ ས་པའི་འབྲས་བུ་ཉན་ 4

སེམས་བསྐྱེད་པ་དང་པོ།
ཐསོ ་ཀྱི་བྱང་ཆུབ་ཐབོ ་པ་ན།དནོ ་དེ་གཞན་ལ་ཐསོ ་པར་བྱེད་པས་ན་ཉན་ཐསོ ་[དག་]སྟེ།ཐསོ ་པར་ བྱེད་པའི་ཚུལ་ནི་འདི་ལྟར་བྱ་བ་བྱས་ས།ོ །འདི་ལས་སྲིད་པ་གཞན་མི་ཤེས་ས་ོ ཞེས་བྱ་བ་ ལ་སགོ ས་པ་གསུང་རབ་ལས་མང་དུ་འབྱུང་བ་ལྟར་ཡིན་ན།ོ །ཡང་ན་ཉན་ཐསོ ་ཀྱི་སྐད་དདོ ་སྲ་བ་ཀ་ ནི་ཐོས་སྒྲོགས་ལ་ཡང་འཇུག་པ་ལྟར་ན་འབྲས་བུའི་མཆོག་གམ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཀྱི་སར་བགྲོད་པར་བྱེད་པའི་ལམ། དེ་བཞིན་གཤེགས་པ་རྣམས་ ལས་ཐོས་ནས་ཐེག་པ་ཆེན་པོའ་ིརིགས་ཅན་ལམ་དེ་དོན་དུ་གཉེར་བ་རྣམས་ལ་སྒྲོགས་པར་ བྱེད་པས་ན་ཉན་ཐོས་དག་སྟེ། དམ་པའི་ཆོས་པདྨ་དཀར་པོའ་ིམདོ་ལས། མགོན་པོ་ དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲགས་པར་བགྱི། ། བྱང་ཆུབ་པ་ཡིས་སྒྲ་ཡང་རབ་ཏུ་བརྗདོ །།དེ་བས་བདག་ཅག་ཉན་ཐསོ ་མི་བཟད་འདྲ།། ཞེས་ཇི་སྐད་དུ་གསུངས་པ་ལྟ་བུའ།ོ །བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཉན་ཐོས་དང་ འདྲ་བའི་རྒྱུ་མཚན་དེ་ལྟ་ཡིན་མདོ ་ཀྱི།དེ་ལྟ་ན་ཡང་སངས་རྒྱས་སུ་བགྲདོ ་པའི་ལམ་དེ་བཞིན་གཤེགས་ པ་ལས་ཉན་ནས་གཞན་ལ་སྒྲོགས་པར་བྱེད་པ་ཉིད་ཡིན་གྱི། དེ་དང་རྗེས་སུ་མཐུན་པ་ཙམ་ ཡང་རང་གིས་མི་སྒྲུབ་པ་གང་ཡིན་པ་དེ་དག་ལ་ཉན་ཐསོ ་སམ་ཐསོ ་སྒྲགོ ས་ཀྱི་དནོ ་དངསོ ་སུ་འཇུག་ པ་ཡིན་པས། བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས་དངོས་ཡིན་པའི་རྒྱུ་མཚན་ལ་ཐལ་བར་ མི་འགྱུར་ར།ོ །སངས་རྒྱས་འབྲིང་ཞེས་པའི་སངས་རྒྱས་ཀྱི་སྒྲ་འདི་སངས་རྒྱས་ཀྱི་དེ་ཉིད་སྟེ་དེ་ རྟོགས་པའི་སྒྲ། ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་གསུམ་ཅར་ལ་ཡང་འཇུག་སྟེ་གོ ། དེས་ན་སངས་རྒྱས་[ཀྱི་] སྟེ་དེ་ཉིད་ རྟོགས་པའི་སྒྲས་རང་སངས་རྒྱས་དག་ཀྱང་བསྙད་དོ། །རང་སངས་རྒྱས་དེ་དག་ནི་བསྐལ་པ་
5

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
བརྒྱར་བསོད་ནམས་དང་ཡེ་ཤེས་ལ་གོམས་པ་བསྟེན་པ་གོང་ནས་གོང་དུ་ཇེ་བཟང་དུ་འཕེལ་བ་ སྟེ་འགྲ་ོབའི་ཁྱད་པར་གྱིས།ཉན་ཐསོ ་རྣམས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་སེམས་ཅན་ཐམས་ཅད་ལ་དུས་ཐམས་ཅད་དུ་ འཇུག་པའི་ཐུགས་རྗེ་ཆེན་པོ་དང་། དེ་ལ་བརྟེན་ནས་རང་ལམ་དུ་རྣམ་པ་ཐམས་ཅད་མཁྱེན་ པ་ལ་སོགས་པ་ཐོབ་པ་མེད་པས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་[པ] ལ ས་དམན་པའི་ཕྱིར་ན་འབྲིང་ངོ་། །བསོད་ནམས་དང་ཡེ་ཤེས་ཀྱི་བགྲོད་པ་ཉན་ཐོས་ལས་ཆེས་ལྷག་ པ་དེ་ཉིད་ཀྱི་ཕྱིར་དེ་དག་ནི་འདོད་པ་ཁམས་སུ་ཡང་སྲིད་པ་ཐ་མ་བའི་ཚེ། སློབ་དཔོན་གཞན་གྱིས་ གདམས་ངག་ཉེ་བར་མ་བསྟན་པར་དགྲ་བཅམོ ་པའི་ཡེ་ཤེས་འབྱུང་ཞིང་།དེ་ཡང་བདག་ཉིད་ གཅིག་པུའི་ཕྱིར་རང་ཉིད་སངས་རྒྱས་པ་སྟེ་དགྲ་བཅམོ ་ཐབོ ་པ་དང་ཐབོ ་པར་བྱེད་པས་ན།རང་ སངས་རྒྱས་ཞེས་བྱ་ལ་རང་བྱུང་ཞེས་ཀྱང་གསུངས་སོ། །ཡང་ན་སྲིད་པ་ཐ་མ་བའི་ཚེ་སློབ་དཔོན་གཞན་ གྱིས་གདམས་ངག་བསྟན་པ་ལ་མ་བལྟོས་པར་རང་སྟོབས་ཀྱིས་ཉོན་མོངས་པའི་དགྲ་ལས་རྒྱལ་བར་བྱེད་པས་ རང་རྒྱལ་ཞེས་ཀྱང་བྱའ།ོ །ཇི་སྐད་བཤད་པའི་ཚུལ་གྱིས་ཉན་ཐོས་དང་རང་སངས་རྒྱས་དེ་ དག་ནི་དེ་བཞིན་གཤེགས་པས་རྟེན་འབྲེལ་ཟབ་མོའ་ི ཆོས་བསྟན་པ་ལས་ངེས་པར་བྱུང་ བ་ཉིད་ཀྱི་ཕྱིར་ཐུབ་དབང་ལས་སྐྱེས་སོ། །ཉན་རང་གཉིས་ཐུབ་དབང་ལས་སྐྱེས་ན་ཡང་ཐུབ་ པའི་དབང་པ་ོ དེ་རྣམས་གང་ལས་བལྟམས་ཤེ་ན། སངས་རྒྱས་བྱང་ཆུབ་སེམས་དཔའ་ ལས་འཁྲུངས་ཤིང་། །ཞེས་བྱ་བ་སྨོས་སོ། །
གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་བཞིན་གཤེགས་པས་ཆསོ ་ཉེ་བར་ བསྟན་པ་ལས་སྐྱེས་པར་གྱུར་པས་རྒྱལ་བའི་སྲས་ཞེས་བརྗོད་པ་མ་ཡིན་ནམ། རྒྱལ་ 6

སེམས་བསྐྱེད་པ་དང་པོ།
བའི་སྲས་ཡིན་པ་དེའི་ཕྱིར་༼ཁ ཇི་ལྟར་༼ཀ སངས་རྒྱས་བཅམོ ་ལྡན་འདས་རྣམས་བྱང་ ཆུབ་སེམས་དཔའ་ལས་འཁྲུངས་པ་༼ག རིགས་ཏེ་མི་རིགས་ཏེ།དཔེར་ན་བུའི་ཕ་ནི་བུ་དེ་ལས་སྐྱེས་ པ་མི་རིགས་པ་བཞིན་ན་ོ [ཤེ་] ཞེ་ན། བྱང་སེམས་རྣམས་རྒྱལ་བ་འགའ་ཞིག་གི་སྲས་ཡིན་པ་འདི་ནི་བདེན་ མདོ ་ཀྱི།འནོ ་ཀྱང་རྒྱུ་མཚན་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་དག་སངས་རྒྱས་བཅམོ ་ ལྡན་འདས་རྣམས་ཀྱིས་རྒྱུར་འགྱུར་ཏེ། གནས་སྐབས་ཀྱི་ཁྱད་པར་དང་། ཡང་དག་ པར་འཛིན་དུ་འཇུག་པ་ལས་ས།ོ །དེ་ལ་གནས་སྐབས་ཀྱི་ཁྱད་པར་ལས་བྱང་ཆུབ་སེམས་ དཔའ་རྣམས་སངས་རྒྱས་ཀྱི་རྒྱུར་འགྱུར་ཚུལ་ནི།དེ་བཞིན་གཤེགས་པའི་གནས་སྐབས་ཐབོ ་པ་གང་ ཡིན་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་[ཀྱི་]སྔནོ ་དུ་འགྲ་ོབ་ཅན་གྱི་རྒྱུ་ཅན་ ཡིན་པ་ཉིད་ཀྱི་ཕྱིར་ར།ོ །འདིས་ནི་སངས་རྒྱས་དང་རྒྱུད་གཅིག་པའི་བརྒྱུད་པའི་ཉེར་ལེན་གྱི་རྒྱུའི་སྒ་ོ ནས་ བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རྒྱུར་བསྟན་ཏ།ོ །ཡང་དག་པར་འཛིན་དུ་འཇུག་པ་ལས་བྱང་ ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་རྒྱུར་འགྱུར་ཚུལ་ནི། ཇི་ལྟར་འཕགས་པ་འཇམ་དཔལ་བྱང་ ཆུབ་སེམས་དཔར་གྱུར་པ་ཉིད་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། དེ་ལས་ གཞན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་བཤེས་གཉེན་མཛད་ནས་ཆེས་ཐོག་མ་ ཁོ་ནར་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་བཅུག་པར་མདོ་སྡེ་ལས་འདོན་པ་ ཡིན་ནོ། །འདིས་ནི་བྱང་སེམས་གཞན་གྱིས་འཐོབ་བྱའི་སངས་རྒྱས་དང། རྒྱུད་ཐ་དད་པའི་བྱང་སེམས་ཀྱིས་ སངས་རྒྱས་དེའི་ལྷན་ཅིག་བྱེད་རྐྱེན་བྱས་པའི་སྒོ་ནས་སངས་རྒྱས་བྱང་སེམས་ལས་འཁྲུངས་པར་སྒྲུབ་པ་ཡིན་ ནོ། །༼ཁ དེའི་ཕྱིར་༼ཀ དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་འབྲས་བུ་མཐར་ཐུག་པ་སངས་ རྒྱས་དེའི་རྒྱུ་གཙོ་བོར་གྱུར་པ་༼ག དེ་ལ་ལྟོས་ནས་དེ་བཞིན་གཤེགས་པ་རྣམས་བྱང་
7

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཆུབ་སེམས་དཔའ་ལས་འཁྲུངས་པར་བསྟན་ཏོ། །བྱང་སེམས་རྣམས་སངས་རྒྱས་ཀྱི་རྒྱུའི་གཙོ་བོ་ ཡིན་པ་དེ་ཉིད་ཀྱི་ཕྱིར། སངས་རྒྱས་རྣམས་ཀྱིས་བྱང་སེམས་ལ་སྔགས་པ་མཛད་པ་ཡིན་ནོ་ཞེས་སྦྱར་རོ། ། བསྔགས་པ་མཛད་པའི་དགོས་པ་བཞི་ལས། དང་པོ་ནི། སངས་རྒྱས་ཀྱི་རྒྱུ་ཕུན་སུམ་ཚོགས་
པ་ནི་ཆེས་བརླིང་བ་སྟེ་ཤིན་ཏུ་གཅེས་པ་ཡིན་པའི་ཕྱིར་[ལ་] རོ། །གཉིས་པ་ནི། རྒྱུ་བྱང་ སེམས་ལ་མཆོད་པ་བརྗོད་པས་ཀྱང་། འབྲས་བུ་སངས་རྒྱས་ལ་མཆོད་པ་དོན་གྱིས་སྟེ་ ཤུགས་ཀྱིས་འཕངས་པར་དགོངས་[ཏེ་] པའི་ཕྱིར་རོ། །གསུམ་པ་ནི་༼ཁ སངས་རྒྱས་བཅོམ་ ལྡན་འདས་དེ་དག་གིས་༼ཀ སྨན་གྱི་ལྗནོ་ཤིང་ཆེན་པོ་འདདོ་པའི་འབྲས་བུ་ངེས་པར་ དཔག་ཏུ་མེད་པ་སྟེར་བ འི་ཤིང་གི་ མྱུ་གུ་དང་སྡོང་པོ་ལ་སོགས་མཐོ་ཞིང་། ཤིང་གི་ལོ་མ་ འཇམ་པའི་གནས་སྐབས་སུ་གྱུར་པ འི་དུས་ལྷག་པར་ཡང་གཅེས་སྤྲས་སུ་བྱས་ཏེ་སྐྱོང་བ་ལྟར། ༼ག སངས་རྒྱས་ཀྱི་ལྗོན་ཤིང་སྐྱེ་དགུ་ཐམས་ཅད་ཀྱི་གསོས་སུ་གྱུར་པའི་མྱུ་གུ་བྱང་སེམས་ལས་དང་པོ་བ་ལ་ ཡང་གཅེས་སྤྲས་སུ་བྱས་ཏེ། འབད་པ་ཆེན་པོས་བསྒྲིམས་ཏེ་ཡོངས་སུ་བསྐྱངས་བར་བྱ་བ་ཉིད་ དུ་བསྟན་པར་བྱ་ཞིང་སྟེ་བསྟན་པའི་ཕྱིར་རོ། །བཞི་པ་ནི། བྱང་སེམས་ལ་བསྔགས་པ་གསུང་པའི་དུས་ དེར་འཁརོ ་དུ་ཉེ་བར་གྱུར་ཅིང་།ཐེག་པ་གསུམ་ལ་བཀདོ ་པའི་སེམས་ཅན་གྱི་ཕུང་པ་ོསྟེ་ མང་པོ་རྣམས་ཉན་རང་སངས་རྒྱས་ལས་བྱུང་བ་དང་། སངས་རྒྱས་བྱང་སེམས་ལས་འཁྲུངས་པ་སོགས་རིགས་ པའི་རྣམ་གྲངས་མཐའ་ཡས་པའི་སྒ་ོནས།ཉན་རང་གི་མི་སླབོ ་ལམ་འཐབོ ་པའི་རྒྱུ་མཐར་གཏུགས་ན་བྱང་སེམས་ ཡིན་པར་དནོ ་གྱིས་ཐབོ ་པ་སགོ ས་ཀྱི་སྒ་ོནས་གདུལ་བྱ་ཐེག་པ་ཆེན་པ་ོཉིད་ལ་ངེས་པར་སྦྱར་བར་ བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་བསྔགས་པ་མཛད་པ་ཡིན་ན།ོ །ཇི་སྐད་ དུ་འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། འདོ ་སྲུངས་འདི་ལྟ་སྟེ་དཔེར་ 8

སེམས་བསྐྱེད་པ་དང་པོ།
ན་ཟླ་བ་ཚེས་པ་ལ་ཕྱག་འཚལ་བ་ལྟར་ཉ་བ་ལ་ནི་མ་ཡིན་ན།ོ །འདོ ་སྲུངས་དེ་བཞིན་ དུ་གང་དག་ང་ལ་རབ་ཏུ་དད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་ བྱའི། དེ་བཞིན་གཤེགས་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ ཆུབ་སེམས་དཔའ་རྣམས་ལས་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ངོ་། །དེ་བཞིན་ གཤེགས་པ་རྣམས་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་བྱུང་ངོ་ཞེས་ གསུངས་པ་ལྟ་བུའ།ོ །དེའི་ཕྱིར་དེ་ལྟར་ན་རྒྱུ་མཚན་སྔ་མ་གཉིས་ཀྱིས་རིགས་པ་དང་འདིས་ ནི་ལུང་དག་གིས་དེ་བཞིན་གཤེགས་པ་རྣམས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ པ་ཡིན་ནོ་ཞེས་བྱ་བ་འདི་བསྒྲུབས་པ་ཡིན་ནོ། །ཡང་གལ་ཏེ་ཉན་རང་གཉིས་ཐུབ་དབང་ལས་ དང། ཐུབ་དབང་རྣམས་བྱང་སེམས་ལས་འཁྲུངས་ན་བྱང་ཆུབ་སེམས་དཔའ་དེ་དག་ཅིའི་རྒྱུ་ཅན་ ཞིག་སྟེ་དེ་དག་གི་རྒྱུ་གང་ཡིན་ཞེ་ན།སྙིང་རྗེའི་སེམས་དང་གཉིས་སུ་མེད་བླ་ོདང་།།བྱང་ ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་བྱ་བ་སྨོས་སོ། །དེ་ལ་སྙིང་རྗེ་ནི་ཐོག་མར་ རང་ཉམས་ལ་དཔགས་ནས་འཁོར་བའི་སེམས་ཅན་རྣམས་འཁོར་བར་འཁོར་ཚུལ་བསམས་པ་ལ་བརྟེན་ནས་ སྡུག་བསྔལ་དང་བྲལ་བར་འདདོ ་པའི་བརྩེ་བ་སྟེ།འདི་ཉིད་དུ་འཆད་པར་འགྱུར་བའི་རྣམ་པ་ དང་རང་གི་ངོ་བོ་ཅན་ནོ། །གཉིས་སུ་མེད་པའི་བློ་ནི། དངོས་པོ་དང་དངོས་པོ་མེད་ པ་ལ་སོགས་པ་མཐའ་གཉིས་དང་བྲལ་བའི་དོན་རྟོགས་པའི་ཤེས་རབ་བོ། །བྱང་ཆུབ་ཀྱི་ སེམས་ནི་འཕགས་པ་ཆོས་ཀུན་འགྲོ་བའི་མདོ་ལས། བྱང་ཆུབ་སེམས་དཔས་བྱང་ ཆུབ་ཀྱི་སེམས་ལས་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བགྱིའ།ོ །ཆོས་ཐམས་ཅད་ནི་ ཆོས་ཀྱི་དབྱིངས་དང་མཉམ་པའ།ོ །གློ་བུར་དུ་བྱུང་བ་མི་གནས་པ་ཆོས་ཐམས་ཅད་
9

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ནི་ཤེས་པར་བགྱི་བ་ཙམ་དང་། ཤེས་པ་པོས་སྟོང་པའི་ཕྱིར་ཡོངས་སུ་ཤེས་པར་བགྱི་ བ་ཙམ་དུ་བས་ན་ཆོས་ཉིད་འདི་ལྟ་བུ་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་ཆུད་ པར་བྱའ་ོ སྙམ་ནས། བྱང་ཆུབ་སེམས་དཔའ་ལ་སེམས་གང་སྐྱེས་པ་འདི་ནི་བྱང་ཆུབ་ སེམས་དཔའི་བྱང་ཆུབ་ཀྱི་སེམས་ཞེས་བགྱིའ།ོ །སེམས་ཅན་ཐམས་ཅད་ལ་ཕན་པ་ དང་བདེ་བའི་སེམས་དང་། བླ་ན་མེད་པའི་སེམས་དང་། བྱམས་པས་མཉེན་པའི་ སེམས་དང་།སྙིང་རྗེས་མི་ཟླགོ ་པའི་སེམས་དང་།དགའ་བས་འགྱདོ ་པ་མ་མཆིས་པའི་ སེམས་དང་།བཏང་སྙམོ ས་ཀྱིས་དྲི་མ་མ་མཆིས་པའི་སེམས་དང་།སྟོང་པ་ཉིད་ཀྱིས་ མི་འགྱུར་བའི་སེམས་དང་། མཚན་མ་མ་མཆིས་པས་སྒྲིབ་པ་མ་མཆིས་པའི་སེམས་ དང་།སྨནོ ་པ་མ་མཆིས་པས་མི་གནས་པའི་སེམས་ཞེས་ཇི་སྐད་བསྟན་པ་བཞིན་ཆེད་ དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དནོ ་དུ་ཐབོ ་བྱ་བླ་ན་མེད་པའི་བྱང་ཆུབ་ཐབོ ་པར་འདདོ ་པ་ཡིན་ན།ོ །བྱང་ ཆུབ་སེམས་དཔའ་རྣམས་ཀྱི་གཙོ་བོའ་ིརྒྱུ་ནི་སྙིང་རྗེ་དང་། གཉིས་སུ་མེད་པའི་ཤེས་ རབ་དང་། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཆོས་གསུམ་པོ་འདི་དག་ཡིན་ནོ། །ཞེས་པ་ མགོན་པོ་ཀླུ་སྒྲུབ་ཀྱིས་དགོངས་པ་ཡིན་ཏེ། ཇི་སྐད་དུ་རིན་པོ་ཆེའི་ཕྲེང་བ་ལས། དེ་ཡི་རྩ་བ་ བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐའ་གཏུགས་པའི་ སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་པའི་ལུགས་སོ། །
བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པའི་ཡེ་ཤེས་གཉིས་ཀྱི་རྩ་བ་ཡང་སྙིང་ རྗེ་ཡིན་པའི་ཕྱིར་ན་དེ་གསུམ་གྱི་ནང་ནས་སྙིང་རྗེ་གཙོ་བ་ོཉིད་དུ་བསྟན་པར་འདདོ ་པས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཐོག་ཕུན་ཚོགས་འདིའི། །
10

སེམས་བསྐྱེད་པ་དང་པོ།
ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། ། ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། ། དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །
ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཕྱི་རོལ་གྱི་འབྲུ་ལ་སོགས་པ་འབྲས་བུ་ཕུན་སུམ་ཚོགས་ པ་འབྱུང་བ་ལ། འབྲས་བུའི་ཐོག་མ་དང་བར་དང་ཐ་མ་རྣམས་སུ་ས་བོན་དང་ཆུ་དང་ སྨིན་པ་རྣམས་གཙོ་བོ་ཉིད་དུ་གྱུར་པས་ཉེ་བར་མཁོ་བ་ཉིད་ཡིན་པ་དེ་བཞིན་དུ། བརྩེ་བ་སྙིང་རྗེ་ཆེན་པོ་ཁོ་ན་༼ཁ ཐོག་མར་གལ་ཆེ་བ་ས་བོན་དང་ནི་འདྲ་ལ། བར་དུ་གོང་ནས་གོང་དུ་ སྤེལ་བ་ལ་ཆུ་དང་འདྲ་ཞིང།ཐ་མར་གདུལ་བྱས་ཡུན་རིང་དུ་ལངོ ས་སྤྱདོ ་པའི་གནས་ལ་འབྲས་བུའི་སྨིན་པ་ལྟ་ བུ་དུས་གསུམ་ཅར་དུ་ཡང་༼ཀ རྒྱལ་བའི་ལོ་ཐོག་ཕུན་སུམ་ཚོགས་པ་བསྐྲུན་པ་ལ་༼ག ཉེ་བར་མཁ་ོ བ ར་གྱུར་པ་དེའི་ཕྱིར། ཟླ་བའི་ཞབས་བདག་གིས་ཉན་རང་དང་སངས་རྒྱས་དང། བྱང་སེམས་ དང་དེའི་རྒྱུ་གཞན་གཉིས་ལས་ཀྱང་ཐོག་མར་རམ། བསྟན་བཅོས་རྩོམ་པའི་ཐོག་མར་སྙིང་རྗེ་ཆེན་པོ་ལ་བསྟོད་ པར་བགྱིའ།ོ དེ་ཡང་ད་གཟོད་བསྟོད་པ་མིན་གྱི་དེ་མ་ཐག་ཉིད་དུ་རྒྱལ་བའི་ལོ་ཏོག་བསྐྲུན་པ་ལ། ཐོག་མཐའ་ བར་གསུམ་དུ་གལ་ཆེ་བར་སྟནོ ་པ་ཡིན་ན།ོ །ཐགོ ་མར་གལ་ཆེ་བ་ས་བནོ ་ལྟ་བུ་ཡིན་ཚུལ་ནི། འདི་ལྟར་ སྙིང་རྗེ་ཆེན་པ་ོ ཅན་ནི་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་ཀྱིས་སེམས་ཅན་ སྡུག་བསྔལ་གྱིས་མནར་བར་གྱུར་པ་མ་ལུས་པ་ཡོངས་སུ་སྡུག་བསྔལ་ལས་བསྐྱབ་པར་བྱ་ བའི་ཕྱིར། གདོན་མི་ཟ་བ་སྟེ་ཐེ་ཚོམ་མེད་པ ར་བདག་གིས་བཅུད་ཀྱི་འཇིག་རྟེན་སེམས་ ཅན་འདི་མཐའ་དག་འཁརོ ་བའི་སྡུག་བསྔལ་ནས་བཏནོ ་ཏེ།སངས་རྒྱས་ཉིད་ལ་ངེས་པར་ སྦྱར་བར་བྱའ་ོསྙམ་དུ་ཆེད་དུ་བྱ་བ་ལ་དམིགས་པའི་སེམས་བསྐྱེད་ལ།དེ་ཡང་རང་གིས་སངས་རྒྱས་ཐབོ ་
11

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
པ་ལ་རག་ལས་པར་མཐངོ ་ནས།བདག་གིས་འདི་རྣམས་ཀྱི་དནོ ་དུ་བླ་མེད་བྱང་ཆུབ་ཅིས་ནས་ཀྱང་འཐབོ ་པར་ བྱའ་ོསྙམ་དུ།བྱང་ཆུབ་ལ་དམིགས་པའི་༼ཁ ངེས་པར་༼ཀ སེམས་༼ག སྐྱེད་པར་བྱེད་ད།ོ།དེ་ འདྲ་བའི་དམ་བཅའ་བ་འདི་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་མཚོན་པའི་སྦྱིན་སགོ ས་སྤྱདོ ་ པ་སྤངས་པས་ནི་སྒྲུབ་པར་མི་ནུས་པར་མཐངོ ་ནས་གཉིས་སུ་མེད་པའི་ཡེ་ཤེས་གཙོ་བརོ ་ གྱུར་པའི་སྤྱདོ ་པ་ལ་ལ་ཡང་ངེས་པ་ཁ་ོནར་འཇུག་[སྟེ་]གོ།དེའི་ཕྱིར་སངས་རྒྱས་ཀྱི་ཆསོ ་ ཐམས་ཅད་ཀྱི་ས་བོན་ནི་སྙིང་རྗེ་ཆེན་པོ་ཉིད་ཡིན་ནོ། །དོན་དེ་ལ་དགོངས་ནས་ཇི་སྐད་དུ་ རིན་པོ་ཆེའི་ཕྲེང་བ་ལས། ཐེག་པ་ཆེན་པོ་གང་ཞིག་ལས། །སྙིང་རྗེ་སྔོན་བཏང་སྤྱོད་ པ་ཀུན། །ཡེ་ཤེས་དྲི་མ་མེད་བཤད་པ། །སེམས་ཡོད་སུ་ཞིག་དེ་ལ་སྨོད། །ཅེས་སྙིང་རྗེ་ སྔནོ ་དུ་བཏང་བའི་སེམས་བསྐྱེད་ཀྱིས་དྲངས་པའི་སྤྱདོ ་པ་སྤྱི་དང།ཁྱད་པར་དུ་མཐའ་གཉིས་ཀྱི་དམིགས་གཏད་ ཀྱི་དྲི་མ་མེད་པ་ཡེ་ཤེས་ཀྱི་སྤྱདོ ་པ་གསུམ་གྱིས་ཐེག་ཆེན་གྱི་དནོ ་ཀུན་བསྡུས་པར་གསུངས་ས།ོ །བར་དུ་གལ་ ཆེ་བ་ལ་ཆུ་དང་འདྲ་ཚུལ་ནི། སྙིང་རྗེའི་ས་བོན་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་ཐོག་མར་བསྐྱེད་དུ་ ཟིན་ཀྱང་། གལ་ཏེ་དུས་ཕྱིས་སྙིང་རྗེའི་ཆུས་ཡང་དང་ཡང་དུ་བཅུས་པར་མ་གྱུར་ན། འབྲས་བུ་སངས་རྒྱས་ཀྱི་རྒྱུར་གྱུར་པ འི་ཚོགས་གཉིས་ཡངས་པ་མ་བསགས་པ་འདི། ངེས་ པར་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པས་མྱ་ངན་ ལས་འདའ་བར་འགྱུར་ལ། སྙིང་རྗེའི་ཆུས་ཡང་ཡང་བཅུས་ན་དེ་ལྟར་མི་འགྱུར་རོ། །ཐ་མར་གལ་ཆེ་བ་ ལ་སྨིན་པ་དང་འདྲ་ཚུལ་ནི། འབྲས་བུ་མཐའ་ཡས་པའི་གནས་སྐབས་རྒྱལ་བའི་གོ་འཕང་ཐོབ་ ཏུ་ཟིན་ཀྱང་གལ་ཏེ་དུས་ཕྱིས་སྙིང་རྗེའི་ཡོངས་སུ་སྨིན་པ་དང་བྲལ་བར་གྱུར་ན་ནི། འདི་དུས་རིང་པོར་སྟེ་འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་རྣམས་ཀྱིས་ཉེ་བར་ལོངས་སྤྱོད་
12

སེམས་བསྐྱེད་པ་དང་པོ།
པར་མི་འགྱུར་ལ།ཉན་རང་དང་བྱང་སེམས་འཕགས་པའི་འབྲས་བུའི་ཚོགས་ཆེན་པ་ོརིམ་ པ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམ་པར་བར་མ་ཆད་པ་ཡུན་རིང་པོར་མངོན་ པར་འཕེལ་བར་ཡང་མི་འགྱུར་ལ། འབྲས་བུའི་སར་སྙིང་རྗེ་ཆེན་པོ་རྒྱུད་ལྡན་དུ་འཇུག་ན་དེ་ལས་ བཟློག་སྟེ་འབྱུང་བར་འགྱུར་རོ། །
ད་ནི་སྙིང་རྗེ་གསུམ་དམིགས་པའི་བྱེ་བྲག་སོ་སོ་ལ་འཇུག་པའི་སྒོ་ནས་ཀྱང་སྙིང་ རྗེའི་རང་གི་ང་ོ བའོ ་ིཁྱད་པར་མངནོ ་པར་གསལ་བར་བྱས་ཏེ་དེ་ཉིད་ལ་ཕྱག་འཚལ་བ་ བརྩམ་པར་འདདོ ་པ་ཟླ་བ་གྲགས་པས།དང་པ་ོསེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བ་ནི།
དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། ། བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། ། ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། ། འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །
ཅེས་བྱ་བ་སྨསོ ་ས།ོ།ངར་འཛིན་གྱི་འཇིག་ལྟས་ང་ཡིར་འཛིན་པའི་འཇིག་ལྟ་སྐྱེད་པས།བཅུད་ཀྱི་འཇིག་ རྟེན་སེམས་ཅན་འདི་རྣམས་ནི་དང་པརོ ་ཏེ་བདག་གི་བར་མངནོ ་པར་ཞེན་པའི་འཇིག་ལྟའི་སྔ་ རལོ ་ཉིད་དུ།ངར་འཛིན་པའི་འཇིག་ལྟས་རང་བཞིན་གྱིས་ཡདོ ་པ་མ་ཡིན་པའི་བདག་རང་ བཞིན་གྱིས་ཡདོ ་ད་ོསྙམ་དུ་ཉེ་བར་བརྟགས་ནས།ང་ཞེས་པའི་དནོ ་འདི་ཉིད་[དུ་]ལ་བདེན་ པར་མངོན་པར་ཞེན་པར་བྱེད་ཅིང་། དེའི་འགོ ་ཏུ་ང་ཡིར་འཛིན་པའི་འཇིག་ལྟས་༼ཁ འདི་ནི་ བདག་གིའ་ོསྙམ་དུ་བདག་གི་བ་ལ་བདེན་པར་༼ཀ ངར་འཛིན་[པའི་]གྱི་དམིགས་ཡུལ་ལས་ གཞན་པ་སྟེ་དེ་མིན་པའི་གཟུགས་དང་མིག་ལ་སགོ ས་པའི་དངསོ ་པའོ ་ིརྣམ་པ་མ་ལུས་པ་ལ་༼ག
13

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
མངོན་པར་ཞེན་པ་དེས་ཟོ་ཆུན་གྱི་འཕྲུལ་འཁོར་ལྟར། རང་དབང་མེད་པར་འཁོར་བའི་འགྲོ་བ་ལ་སྙིང་ རྗེར་གྱུར་པ་གང་ཡིན་པ་དེ་ལ་འདུད་དོ། །ཞེས་པ་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བའི་ དོན་ཡིན་ན།ོ །འགྲ་ོ བ་རྣམས་ཟ་ོ ཆུན་གྱི་རྒྱུད་མ་ོ དང་འདྲ་ལུགས་ཇི་ལྟར་ཡིན་སྙམ་ན། དེ་ལ་སེམས་ཅན་དང་ ཟ་ོ ཆུན་གྱི་རྒྱུད་གཉིས་ནི་འདྲ་བ་པ་ོ དང་འདྲ་ཡུལ་ཏེ་ཁྱད་པར་གྱི་གཞིའ།ོ །འདྲ་ཚུལ་ནི་དཔེ་ལ་ཐག་པས་བསྡམས་ པ་ལ་སོགས་པའི་ཁྱད་པར་གྱི་ཆོས་དྲུག་ཡོད་པ་བཞིན་དུ། དོན་ལའང་དེ་ཡོད་པར་ཕྱོགས་གཅིག་ཏུ་བསྟན་ན། ཁྱད་པར་དང་པོ་ནི། བདག་དང་བདག་གིར་མངོན་པར་ཞེན་པའི་བཅུད་ཀྱི་འཇིག་རྟེན་ འདི་ནི་ལས་དང་ཉོན་མོངས་པའི་ཐག་པས་ཆེས་དམ་དུ་བསྡམས་པ འ།ོ །གཉིས་པ་ནི། ཟ་ོཆུན་གྱི་འཁྲུལ་འཁརོ ་བསྐརོ ་མཁན་དང་འདྲ་བར་རྣམ་པར་ཤེས་པའི་བསྐྱདོ ་པ་ལ་རག་ ལས་པར་འཇུག་པ་སྟེ་དེའི་རྗེས་སུ་འགྲོ་ལྡོག་བྱེད་པའ།ོ །གསུམ་པ་ནི། འཁོར་བའི་ཁྲོན་པ་ཆེན་ པོ་སྲིད་པའི་རྩེ་མོ་ནས་མནར་མེད་པ་ལ་ཐུག་པ་ཟབ་ལ་བར་སྐབས་མེད་པར་འཕྱན་ པ་སྟེ་འཁརོ་བའ།ོ།བཞི་པ་ནི།༼ཁརང་གི་རང་ཉིད་ཀྱིས་ཏེ་ངང་གིས་༼ཀངན་འགྲ་ོཐུར་དུ་༼ག འགྲོ་བར་འཇུག་པ། བདེ་འགྲོར་ནི་འབད་པ་ཆེན་པོ ས་ཅི་ཞིག་ལྟར་དྲང་བར་བྱ་བ འ།ོ །ལྔ་ པ་ནི།མི་ཤེས་པ་སྟེ་མ་རིག་པ་ལ་སགོ ས་པ་སྲིད་ལེན་གྱི་ཉནོ ་མངོ ས་པ་དང་།འདུ་བྱེད་དང་སྲིད་ པའི་ལས་དང་། ལྷག་མ་བདུན་གྱི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་གསུམ་ཡོད་ཀྱང་། དེ་ གསུམ་སྔ་མ་དང་ཕྱི་མ་དང་བར་གྱི་རིམ་པ་མཐའ་གཅིག་ཏུ་ངེས་པར་མི་ཟིན་པ་སྟེ་མི་ནུས་ པའ།ོ །དྲུག་པ་ནི། ཉི་མ་རེ་རེ་ཞིང་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་ བསྔལ་ཉིད་དང། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དག་གིས་གཅོག་པ་སྟེ་འཇོམས་པར་བྱེད་པའི་ ཕྱིར། འགྲ་ོ བ་འདི་ནི་ཟ་ོ ཆུན་གྱི་ཁྱུད་མའོ ་ིགནས་སྐབས་ལས་མ་འདས་པར་གནས་པ་ཞིག་ 14

སེམས་བསྐྱེད་པ་དང་པོ།
[སྟེ་] གོ ། ཚུལ་དེ་ལྟར་ངེས་པ་རྙེད་པ་ལ་བརྟེན་ནས་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རང་ ཉིད་འཁོར་བར་དེ་འདྲ་བ འི་སྡུག་བསྔལ་གྱིས་མནར་ཚུལ་བསམ་ཞིང། དེ་ལ་བརྟེན་ནས་ངེས་འབྱུང་ དྲག་པ་ོ སྐྱེས་པ་ན་རང་ཉམས་ལ་དཔགས་ནས་སེམས་ཅན་གཞན་སྡུག་བསྔལ་བ་དེ་དག་གིས་མནར་ལ་ ཤིན་ཏུ་ནས་མ་བཟོད་པར་སྙིང་རྗེས་དམིགས་ནས་སྡུག་བསྔལ་དེ་དག་ལས་བསྐྱབ་པར་སྤྲོ་བ་ དེའི་ཕྱིར།བསྟན་བཅསོ ་རྩམས་པའི་ཆེས་ཐགོ ་མ་ཁ་ོནར་བཅམོ ་ལྡན་འདས་མ་སྙིང་རྗེ་ཆེན་ པོ་ལ་རབ་ཏུ་དྭངས་བས་ཕྱག་འཚལ་ལོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་༼ཁ སྙིང་རྗེ་༼ཀ སེམས་ཅན་ལ་དམིགས་པའི་༼ག ལ་ཕྱག་འཚལ་བའི་དོན་ཡིན་པའ།ོ །ཆོས་ལ་ དམིགས་པ འི་སྙིང་རྗེ་དང་དམིགས་པ་མེད་པའི་སྙིང་རྗེ་གཉིས་ཀྱི་ཁྱད་པར་ཡང་དམིགས་ པའི་སྒོ་ནས་གསལ་བར་བྱ་བའི་ཕྱིར།
འགྲོ་བ་གཡོ་བའི་ཆུ་ཡི་ནང་གི་ཟླ་བ་ལྟར། །
གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡིས། ། ཞེས་བྱ་བ་སྨོས་ཏེ། འགྲོ་བ་རླུང་གིས་གཡོ་བའི་ཆུ་ཡི་ནང་གི་ཟླ་བ་ལྟར་གཡོ་བ་སྟེ་སྐད་ཅིག་གིས་འཇིག་ པར་མཐོང་ནས། དེ་ལ་སྙིང་རྗེར་གྱུར་པ་གང་ཡིན་པ་དེ་ལ་འདུད། །ཅེས་བྱ་བ་དེ་དང་སྦྱར་བ་ ནི་ཆོས་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བའ།ོ །དེ་བཞིན་དུ་སྦྱར་བར་བྱ་བ་ནི་འགྲོ་བ་གཡོ་བ་ཆུའི་ ནང་གི་ཟླ་བ་ལྟར། རང་བཞིན་ཉིད་ཀྱིས་གྲུབ་པར་སྣང་ཡང་དེས་སྟོང་པར་མཐོང་ནས། དེ་ལ་སྙིང་རྗེར་གྱུར་པ་ དེ་ལ་འདུད་དོ་ཞེས་དམིགས་པ་མེད་པའི་སྙིང་རྗེ་ལ་ཕྱག་འཚལ་བ འ།ོ །འདི་ལྟར་ཆུ་ཤིན་ཏུ་དྭངས་ པ་རླུང་ཏེ་པོར་ཤིན་ཏུ་དྲག་པོ་མ་ཡིན་པས། ཆུའི་ཆ་ཤས་བརླབས་པས་ཁྱབ་པའི་ནང་ དུ་ཟླ་བའི་གཟུགས་བརྙན། གཟུགས་བརྙན་ལས་སྔར་དམིགས་པའི་རྟེན་གྱི་ཡུལ་ཆུ་དང་
15

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ལྷན་ཅིག་ཏུ། ཉེ་རེ་རེ་འཇིག་པ་ཟླ་བ་དང་ཆུའི་གཉེར་མ་དེ་དག་གི་དངོས་པོ་མངོན་སུམ་དུ་ དམིགས་པ་ལྟ་བུ་ཤར་བ་ན།དམ་པ་སྟེ་སྐྱེ་བོ་ཚུལ་དེ་ལ་མཁས་པ་དག་གིས་༼ཁ གཉིས་པོ་ འདི་རང་གི་བདག་ཉིད་གསལ་བར་བྱེད་པ་ལྟར་གནས་པར་མཐངོ ་[སྟེ་] ང།ོ །༼ཀ འདི་ ལྟ་སྟེ། སྐད་ཅིག་རེ་རེ་ལ་མི་རྟག་པ་ཉིད་དང་། གང་དུ་སྣང་བའི་ཟླ་བའི་རང་བཞིན་གྱིས་ སྟངོ ་པ་ཉིད་[ད་ོ]༼ག དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྙིང་རྗེའི་གཞན་[གྱི་] དབང་དུ་གྱུར་པ་རྣམས་ཀྱིས་ཀྱང་། སེམས་ཅན་འཇིག་ཚོགས་ལ་ལྟ་བའི་མཚོར་དེ་ རྒྱས་པའི་ཕྱིར་དུ་འབབ་པའི་ཆོས་ཀྱི་བདག་འཛིན་གྱི་མ་རིག་པའི་ཆུ་སྔོན་པོ་རྒྱ་ཆེ་བ་དང་ལྡན་པ། ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ཀྱི་རྣམ་པར་རྟགོ ་པའི་རླུང་གིས་རབ་ཏུ་བསྐྱདོ ་པའི་ ནང་ན་གནས་པ། ནམ་མཁའི་ཟླ་བ་ལྟ་བུའི་རང་གི་ལས་[ཀྱི་] དཀར་ནག་གི་གཟུགས་བརྙན་ ལྟ་བུར་མདུན་ན་གནས་པ་རྣམས། སྐད་ཅིག་རེ་རེ་ལ་མི་རྟག་པ་སྟེ་འཇིག་པའི་འདུ་བྱེད་ ཀྱི་སྡུག་བསྔལ་ཐགོ ་ཏུ་འབབ་པ་དང་།རང་བཞིན་གྱིས་གྲུབ་པས་སྟངོ ་པར་མཐངོ ་བ་ན། དེ་དག་གི་མི་རྟག་པ་ཉིད་ཀྱི་སྡུག་བསྔལ་འཇམོ ས་པ་ལྟ་བུར་གྱུར་པ།དམ་པའི་ཆསོ ་ ཀྱི་བདུད་རྩིའི་རོ་ཕུལ་དུ་བྱུང་བ་འབྱུང་བའི་རྒྱུ། ཕྱིན་ཅི་ལོག་གི་རྟོག་པ་མཐའ་དག་ ལགོ ་པའི་མཚན་ཉིད།འགྲ་ོབ་ཡངོ ས་ཀྱི་གཉེན་ཉིད་ཀྱི་རང་བཞིན་དུ་གྱུར་པ་སངས་ རྒྱས་ཉིད་ཡང་དག་པར་འཐོབ་པར་འདོད་པ་ཡིན་ནོ། །
༼ག དེ་དག་གིས་༼ཁ སྙིང་རྗེ་༼ཀ སེམས་ཅན་ལ་དམིགས་པའི་༼ང དང་། ཆསོ ་ལ་དམིགས་པའི་སྙིང་རྗེ་དང་།དམིགས་པ་མེད་པ་ལ་དམིགས་རྗེ་དང་གང་ཡིན་པ་དེ་ རྣམས་ལ་རབ་ཏུ་བཏུད་ནས།བྱང་ཆུབ་སེམས་དཔའ་རྣམས་ཀྱི་དནོ ་དམ་པའི་བྱང་ཆུབ་ 16

སེམས་བསྐྱེད་པ་དང་པོ།
ཀྱི་སེམས་ཀྱི་དབྱེ་བ་རྣམ་པ་བཅུ་བརྗདོ ་པར་འདདོ ་པས་དེ་བྱང་ཆུབ་ཀྱི་སེམས་དང་ པོའ་ིདབང་དུ་བྱས་ནས།
རྒྱལ་བའི་སྲས་པོ་འདི་ཡི་སེམས་གང་འགྲོ་བ་རྣམས། ། རྣམ་པར་གྲོལ་བར་བྱ་ཕྱིར་སྙིང་རྗེའི་དབང་དུ་གྱུར་ཞིང་། ། ཀུན་ཏུ་བཟང་པོའ་ིསྨོན་ལམ་རབ་བསྔོས་དགའ་བ་ལ། ། རབ་ཏུ་གནས་པ་དེ་ནི་དང་པོ་ཞེས་བྱ་འ།ོ །
ཞེས་བྱ་བ་སྨོས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་ཡི་ངོ་བོ་ཟག་པ་མ་རིག་པ་དང། དེའི་བག་ཆགས་ཀྱིས་བསླད་པ་མེད་པའི་ཡེ་ཤེས་སྙིང་རྗེ་ལ་སོགས་པས་ཡོངས་སུ་ཟིན་ པ་དེ་ཉིད་ཀྱི་ཆ་ས་ོས་ོསོར་རིམ་གྱིས་རྣམ་པར་ཕྱེས་ན་ས་ཞེས་བྱ་བའི་མིང་འཐབོ ་སྟེ།ཡནོ ་ ཏན་གྱི་རྟེན་དུ་གྱུར་པའི་ཕྱིར་ར།ོ །དེ་དག་གི་ནི་དནོ ་དམ་པའི་ས་བཅུ་ཀ་ཡང་མི་རྟགོ ་ཡེ་ཤེས་ཉིད་ལ་ འཇགོ ་པར་བསྟན་ན།ོ།དེ་[ཡང་]མཚུངས་ཀྱང་ཁྱད་པར་དང་པ།ོས་དང་པ་ོལ་ཡནོ ་ཏན་བརྒྱ་ཕྲག་བཅུ་གཉིས་ དང། གཉིས་པ་ལ་སྟོང་ཕྲག་བཅུ་གཉིས་སོགས་འཆད་པར་འགྱུར་བ་ལྟར་༼ཁ གོང་ནས་གོང་དུ་༼ཀ ཡནོ ་ཏན་གྱི་གྲངས་༼ག འཕེལ་བ་དང་། གཉིས་པ། མཐུ་ཕུལ་དུ་བྱུང་བ་གངོ ་ནས་གངོ ་དུ་ཐབོ ་ པ་དང་། དེ་ཡང་ས་སོ་སོའ་ིསྐབས་ཀྱི་དྲི་མ་སྦྱོང་བའི་སྟོབས་དང། ལམ་བགྲོད་པའི་སྟོབས་གོང་ནས་གོང་དུ་ འཕེལ་བ་ལ་བྱ་དགསོ་པ་འདྲའ།ོ།གསུམ་པ།ས་དང་པརོ་སྦྱིན་པ་ལ་སགོས་པའི་ཕ་རོལ་ཏུ་ཕྱིན་པ་ ལྷག་པ་དང་། གཉིས་པར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་པ་སགོ ས་ཕར་ཕྱིན་ལྷག་པའི་ཁྱད་པར་ར།ོ །བཞི་པ། ས་དང་པརོ ་འཛམ་བུ་གླིང་ལ་དབང་བ་དང།གཉིས་པར་གླིང་བཞི་ལ་དབང་བའི་རྒྱལ་པརོ ་སྐྱེ་བ་སགོ ས་རྣམ་ པར་སྨིན་པའི་སྐྱེ་བ་གོང་ནས་གོང་དུ་འཕེལ་བའི་[བྱེ་བྲག་གིས་] སྟེ་ཁྱད་པར་བཞིའི་སྒོ་ནས་ས་
17

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
རབ་ཏུ་དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བས་དབྱེ་བ་རྣམ་པར་བཅུར་གཞག་ [གི་] གོ ། དེས་ན་ས་སོ་སོའ་ིམི་རྟོག་ཡེ་ཤེས་ལ་ཡོན་ཏན་གྱི་གྲངས་ལ་སོགས་པའི་ནུས་པ་དམན་མཆོག་གི་ ཁྱད་པར་ཆེན་པོ་ཡོད་པས་ས་རྣམས་སོ་སོར་འཇོག་ལ། ས་སོ་སོའ་ིསྐབས་ཀྱི་རྗེས་ཐོབ་ཀྱི་ཡོན་ཏན་རྣམས་ཀྱང་ ས་དེ་དང་དེར་བསྡུ་དགོས་པས། མཉམ་གཞག་ཁོ་ན་ལ་མི་བྱའ།ོ །ས་སོ་སོར་འབྱེད་ཚུལ་དེ་ལྟར་བྱའི། དོན་དམ་ པའི་ས་འདི་རྣམས་ལ་རང་གི་ངོ་བོའ་ི དམིགས་རྣམ་མི་འདྲ་བའི་ཁྱད་པར་གྱིས་བྱས་པའི་དབྱེ་ བ་ནི་ཡོད་པ་མ་ཡིན་[ནོ་]ཏེ།ཇི་སྐད་དུ་ས་བཅུ་པའི་མདོ་ལས། ཇི་ལྟར་བར་སྣང་བྱ་རྗེས་ མཁས་རྣམས་ཀྱིས། །བརྗོད་པར་ནུས་མ་ཡིན་ཞིང་མི་མཐོང་བ། །དེ་ལྟར་རྒྱལ་བའི་ སྲས་ཀྱི་ས་ཀུན་ཀྱང་། །བརྗོད་མི་ནུས་ན་མཉན་པར་ག་ལ་ནུས། །ཞེས་བར་སྣང་གི་ནམ་ མཁའ་ལ་བྱས་བགྲདོ ་ཀྱང།བྱའི་རྗེས་འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་ངག་གིས་བརྗདོ ་པ་དང།བླསོ ་མཐངོ ་ བ་མིན་པ་བཞིན་དུ་བྱ་ལྟ་བུའི་དོན་དམ་པར་ས་རྣམས་ཀྱིས། ནམ་མཁའ་ལྟ་བུའི་ཆོས་ཉིད་ལ་བགྲོད་ཀྱང་དེའི་ བགྲོད་ཚུལ་འཕགས་པས་ཉམས་སུ་མྱོང་བ་ཇི་བཞིན་པ་ནི། འཆད་པ་པོ་འཕགས་པས་ཀྱང་བརྗོད་པར་མི་ནུས་ ན། ཉན་པ་པོ་རྣམས་ཀྱིས་གཟིགས་པ་ཇི་བཞིན་པ་མཉན་པར་མི་ནུས་པར་གསུངས་སོ། །
དེ་ལ་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ནི། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སེམས་བསྐྱེད་པ་དང་པོ་ཡིན་ལ་མཐར་ཆོས་ཀྱི་སྤྲིན་ནི་སེམས་བསྐྱེད་པ་ བཅུ་པའ།ོ །དེ་ལ་བྱང་ཆུབ་སེམས་དཔའ་ཇི་སྐད་བཤད་པའི་ཚུལ་གྱིས་འགྲོ་བ་རང་ བཞིན་མེད་པར་མཐངོ ་བ་སྙིང་རྗེའི་ཁྱད་པར་ཉིད་དུ་ཉེ་བར་གཟུང་བའི་སེམས་གང་ སྙིང་རྗེའི་གཞན་[གྱི་]དབང་དུ་གྱུར་ཅིང་།བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པའོ ་ི སྨནོ ་ལམ་གྱིས་ཡངོ ས་སུ་བསྔསོ ་པ།རབ་ཏུ་དགའ་བ་ཞེས་བྱ་བའི་མིང་ཅན་གཉིས་སུ་ 18

སེམས་བསྐྱེད་པ་དང་པོ།
མེད་པའི་ཡེ་ཤེས་དེའི་རྒྱུ་ཅན་གྱི་འབྲས་བུས་ཉེ་བར་མཚོན་པ་དེ་ལ་ནི། འཇིག་རྟེན་ལས་ འདས་པའི་སེམས་དང་པ་ོཞེས་བྱ་བར་བརྗདོ་ད།ོ།དེ་ལ་ས་བཅུ་པའི་མད་ོལས་གསུངས་པའི་སྨནོ ་ ལམ་ཆེན་པ་ོབཅུ་ལ་སགོ ས་པ་སྨནོ ་ལམ་འབུམ་ཕྲག་གྲངས་མེད་པ་ཕྲག་བཅུ་པ་ོགང་ དག་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པས་འདེབས་པ་དེ་དག་ནི་བྱང་ ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའ་ིསྨོན་ལམ་གྱི་ནང་དུ་འདུས་པ་ཡིན་ཏེ། སྨོན་ ལམ་མ་ལུས་པར་ཉེ་བར་བསྡུ་བར་བྱ་བའི་ཕྱིར་ཀུན་ཏུ་བཟང་པོའ་ིསྨོན་ལམ་ཁྱད་ པར་བཀོད་[པ་] དེ། བཟང་པོ་སྤྱོད་པའི་སྨོན་ལམ་ཡིན་ནོ། །དེའི་ནང་ནས་ཀྱང་འཇམ་དཔལ་དཔའ་ བ་ོ ཞེས་པའི་ཚིགས་བཅད་གཉིས་ནི། བསྔ་ོ བ་བླ་ན་མེད་པར་བསླབ་བཏུས་ལས་གསུངས་ས།ོ །དེ་ལ་ཇི་ལྟར་ ཉན་ཐསོ ་ཀྱི་ཐེག་པར་ཞུགས་པ་དང་།འབྲས་བུའི་ལམ་ལ་གནས་པའི་དབྱེ་བས་ཉན་ ཐོས་ཀྱི་ས་བརྒྱད་རྣམ་པར་འཇོག་པ་དེ་བཞིན་དུ། ཐེག་པ་ཆེན་པོར་ཡང་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ས་བཅུ་ཡིན་ནོ། །དོན་དམ་པའི་སེམས་མ་ བསྐྱེད་པ་ལ་དགོངས་ནས་ཡང་ཇི་ལྟར་ཉན་ཐོས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ གནས་སྐབས་སྐྱེད་པ་ནི། འབྲས་བུ་དང་པ་ོ ལ་ཞུགས་པའི་གནས་སྐབས་ཡིན་པར་མི་ འདོད་པ་དེ་བཞིན་དུ། ས་དང་པོར་དེ་མ་ཐག་ཏུ་འབྱུང་བར་འགྱུར་བའི་བྱུང་ཆུབ་སེམས་ དཔའ་ཡང་ཡིན་ཏེ།དཀནོ ་མཆགོ ་སྤྲིན་གྱི་མད་ོལས།མསོ ་པ་ཆེན་པའོ ་ིཡང་ཆེན་པསོ ་ སྤྱོད་པའི་ཆོས་ཉིད་ཀྱི་ས་དང་པོ་དེ་མ་ཐག་ཏུ་ཐོབ་པར་གནས་པ་འདི་ནི་བྱང་ཆུབ་ སེམས་དཔའི་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པའི་སའ་ོཞེས་ཇི་སྐད་གསུངས་པ་ལྟ་བུའ།ོ ། མོས་པས་སྤྱོད་པའི་སྐད་ཅིག་དེ་ལ་གནས་པ་ཡང་། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་
19

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ན་འཁརོ་ལསོ་སྒྱུར་བའི་རྒྱལ་པ་ོནི་མིའི་མདགོ་ལས་ནི་འདས་ལ།ལྷའི་མདགོ་ནི་མ་ ཐབོ ་པ་ཡིན་ཏེ།དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་པ་དང་ཉན་ཐསོ ་ དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་ནི་ཤིན་ཏུ་འདས་ལ།དནོ ་དམ་པའི་བྱང་ ཆུབ་སེམས་དཔའི་ས་ནི་མ་ཐོབ་པ་ཡིན་ནོ་ཞེས་དེ་ཉིད་ལས་རྣམ་པར་བཤད་དོ། ། གྱུར་པ། ཡང་གང་གི་ཚེ་འདི་རབ་ཏུ་དགའ་བ་ཞེས་བྱ་བ་ས་དང་པོ་ལ་ཞུགས་པར་
དེ་ནས་བཟུང་སྟེ་དེ་ནི་དེ་ཐོབ་གྱུར་པ་ཡིས། །
བྱང་ཆུབ་སེམས་དཔའ་ཞེས་བྱའི་སྒྲ་ཉིད་ཀྱིས་བསྙད་དོ། །
དནོ ་དམ་པའི་སེམས་དེ་ཐབོ ་པ་ནི་རྣམ་པ་ཐམས་ཅད་དུ་ས་ོ སའོ ་ིསྐྱེ་བའོ ་ིས་ལས་ འདས་པའི་གནས་སྐབས་སུ་དོན་དམ་པའི་བྱང་ཆུབ་སེམས་དཔའི་སྒྲ་ཁོ་ནས་བརྗོད་ པར་བྱ་བ་ཡིན་གྱི། དེ་དང་མི་མཐུན་པའི་རྣམ་པ་གཞན་གྱིས་བརྗོད་པར་བྱ་བ་ནི་མ་ཡིན་ཏེ། དེའི་ཚེ་དེ་བྱང་སེམས་འཕགས་པ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་བཅོམ་ལྡན་འདས་མ་ ཉིས་སྟོང་ལྔ་བརྒྱ་པ་ལས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་རྗེས་སུ་རྟོགས་པའི་ སེམས་དཔའི་ཚིག་བླ་དྭགས་ཏེ།གང་གིས་ཆསོ ་ཐམས་ཅད་རྗེས་སུ་རྟགོ ས་ཤིང་ཤེས་ པའ།ོ །ཇི་ལྟར་ཤེས་ཤེ་ན། མ་བྱུང་བ་དང་ཡང་དག་པར་མ་བྱུང་བ་དང་ལོག་པ་དང་ དེ་དག་ཇི་ལྟར་བྱིས་པ་སོ་སོའ་ིསྐྱེ་བོའ་ིབརྟགས་པ་དེ་ལྟ་མ་ཡིན་པ་དང་། ཇི་ལྟར་ བྱིས་པ་ས་ོ སའོ ་ིསྐྱེ་བསོ ་རྙེད་པ་དེ་ལྟ་མ་ཡིན་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ ཞེས་བྱའ།ོ །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་རྣམ་པར་མ་བརྟགས་པའ།ོ །བྱང་ཆུབ་
20

སེམས་བསྐྱེད་པ་དང་པོ།
ནི་མ་བསྒྲུབ་པའ།ོ །བྱང་ཆུབ་ནི་དམིགས་པ་མེད་པའ།ོ །རབ་ཀྱི་རྩལ་གྱིས་རྣམ་པར་ གནོན་པ། དེ་བཞིན་གཤེགས་པས་ནི་བྱང་ཆུབ་བརྙེས་པ་མེད་དེ། ཆོས་ཐམས་ཅད་ མ་རྙེད་པའི་ཕྱིར་ར།ོ །ཆསོ ་ཐམས་ཅད་མ་དམིགས་པའི་ཕྱིར་བྱང་ཆུབ་ཅེས་བྱ་སྟེ། དེ་ ལྟ་བུ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཅེས་བྱའི། ཇི་སྐད་བརྗདོ ་པ་ནི་མ་ཡིན་ན།ོ །རབ་ཀྱི་ རྩལ་གྱིས་རྣམ་པར་གནནོ ་པ།གང་དག་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སེམས་འདི་ བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའ།ོ །གང་དུ་བདག་ཅག་གིས་སེམས་བསྐྱེད་པར་བྱ་ བའི་བྱང་ཆུབ་དེ་ནི་ཡདོ ་ད་ོཞེས་བྱང་ཆུབ་ཏུ་རླམོ ་སེམས་སུ་བྱེད་པ་དེ་དག་ནི་བྱང་ ཆུབ་སེམས་དཔའ་ཞེས་མི་བྱའ།ོ །དེ་དག་ནི་སྐྱེ་བར་སེམས་དཔའ་ཞེས་བྱའ།ོ །དེ་ཅིའི་ ཕྱིར་ཞེ་ན།འདི་ལྟར་སྐྱེ་བ་ལ་མངནོ ་པར་ཞེན།སེམས་སུ་མངནོ ་པར་ཞེན།བྱང་ཆུབ་ ཏུ་མངོན་པར་ཞེན། ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའ།ོ །ཡང་བྱང་ཆུབ་ནི་ མཚན་ཉིད་མེད་པ་སྟེ། མཚན་ཉིད་ཀྱི་རང་བཞིན་དང་བྲལ་བའ།ོ །གང་གིས་འདི་ ལྟར་རྗེས་སུ་རྟོགས་པ་དེ་ནི་བྱང་ཆུབ་ཅེས་བྱའི། ཡང་ཇི་སྐད་བརྗོད་པ་ནི་མ་ཡིན་ ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་དེ་རྣམས་རྟོགས་པའི་ཕྱིར་བྱང་ཆུབ་ སེམས་དཔའ་ཞེས་བྱའ།ོ །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གང་ལ་ལ་ཞིག་ཆོས་ འདི་མ་ཤེས་ཤིང་རྗེས་སུ་མ་རྟགོ ས་བཞིན་དུ་བདག་ཉིད་ལ་བྱང་ཆུབ་སེམས་དཔའ་བྱང་ ཆུབ་སེམས་དཔའ་ོ སྙམ་དུ་ཤེས་པ་དེ་ནི་བྱང་ཆུབ་སེམས་དཔའི་ས་ལས་རིང་བ་ཡིན་ ཞིང་། དེ་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལས་རིང་བ་ཡིན་ནོ། །དེ་བཞིན་དུ་ དེ་ནི་བྱང་སེམས་དཔའི་མིང་གིས་ལྷ་དང་མི་དང་ལྷ་མ་ཡིན་གྱི་འཇིག་རྟེན་བསླུ་བ་
21

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཡིན་ན།ོ །རབ་ཀྱི་རྩལ་གྱིས་རྣམ་པར་གནནོ ་པ་འདི་ཚིག་ཙམ་གྱིས་བྱང་ཆུབ་སེམས་ དཔར་འགྱུར་ན་ནི། དེ་བས་ན་སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔར་ འགྱུར་ན།རབ་ཀྱི་རྩལ་གྱིས་རྣམ་པར་གནནོ ་པ་འདི་ནི་ངག་གི་ལས་ཙམ་མ་ཡིན་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སའ་ོཞེས་བྱ་བ་ལ་སོགས་པ་གསུངས་པ འི་ཤུགས་ ཀྱིས་ཆོས་འདི་དག་གི་དེ་ཁོ་ན་ཉིད་འཕགས་པས་རྙེད་པ་ཇི་བཞིན་དེ་ལྟར་རྙེད་པ་ཅིག །བྱང་ཆུབ་སེམས་པར་ གསུངས་པ་ཡང་དནོ ་དམ་པའི་བྱང་སེམས་ལ་དགངོ ས་ཀྱི།ས་ོསྐྱེ་ལ་བྱང་སེམས་མཚན་ཉིད་པ་མེད་པར་སྟནོ ་པ་
མ་ཡིན་ནོ། །ཇི་སྐད་དུ་བཤད་པའི་བྱང་ཆུབ་ཀྱི་སེམས་ཐོབ་པ་ནི་གནས་སྐབས་དེར་ བྱང་ཆུབ་སེམས་དཔའི་སྒྲ་ཁོ་ནས་བརྗོད་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་ཡང་།
འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུའང་སྐྱེས་པ་སྟེ། ། འདི་ཡི་ཀུན་ཏུ་སྦྱོར་བ་གསུམ་པོ་ཐམས་ཅད་སྤངས་པར་གྱུར། ། བྱང་ཆུབ་སེམས་དཔའ་དེ་ནི་དགའ་བ་མཆོག་ཏུ་གྱུར་འཆང་ཞིང་། ། འཇིག་རྟེན་ཁམས་བརྒྱ་ཀུན་ནས་གཡོ་བར་ནུས་པར་གྱུར་པའང་ཡིན། །
ས་དང་པ་ོ ལ་གནས་པ་འདི་ནི་ས་ོ སའོ ་ིསྐྱེ་བ་ོ དང་། ཉན་ཐསོ ་དང་རང་སངས་རྒྱས་ཀྱི་ས་ཐམས་ ཅད་ལས་འདས་པའི་ཕྱིར་དང་།དེ་བཞིན་གཤེགས་པའི་ས་ཀུན་ཏུ་འདོ ་ཅེས་བྱ་བའི་ རྗེས་སུ་འགྲོ་བའི་ལམ་སྐྱེས་པའི་ཕྱིར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་ པའི་རིགས་སུ་སྐྱེས་པ་ཡིན་ནོ། །དེའི་ཚེ་གང་ཟག་གི་བདག་མེད་པ་མངོན་སུམ་དུ་ མཐོང་བས། འདི་ནི་འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཚོམ་དང་། ཚུལ་ཁྲིམས་དང་ 22

སེམས་བསྐྱེད་པ་དང་པོ།
བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་བྱ་བ་ཀུན་ཏུ་སྦྱོར་བ་གསུམ་དང་ཡང་བྲལ་ བ་ཡིན་ཏེ། སླར་མི་སྐྱེ་བའི་ཕྱིར་རོ། །དེ་ནི་དེ་གསུམ་གྱི་ས་བོན་སྤངས་པར་བསྟན་ལ། འཇིག་ལྟ་ ནི་མཐོང་སྤང་དུ་གྱུར་པ་ཀུན་བརྟགས་ཡིན་གྱི་ལྷན་སྐྱེས་མིན་ནོ། །འ་ོ ན་ཕྲ་རྒྱས་ཀྱི་མཐོང་སྤངས་གཞན་ཡང་ སྤངས་པ་ལ།གསུམ་པ་ོའདི་ཙམ་སྨསོ ་པ་ཅི་ཡིན་སྙམ་ན།དེ་ཁ་ོན་ཉིད་མ་མཐངོ ་བ་ནི་བདག་ཏུ་སྒྲ་ོ བཏགས་པ་ལས་འཇིག་ཚོགས་སུ་ལྟ་བར་འགྱུར་ཞིང་། དེ་བཞིན་དུ་ཐེ་ཚོམ་གྱིས་དེ་ ལམ་གཞན་དུའང་འགྲོ་བ་སྲིད་པ་ཞིག་ན་གཞན་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ ས་དང་པོ་བ་དེ་ནི་སྔར་བཤད་པ་ལྟར་རིགས་ངེས་པ་ལ་ཞུགས་པས། དེའི་རྒྱུ་ཅན་གྱི་སྟེ་འབྲས་ བུའི་ཡནོ ་ཏན་ཐབོ ་པ་དང་།སའི་མི་མཐུན་པའི་ཕྱགོ ས་ཀྱི་སྤང་བྱའི་སྐྱནོ ་དང་བྲལ་བས་ ཐུན་མངོ ་མ་ཡིན་པའི་དགའ་བའི་ཁྱད་པར་སྐྱེས་པས།རབ་ཏུ་དགའ་བ་མང་བ་ཉིད་ ཀྱི་ཕྱིར་ན་བྱང་ཆུབ་སེམས་དཔའ་དེ་ནི་དགའ་བ་མཆགོ ་ཏུ་གྱུར་པ་སྲེལ་བ་ཡང་ཡིན་ ནོ། །རབ་ཏུ་དགའ་བ་ཁྱད་པར་དུ་འཕགས་པ་ཡོད་པའི་ཕྱིར་ན་ས་འདིས་ནི་རབ་ཏུ་ དགའ་བ་ཞེས་བྱ་བའི་མིང་ཡང་རྙེད་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་མི་གཅིག་ པ་བརྒྱ་བསྐྱོད་པར་ཡང་ནུས་སོ། །
ས་ནས་སར་གནོན་བྱེད་ཅིང་གོང་མར་རབ་ཏུ་འགྲོ་བར་འགྱུར། ། དེ་ཚེ་འདི་ཡི་ངན་འགྲོའ་ིལམ་རྣམས་མཐའ་དག་འགག་པར་འགྱུར། ། དེ་ཚེ་འདི་ཡི་སོ་སོའ་ིསྐྱེ་བོའ་ིས་རྣམས་ཐམས་ཅད་ཟད། ། འདི་ནི་འཕགས་པ་བརྒྱད་པ་ཇི་ལྟ་དེ་ལྟར་ཉེ་བར་བསྟན། །
ཞེས་བྱ་བ་ལ་འདི་ནི་ཇི་ལྟར་ཁོང་དུ་ཆུད་པའི་ཆོས་ལ་གོམས་པའི་ཕྱིར་དང་། ས་
23

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
གཉིས་པ་ལ་སོགས་པ་ལ་གནོན་པ་ལ་སྤྲོ་བ་ཆེ་བའི་ཕྱིར་ས་ནས་སར་གནོན་པ་ན་ གོང་དུ་རབ་ཏུ་འགྲོ་བར་འགྱུར་རོ། །མདོར་ན་ཇི་ལྟར་འཕགས་པ་རྒྱུན་དུ་ཞུགས་པ་ ལ་རང་དང་རྗེས་སུ་མཐུན་པའི་འཕགས་པའི་ཆསོ་རྟགོས་པ་སྟེ་ཐབོ་པ་ལས་སྐྱནོ་དང་ བྲལ་ཞིང་། རང་དང་རྗེས་སུ་མཐུན་པའི་སྤངས་པ་དང། རྟོགས་པའི་ཡོན་ཏན་འབྱུང་བར་གྱུར་བ་ དེ་བཞིན་དུ།བྱང་ཆུབ་སེམས་དཔའ་འདི་ལ་ཡང་ས་དང་པ་ོརྟགོ ས་པ་སྟེ་ཐབོ ་པ་ལས་རང་ དང་འཚམ་པའི་ཡོན་ཏན་འབྱུང་བ་དང་། སྐྱོན་ཟད་པར་རྒྱུན་དུ་ཞུགས་པའི་དཔེའི་ སྒོ་ནས་ཡོངས་སུ་གསལ་བར་བྱས་པ་ཡིན་ནོ། །
བྱང་ཆུབ་སེམས་དཔའ་འདི། རྫོགས་པའི་བྱང་ཆུབ་སེམས་ལྟ་དང་པོ་ལ་གནས་ཀྱང་། ། ཐུབ་དབང་གསུང་སྐྱེས་དང་བཅས་རང་སངས་རྒྱས་རྣམས་ནི། ། བསོད་ནམས་དག་གི་དབང་གིས་ཕམ་བྱས་རྣམ་པར་འཕེལ། །
ཞེས་བྱ་བ་གང་ཡིན་པ་འདི་ནི་སྔར་བཤད་པའི་ཡནོ ་ཏན་གྱི་ཁྱད་པར་རྣམས་ལས།ཡནོ ་ཏན་གྱི་ཁྱད་ པར་གཞན་པ་ཞིག་ཡིན་ཏེ། ཇི་སྐད་དུ་འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོའ་ིབུ་སྐྱེས་ནས་རིང་པོར་མ་ལོན་པ་རྒྱལ་ པོའ་ི མཚན་དང་ལྡན་པ་ནི་བློན་པོའ་ི ཚོགས་རྒན་པོ་གཙོ་བོར་གྱུར་པ་ཐམས་ཅད་ ཀྱང་རིགས་ཀྱི་བདག་ཉིད་ཆེ་བའི་དབང་གིས་ཟིལ་གྱིས་གནནོ ་ཏ།ོ དེ་བཞིན་དུ་བྱང་ ཆུབ་སེམས་དཔའ་ལས་དང་པ་ོབ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པ་ོམ་ལནོ ་པ། དེ་བཞིན་གཤེགས་པ་ཆསོ ་ཀྱི་རྒྱལ་པའོ ་ིརིགས་སུ་སྐྱེས་པས་ཀྱང་བྱང་ཆུབ་ཀྱི་སེམས་ 24

སེམས་བསྐྱེད་པ་དང་པོ།
དང་། སྙིང་རྗེའི་དབང་གིས་ཉན་ཐོས་དང་རང་སངས་རྒྱས་ཡུན་རིང་དུ་ཚངས་པར་ སྤྱད་པ་རྣམས་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ ལྡིང་གི་དབང་པོ་ཆེན་པོའ་ི ཕྲུག་གུ་སྐྱེས་ནས་རིང་པོ་མ་ལོན་པའི་གཤོག་པའི་རླུང་ གི་ཤུགས་དང་།མིག་ཡངོ ས་སུ་དག་པའི་ཡནོ ་ཏན་གང་ཡིན་པ་དེ་ནི་དེ་ལས་གཞན་ པའི་བྱའི་ཚོགས་མ་ལུས་པ་རྒས་པར་གྱུར་པ་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །དེ་ བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ། དེ་བཞིན་ གཤེགས་པ་ནམ་མཁའ་ལྡིང་གི་དབང་པ་ོཆེན་པའོ ་ིརིགས་ཀྱི་རྒྱུད་དུ་ཡང་དག་པར་ བྱུང་བ་ནམ་མཁའ་ལྡིང་གི་དབང་པ་ོཆེན་པའོ ་ིཕྲུག་གུ་ཐམས་ཅད་མཁྱེན་པ་ཉིད་དུ་ སེམས་བསྐྱེད་པའི་གཤགོ ་པའི་སྟབོ ས་ཀྱིས་ཕ་རལོ ་གནནོ ་པ་དང་།ལྷག་པའི་བསམ་ པ་ཡོངས་སུ་དག་པའི་མིག་གི་ཡོན་ཏན་གང་ཡིན་པ་དེ་ནི་བསྐལ་པ་བརྒྱ་སྟོང་དུ་ ངེས་པར་འབྱུང་བའི་ཉན་ཐསོ ་དང་།རང་སངས་རྒྱས་ཐམས་ཅད་ལ་ཡདོ ་པ་མ་ཡིན་ ན་ོཞེས་པ་ལ་སགོ ས་པ་གསུངས་པ་ལྟ་བུའ།ོ།མད་ོའདི་བསླབ་བཏུས་ལས།བྱང་ཆུབ་ཀྱི་སེམས་སྤྱདོ ་ པ་དང་བྲལ་བ་ལ་ཡང་བརྙས་པར་མི་བྱ་བའི་ཤེས་བྱེད་དུ་དྲངས་པའི་ཕྱིར་དང། ས་ཐོབ་པ་ལ་སེམས་བསྐྱེད་ སྤྱོད་པ་དང་བྲལ་བ་མི་སྲིད་པའི་ཕྱིར་རོ། །
དེ་ནི་རིང་དུ་སོང་བར་བློ་ཡང་ལྷག་པར་འགྱུར། ། འཕགས་པ་ས་བཅུ་པ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་རྒྱལ་ པོའ་ི རིགས་སུ་སྐྱེས་པའི་རྒྱལ་པོའ་ི བུ་རྒྱལ་པོའ་ི མཚན་དང་ལྡན་པ་ནི་སྐྱེས་པ་ཙམ་ གྱིས་རྒྱལ་པོའ་ིབྱིན་གྱིས་བློན་པོའ་ིཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་
25

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
བློའ་ིསྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །ནམ་དེ་ནར་སོན་པར་གྱུར་པ་ དེའི་ཚེ་རང་གི་བླའོ ་ིསྟབོ ས་བསྐྱེད་པས་བླནོ ་པའོ ་ིབྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་ པ་ཡིན་ན།ོ །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ བསྐྱེད་མ་ཐག་ཏུ་ལྷག་བའི་བསམ་པའི་ཆེ་བ་ཉིད་ཀྱིས་ཉན་ཐསོ ་དང་རང་སངས་རྒྱས་ ཐམས་ཅད་ཟིལ་གྱིས་གནནོ ་གྱི། རང་གི་བླའོ ་ིསྟབོ ས་ཀྱིས་རྣམ་པར་དཔྱད་པས་ནི་མ་ ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་ དཔའ་ནི་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས་ཉན་ཐསོ ་དང་རང་སངས་རྒྱས་ ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ན།ོ །ཞེས་ཇི་སྐད་གསུངས་པ་ལྟ་བུའ།ོ ། སེམས་བསྐྱེད་མ་ཐག་ཏུ་ཞེས་པ་ནི་ས་དང་པོའ་ིསྐབས་ཡིན་པས། ལྷག་པའི་བསམ་པ་དག་པའི་སེམས་བསྐྱེད་ པའ།ོ།དེའི་ཕྱིར་དེ་ལྟར་ན་ས་རིང་དུ་སངོ ་བ་ཁ་ོན་ནས་བཟུང་ནས་ནི་བྱང་ཆུབ་སེམས་ དཔས་རང་གི་བླའོ ་ིསྟབོ ས་བསྐྱེད་པས་ཀྱང་ཉན་ཐསོ ་དང་རང་སངས་རྒྱས་དག་ཟིལ་ གྱིས་གནནོ ་པར་འགྱུར་གྱི།ས་འགོ ་མ་རྣམས་སུ་ནི་མ་ཡིན་ན་ོཞེས་བྱ་བར་ཤེས་པར་ བྱའ།ོ །ཉན་རང་གི་བྱ་བ་ཐམས་ཅད་ལས་འདས་པའི་དནོ ་ནི། དེ་གཉིས་བླསོ ་ཟིལ་གྱིས་གནནོ ་པའི་དནོ ་ཡིན་ལ། བློའ་ིསྟོབས་འཆད་པ་ན་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས། ཞེས་པ་ནི་བྱང་སེམས་རང་གི་ཡུལ་འགོག་ པ་ཡང་དག་པའི་མཐའ་ཤེས་པའི་ཆེ་བའ།ོ །
ས་བཅུ་པ་ལས་ས་དྲུག་པ་མན་ཆད་དུ་རྟགོ ས་པའི་སྒ་ོནས།ཉན་རང་རྣམས་ཟིལ་གྱིས་གནནོ ་མི་ནུས་ པར་གསུངས་པའི་ལུང་འདི་ལས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་ཆོས་ ཐམས་ཅད་རང་བཞིན་མེད་པར་ཤེས་པ་ཡང་ཡོད་དོ་ཞེས་བྱ་བར་གསལ་བར་ངེས་ 26

སེམས་བསྐྱེད་པ་དང་པོ།
ཏེ། དེ་ལྟར་དེ་གཉིས་ལ་ཤེས་རབ་དེ་ཡོད་པ་མ་ཡིན་ན་༼ཁ དངོས་པོ་རང་བཞིན་མེད་པར་ ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། ༼ཀ འཇིག་རྟེན་པའི་ལམ་ཞི་རགས་ཀྱི་རྣམ་པ་ཅན་ གྱིས་སྲིད་རྩེ་མ་གཏགོ ས་པའི་ས་ལ་འདདོ ་ཆགས་དང་བྲལ་བའི་དྲང་སྲངོ ་ལྟར།ཉན་རང་དགྲ་བཅམོ ་ པ་དེ་དག་ཀྱང་དོན་དམ་པའི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་། རང་གི་བླསོ ་རྣམ་པར་དཔྱད་པས་སྟེ་རྟགོ ས་པའི་སྒ་ོནས་ཀྱང་ཟིལ་གྱིས་གནནོ ་པར་འགྱུར་ [ལ་]ཏེ།༼ག ཕྱི་རལོ ་མུ་སྟེགས་པ་བཞིན་དུ་ཉན་རང་འདི་དག་གིས་ཁམས་གསུམ་ན་སྤྱདོ ་ པའི་ཕྲ་རྒྱས་ཐམས་ཅད་ས་བནོ ་དང་བཅས་པ་སྤངས་པར་ཡང་མི་འགྱུར་ར།ོ །ཞེས་པ་ནི་སྟངོ ་ ཉིད་ལེགས་པར་རྟགོ ས་ནས་གམོ ས་པ་མེད་ན།ཉནོ ་མངོ ས་ཀྱི་ས་བནོ ་ཟད་པར་བྱེད་མི་ནུས་པ་འཇིག་རྟེན་པའི་ ལམ་ཞི་རགས་ཀྱི་རྣམ་པ་ཅན་དང་འདྲ་བར་བསྟན་ནོ། །དེ་ཁོ་ན་ཉིད་རྟོགས་པ་དང་བྲལ་ན། གཟུགས་ལ་ སོགས་པའི་ཕུང་པོ་ལ་རང་གི་ངོ་བོ་ལ་བདེན་པར་དམིགས་པས། བློ་ཕྱིན་ཅི་ལོག་ཏུ་གྱུར་ པའི་ཕྱིར། གང་ཟག་གི་བདག་མེད་མཚན་ཉིད་རྫགོ ས་པར་རྟགོ ས་པར་ཡང་མི་འགྱུར་ཏེ། བདག་ཏུ་གདགས་པའི་རྒྱུ་སྟེ་གཞི་ཕུང་པ་ོ ལ་བདེན་པར་དམིགས་པའི་ཡུལ་སུན་ཕྱུང་བ་མེད་ པའི་ཕྱིར་ར།ོ །ཇི་སྐད་དུ་རིན་པ་ོ ཆེའི་ཕྲེང་བ་ལས། །ཇི་སྲིད་ཕུང་པརོ ་འཛིན་ཡདོ ་པ། ། དེ་སྲིད་དེ་ལ་ངར་འཛིན་ཉིད།།ངར་འཛིན་ཡདོ ་ན་ཡང་ལས་ཏེ།།དེ་ལས་ཡང་ནི་སྐྱེ་ བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་ མེ་ཡི། །དཀྱིལ་འཁོར་ལྟ་བུ་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །དེ་ནི་ རང་གཞན་གཉིས་ཀ་དང་། །དུས་གསུམ་ཉིད་དུའང་མ་མཐོང་ཕྱིར། །ངར་འཛིན་པ་ ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་དང་། །ཞེས་གསུངས་ས།ོ །ཡང་། ཇི་ལྟར་
27

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
མིག་ནི་འཁྲུལ་པ་ཡིས། །མགལ་མེའི་འཁོར་ལོ་འཛིན་བྱེད་པ། །དེ་བཞིན་དབང་པོ་ རྣམས་ཀྱིས་ནི། །དེ་ལྟའི་ཡུལ་དག་འཛིན་པར་བྱེད། །དབང་པོ་དང་ནི་དབང་དོན་ རྣམས། །འབྱུང་བ་ལྔ་ཡི་རང་བཞིན་འདོད། །འབྱུང་བ་སོ་སོར་དོན་མེད་པས། །འདི་ དག་དནོ ་དུ་དནོ ་མེད་ད།ོ །འབྱུང་རྣམས་ས་ོ སརོ ་ཐ་དད་ན། །བུད་ཤིང་མེད་པའི་མེར་ ཐལ་འགྱུར། །འདུས་ན་མཚན་ཉིད་མེད་འགྱུར་ཏེ། །ལྷག་མ་ལ་ཡང་དེ་ལྟར་ངེས། །དེ་ ལྟར་འབྱུང་རྣམས་རྣམ་གཉིས་སུའང་། །དོན་མེད་པས་ན་འདུས་དོན་མེད། །འདུས་ པ་དོན་མེད་ཉིད་ཀྱི་ཕྱིར། །གཟུགས་ཀྱང་དོན་དུ་དོན་མེད་དོ། །རྣམ་ཤེས་ཚོར་དང་ འདུ་ཤེས་དང་། །འདུ་བྱེད་རྣམས་ཀྱང་ཐམས་ཅད་དུ། །སོ་སོར་བདག་ཉིད་དོན་མེད་ ཕྱིར། །དམ་པའི་དོན་དུ་དོན་མེད་དོ། །ཇི་ལྟར་སྡུག་བསྔལ་ཕྱིར་བཅོས་ལ། །དོན་དུ་ བདེ་བར་ང་རྒྱལ་བྱེད། །དེ་བཞིན་བདེ་འཇོམས་བྱུང་བ་ལ། །སྡུག་བསྔལ་དུ་ཡང་ང་ རྒྱལ་བྱེད། །དེ་ལྟར་ངོ་བོ་ཉིད་མེད་ཕྱིར། །བདེ་དང་ཕྲད་པའི་སྲེད་པ་དང་། །སྡུག་ བསྔལ་བྲལ་བའི་སྲེད་པ་སྤོང་། །དེ་ཕྱིར་དེ་ལྟར་མཐོང་བ་གྲོལ། །གང་གིས་མཐོང་ བར་འགྱུར་ཞེ་ན། །ཐ་སྙད་དུ་ནི་སེམས་ལ་བརྗོད། །སེམས་འབྱུང་མེད་པར་སེམས་ མེད་དེ། །དོན་མེད་ཕྱིར་ན་ཡོད་མི་འདོད། །དེའི་རྐང་པ་དང་པོ་གཉིས་ཀྱིས་ནི་ཕུང་པོ་ལ་བདེན་ པར་འཛིན་པ་ཇི་སྲིད་ཡོད་པ་དེ་སྲིད་དུ། དེ་ལས་ངར་འཛིན་པའི་འཇིག་ལྟ་འབྱུང་བར་བསྟན་པས། འཇིག་ལྟ་ མ་ལུས་པ་ཟད་པ་ལ་ཕུང་པོ་བདེན་འཛིན་ཟད་དགོས་པར་བསྟན་ཏེ། དེའི་ཚེ་ཉན་རང་དགྲ་བཅོམ་པས་ཀྱང་ ཕུང་པོ་བདེན་འཛིན་ཟད་པར་སྤངས་པར་ཤེས་སོ། །དེ་ལྟར་ན་བདེན་འཛིན་གྱི་ཞེན་ཡུལ་སུན་མ་ཕྱུང་བར་དུ། འཇིག་ལྟའི་ཞེན་ཡུལ་སུན་མི་ཕྱིན་པས།ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་ལ་ཐུན་མངོ ་དུ་གྲགས་པའི་གང་ཟག་ 28

སེམས་བསྐྱེད་པ་དང་པོ།
གི་བདག་མེད་ནི། རགས་པའི་གང་ཟག་གི་བདག་ཙམ་བཀག་པ་ཡིན་གྱི། ཕྲ་བའི་གང་ཟག་གི་བདག་མེད་མིན་ པར་ཤེས་ས།ོ །དེའི་ཕྱིར་སླབོ ་དཔནོ ་འདིའི་ལུགས་ཀྱིས་ཉན་རང་གིས་གང་ཟག་གི་བདག་མེད་རྟགོ ས་ཚུལ་གྲུབ་ མཐའ་སྨྲ་བ་གཞན་དང་འདྲ་བ་བཟུང་ནས། ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་ལ་མི་མཐུན་པར་སྨྲ་བས་ ནི། འདིའི་ལུགས་ལེགས་པར་མ་རྟོགས་པ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་ལྟ་བ་དང་བྲལ་བ་ལ་གང་ཟག་གི་བདག་ མེད་པ་རྟོགས་པ་ཡང་མི་འགྱུར་བའི་ཕྱིར་རོ། །དེ་ནས་རྐང་པ་གཉིས་ཀྱིས་འཇིག་ལྟ་ཡོད་པས་དེའི་དབང་གིས་ འཁོར་བར་འཆིང་བའི་ལས་གསོག་པ་དང། དེ་ལས་ལས་དབང་གིས་འཁོར་བར་སྐྱེ་བར་གསུངས་ཏེ། དེ་ཡང་ ཕུང་པ་ོལ་བདེན་འཛིན་གྱི་ཞེན་ཡུལ་སུན་མ་ཕྱིན་པའི་དབང་དུ་མཛད་ཀྱི།སྤྱིར་འཇིག་ལྟ་ཡདོ ་ཙམ་ལ་མིན་ཏེ། ས་བདུན་པའི་བར་དུ་འཇིག་ལྟ་ཡོད་ཀྱང། ས་དང་པོ་ནས་ལས་དབང་གིས་སྐྱེ་བ་མི་ལེན་པའི་ཕྱིར་རོ། །གཞུང་ དེ་དག་གིས་ནི་དེ་ཁ་ོན་ཉིད་ཀྱི་ལྟ་བ་སྒམོ ་པ་དང་བྲལ་ན།འཇིག་ལྟ་ཟད་པར་བྱེད་མི་ནུས་པར་བསྟན་པས།མི་ རྟག་སགོ ས་བཅུ་དྲུག་གི་ལམ་ཙམ་ལས་མེད་ན་ཉནོ ་མངོ ས་ཟད་པར་སྤངོ ་བ་མེད་པ་བསྟན་ན།ོ །དེ་ལྟར་ཐུན་མངོ ་ བ་ཡིན་པའི་གང་ཟག་གི་བདག་མེད་ཀྱི་འཇགོ ་ཚུལ་མཛད་ཕྱིན་ཆད།གང་ཟག་གི་བདག་མེད་ཐུན་མངོ ་བ་ཙམ་ གྱི་དབང་དུ་མཛད་ནས།འཇིག་ལྟ་ལ་སགོ ས་པའི་ངསོ ་འཛིན་མཛད་པའི་ཉནོ ་མངོ ས་ཀྱི་རྣམ་གཞག་རྣམས་སརོ ་ བཞག་ཏུ་མཛད་ན།ཐུན་མངོ ་མ་ཡིན་པའི་གྲུབ་མཐའ་མཐའ་མ་ཆདོ ་པའི་ནརོ ་པ་ཆེན་པརོ ་གྱུར་པས།དེ་ལ་མཁས་ པའི་དབང་པ་ོའདི་འཁྲུལ་བ་ག་ལ་སྲིད།དེས་ན་ཉན་རང་ལ་ཆསོ ་ཀྱི་བདག་མེད་རྟགོ ས་པ་ཡདོ ་པར་བཤད་པའི་ གཞུང་འཛུགས་པར་སྒམོ ་ཞིང།ཉནོ ་མངོ ས་ཀྱི་རྣམ་གཞག་ལ་ཐུན་མངོ ་མ་ཡིན་པའི་འཇགོ ་ཚུལ་ཡདོ ་དམ་མེད་ སྙམ་པ་ཙམ་ཡང་མི་སྐྱེ་བའི་འདིའི་རྗེས་འབྲང་རྣམས་ནི། ལུགས་འདི་ལ་དད་པ་ཙམ་དུ་ཟད་ད།ོ །འདིས་མཚོན་ ནས་གཞན་ཡང་མང་དུ་སྣང་བ་རྣམས་ལེགས་པར་རྩད་གཅད་པར་བྱའ།ོ །ལམ་གསུམ་ནི་ཉོན་མོངས་དང་ལས་ དང་སྐྱེ་བའི་ཀུན་ཉནོ ་གསུམ་མ།ོ །དེ་གསུམ་ལ་ཐགོ ་མཐའ་དང་དབུས་མེད་པ་ནི་ཉནོ ་མངོ ས་ལས་ལས་དང། དེ་
29

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ལས་སྡུག་བསྔལ་སྐྱེ་ཞིང་སྡུག་བསྔལ་ལས་ཀྱང་དེའི་རིགས་འདྲ་དང།ཉནོ་མོངས་སོགས་སྐྱེ་བའི་ཕྱིར་ཕར་སྐྱེ་ ཚུར་སྐྱེ་བྱེད་པས། སྔ་ཕྱིའི་རིམ་པ་ངེས་པ་མེད་པ་སྟེ། ཕན་ཚུན་གྱི་རྒྱུ་ཅན་གྱི་དནོ ་ན།ོ །རྟེན་འབྲེལ་དེ་ནི་རང་དང་ གཞན་དང་གཉིས་ཀ་ལས་སྐྱེ་བ་མེད་ལ།དེ་ཡང་དུས་གསུམ་གར་ཡང་རང་བཞིན་གྱིས་སྐྱེ་བ་མ་ཐབོ ་པ་སྟེ་མེད་ པ་མཐོང་བའམ། མ་མཐོང་བའི་ཕྱིར་ཏེ། རྒྱུ་མཚན་གྱིས་ངར་འཛིན་པའི་འཇིག་ལྟ་ཟད་པས་འཁོར་བར་འཁོར་ བ་ལྡོག་གོ །དེའི་འགོ ་ཏུ་ཕུང་ཁམས་སོགས་རང་བཞིན་མེད་པར་གཏན་ལ་ཕབ་པའི་མཐར་དེ་ལྟར་ཡང་ དག་ཇི་བཞིན་དུ། །འགྲོ་བའི་དོན་མེད་ཤེས་ནས་ནི། །རྒྱུ་མེད་པ་ཡི་མེ་བཞིན་དུ། ། གནས་མེད་ལེན་མེད་མྱ་ངན་འདའ། །ཞེས་དེ་ཁོ་ན་ཉིད་ཀྱི་དོན་མཐོང་ནས་མྱ་ངན་ལས་འདའ་ བར་གསུངས་ས།ོ །ཅི་སྟེ་བྱང་ཆུབ་སེམས་དཔའ་རྣམས་ཁ་ོ ནས་དེ་ལྟར་རང་བཞིན་མེད་ པར་མཐོང་བ་ཡིན་ནོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། ཉན་ཐོས་དང་རང་སངས་ རྒྱས་རྣམས་ཀྱིས་དབང་དུ་བྱས་ནས་དེ་སྐད་དུ་གསུངས་པའི་ཕྱིར་རོ། །འདི་ཇི་ལྟར་ ཤེས་ཤེ་ན།བརྗདོ ་པར་བྱ་སྟེ།མཇུག་ཐགོ ས་ཁ་ོནར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ དབང་དུ་མཛད་ནས། དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་། །མཐོང་ནས་བྱང་ཆུབ་ ངེས་པར་འདདོ །།འནོ ་ཀྱང་དེ་ནི་སྙིང་རྗེ་ཡིས།།བྱང་ཆུབ་བར་དུ་སྲིད་མཚམས་སྦྱརོ །། ཞེས་བྱ་བ་ལ་སགོ ས་པ་གསུངས་པའི་ཕྱིར་ར།ོ །འགྲེལ་པ་འདིར་དྲངས་པའི་རིན་ཆེན་འཕྲེང་བའི་ གཞུང་རྣམས་ནི་སྔ་འགྱུར་མི་ལེགས་པར་འདུག་གོ།ཉན་ཐསོ ་ལ་བསྟན་པའི་མད་ོདག་ལས་ཀྱང་། ཉན་ཐསོ ་རྣམས་ཀྱི་ཉནོ ་མངོ ས་པའི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར།གཟུགས་ནི་དབུ་ བ་རྡསོ ་པ་འདྲ།།ཚོར་བ་ཆུ་ཡི་ཆུ་བུར་བཞིན།།འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ།།འདུ་བྱེད་ རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་
30

སེམས་བསྐྱེད་པ་དང་པོ།
སྩལ་ཏོ། །ཞེས་བྱ་བ་ལ་སོགས་པས་དབུ་བ་རྡོས་པ་དང་། ཆུ་ཡི་ཆུ་བུར་དང་། སྨིག་ རྒྱུའི་ཆུ་དང་། ཆུ་ཤིང་གི་ཕུང་པོ་དང་སྒྱུ་མ་ལ་སོགས་པའི་དཔེ་ལྔ་པོ་དག་གིས་འདུ་ བྱེད་རྣམས་[ངེས་] རང་བཞིན་མེད་པར་དཔྱད་པ་ཡིན་ནོ། །བྱང་ཆུབ་སེམས་འགྲེལ་ལས། སྟོན་ པས་ཉན་ཐོས་རྣམས་ལ་ཕུང་པོ་ལྔ་དང། བྱང་སེམས་རྣམས་ལ་གཟུགས་དབུ་བ་སོགས་ལྔ་དང་འདྲ་བར་བཤད་ ཅེས་ཁྱད་པར་ཕྱེ་བ་ནི།རེ་ཞིག་དེ་ཁ་ོན་ཉིད་རྟགོ ས་མི་ནུས་པའི་ཉན་ཐསོ ་ལ་དགངོ ས་ཀྱི་ཉན་ཐསོ ་ཐམས་ཅད་ལ་ མིན་ཏེ། དེ་ཉིད་ལས། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པ་རྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བཙོན་ རྭར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ཐེག་དམན་གྱི་སྡེ་སྣོད་དུ་ཆོས་རང་ བཞིན་མེད་པའི་དོན་འདི་ཉིད་སྟོན་པར་མཛད་པ་ནི། སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས། རིན་ཆེན་འཕྲེང་བ་ལས། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། ། ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་ཐེག་ཆེན་གྱི་མདོ་ སྡེ་ལས་རང་བཞིན་གྱིས་སྐྱེ་བ་མེད་པ་སྟོང་ཉིད་དུ་བསྟན་པ་དང། གཞན་ཏེ་ཐེག་དམན་གྱི་མདོ་ལས་ནི་སྟོང་ པ་ཉིད་སྟནོ ་པ་ན།འདུས་བྱས་ཟད་པར་བསྟན་པས་སྟངོ ་པ་ཉིད་སྟནོ ་པ་གཉིས་དནོ ་གཅིག་པས།ཐེག་ཆེན་ལས་ སྟོང་ཉིད་བསྟན་པ་ལ་མི་བཟོད་པར་མ་བྱེད་ཅེས་བྱ་བ་དང་། དེ་བཞིན་དུ། རྩ་ཤེ་ལས། བཅོམ་ལྡན་ དངོས་དང་དངོས་མེད་པ། །མཁྱེན་པས་ཀཱ་ཏྱཱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་ པ་དང་། །མེད་པ་གཉིས་ཀ་དགག་པ་མཛད། །ཅེས་གསུངས་པ་འདིས་ཀྱང་ཐེག་དམན་གྱི་ མདོ་ལས་མཐའ་གཉིས་བཀག་པ་གསུངས་པར་སྟོན་ཏེ། མདོ་འདི་ནི་ལུང་ཕྲན་ཚེགས་ན་སྣང་ངོ། །དེ་དག་ཀྱང་ མཚོན་པ་ཙམ་ཡིན་གྱི། རིན་ཆེན་འཕྲེང་བ་ན་འདིར་མ་དྲངས་པ་དུ་མ་ཞིག་དང། རིགས་པ་དྲུག་ཅུ་པ་དང། བསྟོད་པའི་ཚོགས་ལས་ཀྱང་དུ་མ་ཞིག་གསུངས་སོ། །
31

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
གང་ཞིག་གལ་ཏེ་ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ཆོས་ལ་བདག་མེད་པ་ བསྟན་ན། དེའི་ཚེ་ཐེག་པ་ཆེན་པོ་བསྟན་པ་དོན་མེད་པར་འགྱུར་རོ་སྙམ་དུ་སེམས་ པ་དེའི་ལུགས་དེ་ཡང་འདི་ལྟར་རིགས་པ་དང་ལུང་དང་འགལ་བར་རྟགོ ས་ས།ོ །ཞེས་ པའི་ཕྱགོ ས་སྔ་སྨྲ་བ་ནི་སློབ་དཔོན་ལེགས་ལྡན་ཡིན་ཏེ། སངས་རྒྱས་བསྐྱངས་ཀྱིས་རབ་བྱེད་བདུན་པའི་འགྲེལ་ པར་ཐེག་དམན་གྱི་མདརོ ་ཆསོ ་ཐམས་ཅད་བདག་མེད་པར་གསུངས་པའི་དནོ །ཆསོ ་རྣམས་ང་ོབ་ོཉིད་ཀྱིས་གྲུབ་ པ་མེད་པའི་དོན་དུ་བཤད་པ་ལ། ཤེས་རབ་སྒྲོན་མར་དེ་ལྟ་ཡིན་ན་ཐེག་ཆེན་བསྟན་པ་དོན་མེད་དུ་འགྱུར་རོ་ ཞེས་དགག་པ་མཛད་དོ། །དེ་ལ་སྤྱིར་ཐེག་ཆེན་བསྟན་པ་དོན་མེད་དུ་འགྱུར་ཟེར་རམ། ཐེག་ཆེན་དུ་ཆོས་ཀྱི་ བདག་མེད་བསྟན་པ་དོན་མེད་དུ་འགྱུར་ཟེར། དང་པོ་ལྟར་ན་ནི། ཐལ་བ་དེ་ལ་ཁྱབ་པ་ཡོད་ན་ནི། ཐེག་པ་ ཆེན་པ་ོབསྟན་པས་ནི་ཆསོ ་ལ་བདག་མེད་པ་ཙམ་འབའ་ཞིག་སྟནོ ་པར་བྱེད་པ་འགྱུར་ ན། དེ་ནི་མ་ཡིན་གྱི། འ་ོན་ཅི་ཞེ་ན། ཐེག་ཆེན་ལས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ ས་རྣམས་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ འི་སྤྱོད་པ་དང་། སྨོན་ལམ་དང་༼ཁ སྙིང་རྗེ་ཆེན་པོ་ལ་སོགས་པ་དང་༼ཀ ཡོངས་སུ་བསྔོ་བ་རླབས་པོ་ཆེ་རྣམས་དང་། ༼ག ཚོགས་གཉིས་རླབས་པ་ོཆེ་དང་།བྱང་སེམས་ཀྱི་མཐུ་རྨད་དུ་བྱུང་བ་ས་ོསྐྱེ་དང།ཉན་རང་གིས་བསམ་ གྱིས་མི་ཁྱབ་པའི་ཆསོ ་ཉིད་ཀྱང་སྟནོ ་པའི་ཕྱིར་ཡིན་[ན་ོ]ཏེ།ཇི་སྐ་དུ་རིན་པ་ོཆེའི་འཕྲེང་ བ་ལས།ཉན་ཐསོ ་ཐེག་པ་དེ་ལས་ནི།།བྱང་ཆུབ་སེམས་དཔའི་སྨནོ ་ལམ་དང་།།སྤྱདོ ་ པ་ཡངོས་བསྔ་ོམ་བཤད་དེས།།བྱང་ཆུབ་སེམས་དཔར་ག་ལ་འགྱུར།།བྱང་ཆུབ་སྤྱདོ་ ལ་གནས་པའི་དནོ །།མད་ོསྡེ་ལས་ནི་བཀའ་མ་སྩལ།།ཐེག་པ་ཆེ་ལས་བཀའ་སྩལ་པ།། དེ་ཕྱིར་མཁས་པ་རྣམས་ཀྱིས་གཟུང་། །ཞེས་གསུངས་ས།ོ །འདི་ནི་ཐེག་དམན་གྱི་སྡེ་སྣདོ ་ནས་ 32

སེམས་བསྐྱེད་པ་དང་པོ།
བཤད་པའི་ལམ་ཉིད་ཀྱིས་སངས་རྒྱས་སུ་བགྲོད་ནུས་པས། ཐེག་ཆེན་གཞན་མི་དགོས་སོ་སྙམ་པའི་ལོག་རྟོག་ སེལ་བ་ལ་གསུངས་ལ།ཁྱདོ ་ལྟར་ན་ཐེག་ཆེན་ལས་ཆསོ ་ཀྱི་བདག་མེད་གསུངས་པས་ཐེག་དམན་གྱི་གཞུང་ནས་ བཤད་པས་མི་ཆགོ ་ཅེས་གསུང་དགསོ ་པ་ལ།དེ་མ་གསུངས་པར་རྒྱ་ཆེ་བའི་ཕྱགོ ས་གཞན་གསུངས་ས་ོཞེས་པའ།ོ །གལ་ཏེ་ཕྱོགས་གཉིས་པ་ལྟར་ན་ནི་དེ་ལ་ཡང་ཁྱབ་པ་མེད་དེ། ཆོས་ཀྱི་བདག་མེད་པ་གསལ་བར་ བྱ་བའི་ཕྱིར་ཐེག་པ་ཆེན་པ་ོབསྟན་པ་ཡང་རིགས་པ་ཉིད་དེ།༼ཁ ཐེག་ཆེན་ལས་ནི་ཆསོ ་ ཀྱི་བདག་མེད་སྒོ་དུ་མ་ནས་ཤིན་ཏུ་རྒྱས་པར་བསྟན་པ་བརྗོད་པར་འདོད་པའི་ཕྱིར་རོ། །༼ཀ ཉན་ཐོས་ཀྱི་ཐེག་པ་ལ་ནི་ཆོས་ཀྱི་བདག་མེད་པ་མདོར་མཚོན་པ་ཙམ་ཞིག་ཏུ་ཟད་ [དོ་] ལ། ༼ག དེ་ཡང་འཕགས་པའི་བཞེད་པ་ཡིན་ཏེ། ཇི་སྐད་དུ་སློབ་དཔོན་གྱི་ཞལ་སྔ་ནས་ ཀྱིས་འཇིག་རྟེན་ལས་འདས་པར་བསྟོད་པ་ལས། མཚན་མ་མེད་པ་མ་རྟོགས་པར། །ཁྱོད་ཀྱིས་ ཐར་པ་མེད་པར་གསུངས།།དེ་ཕྱིར་ཁྱདོ ་ཀྱིས་ཐེག་ཆེན་ལས།།དེ་ནི་ཚང་བར་བསྟན་ པ་ལགས། །ཞེས་གསུངས་སོ། །དེའི་རྐང་པ་དང་པོ་གཉིས་ཀྱིས་མཚན་མེད་ཀྱི་དེ་ཁོ་ན་ཉིད་མ་རྟོགས་ པར་ཉནོ ་མངོ ས་ཟད་པ་མེད་པས་ཐར་པ་ཐབོ ་པ་མེད་པར་བསྟན་ན།ོ །ཁྱདོ ་ཀྱིས་ཞེས་སགོ ས་ཀྱིས་ཐེག་ཆེན་ལས་ མཚན་མེད་ཆསོ ་ཀྱི་བདག་མེད་ཚང་བར་ཏེ་རྫགོ ས་པར་བསྟན།ཞེས་པས་ཐེག་དམན་དུ་ནི་ཆསོ ་ཀྱི་བདག་མེད་ རྫོགས་པར་མ་བསྟན་པར་ཤེས་སོ། །འ་ོ ན་དེ་ཕྱིར་ཞེས་པ་རྫོགས་པར་བསྟན་པའི་རྒྱུ་མཚན་དུ་འགྲོ་ཚུལ་ཇི་ལྟར་ ཡིན་སྙམ་ན། མཚན་མེད་མ་རྟོགས་པར་ཉོན་མོངས་ཟད་པའི་ཐར་པ་མི་འཐོབ་པས་ན། ཉན་ཐོས་ཀྱི་ཐེག་པར་ ཡང་ཆོས་ཀྱི་བདག་མེད་བསྟན་དགོས་ལ། དེ་ལ་ཐེག་པ་ཆད་ཆུང་གི་ཁྱད་པར་ཡང་དགོས་པ་དེའི་ཕྱིར་ཞེས་ བཤད་དགོས་སོ། །དེ་དག་གིས་ནི་སུན་འབྱིན་པའི་ཐལ་བ་དང་། དེས་བཟློག་པ་འཕངས་པ་གཉིས་ལ་ཁྱབ་བྱེད་ མ་ངེས་པའི་སུན་འབྱིན་ལྟར་སྣང་དུ་བསྟན་པ་ནི། རིགས་པ་དང་འགལ་བའ།ོ །ལུང་དང་འགལ་བ་ནི་སྔར་བཤད་
33

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཟིན་ཏ།ོ །དེས་ན་ཐེག་ཆེན་པས་ནི་རྩ་ཤེ་ལས་གསུངས་པ་བཞིན་དུ། །གཞི་གཅིག་བདེན་མེད་དུ་སྒྲུབ་པ་ལ་ཡང། སྒྲུབ་བྱེད་ཀྱི་རིགས་པ་མི་འདྲ་བ་མཐའ་ཡས་པས་བསྒྲུབས་པས། དེ་ཁོ་ན་ཉིད་ལ་བློ་ཤིན་ཏུ་རྒྱས་པར་འགྱུར་ལ། ཐེག་དམན་ལ་ནི་རིགས་པ་མདོར་བསྡུས་པ་ཞིག་གིས་དེ་ཁོ་ན་ཉིད་ཚད་མས་གྲུབ་ན། སྔ་མ་ལྟར་མི་བྱེད་པས་ དེ་ཁོ་ན་ཉིད་ལ་བློ་རྒྱས་པ་མེད་པས་རྒྱས་བསྡུས་དང། བདག་མེད་སྒོམ་པ་རྫོགས་མ་རྫོགས་སུ་གསུངས་སོ། །དེ་ ལྟར་འངོ ་བ་ཡང་ཉན་རང་རྣམས་ནི།ཉནོ ་མངོ ས་ཙམ་སྤངོ ་བའི་ཕྱིར་བརྩནོ ་པ་ཡིན་ལ།དེ་ལ་ནི་དེ་ཁ་ོན་ཉིད་ཀྱི་ དོན་མདོར་བསྡུས་པ་དེ་ཙམ་ཞིག་རྟོགས་པས་ཆོག་གོ །ཐེག་ཆེན་པ་ཤེས་སྒྲིབ་སྤོང་བ་ལྷུར་ལེན་པས། དེ་ལ་དེ་ ཁོ་ན་ཉིད་ལ་ཤེས་རབ་མཆེད་ནས་བློ་ཤིན་ཏུ་རྒྱས་པ་ཞིག་དགོས་པ་ཡིན་ནོ། །ཞར་ལ་འངོ ས་པས་ཆོག་ གོ །དེ་ཉིད་ཀྱི་ཕྱིར་བློ་མ་དཀྲུགས་པ་རྣམས་ཀྱིས་རང་ཉིད་ཀྱི་དོན་གྱི་དེ་ཁོ་ན་ཉིད་ ཁོང་དུ་ཆུད་པར་ནུས་པས་དཀྱུས་མ་ཉིད་བརྗོད་པར་བྱའ།ོ །
དེ་ཚེ་དེ་ལ་རྫོགས་སངས་བྱང་ཆུབ་རྒྱུར། །
དང་པོ་སྦྱིན་པ་ཉིད་ནི་ལྷག་པར་འགྱུར། ། བྱང་ཆུབ་སེམས་དཔའ་ས་རབ་ཏུ་དགའ་བ་ཐོབ་པ་དེ་ལ། སྦྱིན་པ་དང་ཚུལ་ཁྲིམས་ དང་བཟདོ ་པ་དང་བརྩནོ ་འགྲུས་དང་བསམ་གཏན་དང་ཤེས་རབ་དང་།ཐབས་དང་ སྨོན་ལམ་དང་། སྟོབས་དང་ཡེ་ཤེས་ཞེས་བྱ་བ་བཅུ་པོ་དག་ལས་སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པ་ཉིད་དེ་ཁོ་ན[ས་]ཆེས་ལྷག་པར་ཡོད་པར་འགྱུར་ཏེ། དེ་ལ་ཕར་ཕྱིན་གཞན་ རྣམས་མེད་པ་ནི་མ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་སྦྱིན་པ་དེ་ཡང་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་རྒྱུ་དང་པ་ོ སྟེ། དེ་ཡང་འཇིག་རྟེན་ལས་འདས་པའི་དབང་དུ་བྱས་པ་ཡིན་ན།ོ ། སྤྱིར་ཕར་ཕྱིན་སྔ་མ་རྣམས་ལས་ཕྱི་མ་རྣམས་ལྷག་པ་ཡིན་ཀྱང། ས་འདིར་སྦྱིན་པ་ལྷག་པར་གསུངས་པ་ནི། ས་
34

སེམས་བསྐྱེད་པ་དང་པོ། འདིེར་སྦྱིན་པ་ཉམས་སུ་ལེན་པ་ལ་མཐུ་ཕུལ་དུ་བྱུང་བ་དེའི་ཚོད་ཙམ་ཚུལ་ཁྲིམས་ལ་སགོ ས་པ་ཉམས་སུ་ལེན་པ་ ལ་མེད་པའི་དནོ ་ཏེ།ས་དང་པརོ ་བདག་གི་ལུས་དང།ཕྱིའི་ཡ་ོབྱད་གཏངོ ་བ་ལ་སྦྱིན་པའི་ཕར་ཕྱིན་དང་འགལ་ བའི་ཀུན་འཛིན་གྱི་ཆགས་པ་ཅུང་ཟད་ཀྱང་མི་འབྱུང་བར་གསུངས་པ་ལྟར་སྤྱོད་ནུས་ཀྱང། ས་གཉིས་པར་རྨི་ ལམ་ན་ཡང་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱགོས་འཆལ་ཁྲིམས་ལ་གཏན་མི་སྤྱདོ་པ་ལྟར་མི་ནུས་པའ།ོ།ཡང་ས་དེར་
སྣང་དུ་མི་རུང་བའི་རྟོགས་པ་སྦྱིན་པས་དཔོག་པ་ནི། རང་ཤ་སྟེར་ལའང་གུས་པར་བྱས་པ་ཡི། །
སྣང་དུ་མི་རུང་དཔོག་པའི་རྒྱུར་ཡང་གྱུར། ། དེའི་ཚེ་བྱང་ཆུབ་སེམས་དཔའ་དེའི་ཡོན་ཏན་གང་ཟག་གཞན་ཕལ་ཆེ་བ་ལ་སྣང་རུང་མ་ ཡིན་པས་ས་ཐབོ ་པ་སགོ ས་ནང་གི་རྟགོ ས་པ་ལ་སགོ ས་པ་གང་དག་ཡིན་པ་དེ་དག་ཀྱང་ཕྱི་ དང་ནང་གི་བདག་ཉིད་ཀྱི་དངསོ ་པ་ོགཏངོ ་བའི་ཁྱད་པར་གྱི་རྗེས་སུ་དཔག་པ་ཉིད་ ལས་གསལ་བར་དཔགོ ་པར་བྱེད་པ་ཡིན་ཏེ།དུ་བ་ལ་སགོ ས་པ་ལས་མེ་ལ་སགོ ས་པ་ དག་དཔགོ ་པ་བཞིན་ན།ོ །འདིས་ནི་ལུས་སྲགོ ་དང་ལངོ ས་སྤྱདོ ་གཏངོ ་བ་ལ་ཀུན་འཛིན་གྱི་དྲི་མ་མེད་པར་ བསྟན་ཏེ། དེ་ལྟར་བཏང་ཡང་རྒྱུད་རྣམ་པ་གཞན་དུ་མི་འགྱུར་བར་བརྟན་པར་གནས་པའི་ཕྱིར་རོ། །
ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་སངས་རྒྱས་ཉིད་ཀྱི་རྒྱུ་དང་ པ་ོདང་།མངནོ ་སུམ་མ་ཡིན་པའི་ཡནོ ་ཏན་ངེས་པའི་རྟགས་ཡིན་པ་དེ་བཞིན་དུ།ས་ོ སོའ་ི སྐྱེ་བོ་དང་ཉན་དང་རང་སངས་རྒྱས་རྣམས་ཀྱི་ཡང་སྡུག་བསྔལ་ཕྱིར་བཅོས་པ་ དང་། གཏན་དུ་བའི་བདེ་བ་ཐོབ་པའི་རྒྱུ་ཡིན་ནོ་ཞེས་བསྟན་པར་འདོད་པས།
སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་། །
35

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། ། ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། ། ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །
ཞེས་བྱ་བ་སྨོས་པ་ལ། བཀྲེས་པ་དང་སྐོམ་པ་དང་ནད་དང་གྲང་བ་ལ་སོགས་པའི་ གཉེན་པོ། སྡུག་བསྔལ་ཕྱིར་བཅོས་པ་ཙམ་སྲིད་པའི་བདེ་བ་འབྱུང་བའི་རྒྱུ་འཆིང་ བ་ཕྱིན་ཅི་ལོག་ཙམ་གྱིས་བདག་ཉིད་ཀྱི་རྒྱུན་ཉེ་བར་བརྟགས་པས། ཉེ་བར་འཚེ་བ་ བསལ་བ་བདེ་བའི་བདག་ཉིད་མ་ཡིན་པ་ཉིད་ལ་འཇིག་རྟེན་ཤིན་ཏུ་ཆེས་མངནོ ་པར་ ཞེན་ལ།དེ་ལྟ་བུའི་བདེ་བ་མངནོ ་པར་འདདོ ་པ་དེའི་བདེ་བ་སྡུག་བསྔལ་ཕྱིར་བཅསོ ་ པ་ཙམ་གྱི་རང་བཞིན་གང་ཡིན་པ་དེ་ནི། མངོན་པར་འདོད་པའི་ཡུལ་ལོངས་སྤྱོད་ སྡུག་བསྔལ་གྱི་གཉེན་པོར་གྱུར་པ། ཕྱིན་ཅི་ལོག་གི་བདག་ཉིད་ཅན་ལོངས་སྤྱད་པ་ མེད་པར་སྐྱེ་བར་མ་དམིགས་ས།ོ །སྡུག་བསྔལ་ཕྱིར་བཅསོ ་པའི་རྒྱུར་གྱུར་པའི་ཡུལ་དེ་ དག་ཀྱང་སྦྱིན་པ་ལས་བྱུང་བའི་བསདོ ་ནམས་བྱ་བའི་དངསོ ་པ་ོམ་བསགས་པ་རྣམས་ ལ་མི་འབྱུང་ངོ་སྙམ་དུ་མཁྱེན་ནས། བཅོམ་ལྡན་འདས་འགྲོ་བ་མ་ལུས་པའི་བསམ་ པའི་རང་བཞིན་མཁྱེན་པས་ཚུལ་ཁྲིམས་ལ་སགོ ས་པའི་གཏམ་རྣམས་[པ]ལས་ཆེས་ ཐོག་མར་སྦྱིན་པའི་གཏམ་ཉིད་མཛད་[དོ་] དེ། ཐབས་དེ་ལ་འཇུག་པར་ཡང་སླ་བའི་ཕྱིར་རོ། །
ད་ནི་གཏོང་བ་པོའ་ིསེམས་ཅན་ཚུལ་དང་མི་མཐུན་པ་ཡིན་དུ་ཟིན་ཀྱང་། རང་གི་བྱ་བ་དང་རྗེས་སུ་མཐུན་པས་སྦྱིན་པའི་བདག་ཉིད་ཆེན་པོ་བརྗོད་པར་བྱ་ བའི་ཕྱིར།
36

སེམས་བསྐྱེད་པ་དང་པོ།
སྙིང་རྗེ་དམན་ཞིང་ཤིན་ཏུ་རྩུབ་སེམས་ཅན། ། རང་དོན་ལྷུར་ལེན་ཉིད་དུ་གྱུར་པ་གང་། ། དེ་དག་གི་ཡང་འདོད་པའི་ལོངས་སྤྱོད་རྣམས། ། སྡུག་བསྔལ་ཉེར་ཞིའི་རྒྱུར་གྱུར་སྦྱིན་ལས་བྱུང་། །
ཞེས་བྱ་བ་སྨསོ ་ཏེ།གང་དག་ཚོང་པ་བཞིན་དུ་ནརོ ་ཆེས་ཉུང་ངུ་བཏང་བ་ལས།འབྲས་ བུ་ནརོ ་གྱི་ཕུང་པ་ོཆེས་ཡངས་པ་འདདོ ་པ་དནོ ་དུ་གཉེར་བ་སླངོ ་མ་ོབས་ཀྱང་ལངོ ས་སྤྱདོ ་ རྒྱ་ཆེ་བ་ལྷག་པར་དནོ ་དུ་གཉེར་བར་གྱུར་ཅིང་སྦྱིན་པར་འདདོ ་པར་གུས་ཀྱི།བདེ་བར་ གཤེགས་པའི་སྲས་རྣམས་ལྟར་སྙིང་རྗེའི་གཞན་[གྱི་]དབང་གིས་སྦྱིན་པའི་འབྲས་བུ་ དནོ ་དུ་མི་གཉེར་བ་ཁ་ོནར་སྦྱིན་པར་འདདོ ་པའི་དགའ་སྟནོ ་མངནོ ་པར་འཕེལ་བར་ མི་བྱེད་པ འི་གཏོང་བ་པོ་སྙིང་རྗེ་དམན་ཞིང། དེར་མ་ཟད་སེམས་ཅན་ལ་སེམས་ཤིན་ཏུ་རྩུབ་པའི་སེམས་ དང་ལྡན་པ། རང་གི་དོན་མངོན་མཐོའ་ིབདེ་བ་གཙོ་བོར་བྱེད་པ་གང་ཡིན་པ་དེ་དག་ལ་ཡང་། ལོངས་ སྤྱོད་མི་གཏོང་བར་སྦྱིན་པའི་སྐྱོན་འཛིན་པ་ལ་རྒྱབ་ཀྱིས་ཕྱོགས་པ་རྣམ་སྨིན་ལ་རེ་བའི་ཡོན་ ཏན་ཙམ་འཛིན་པ་ལ་གཡེར་བག་ཐོབ་པ་དེས། ལོངས་སྤྱོད་ཕུལ་དུ་བྱུང་བ་ཕུན་ སུམ་ཚོགས་པའི་སྒ་ོནས་ལུས་ཀྱི་སྡུག་བསྔལ་ཡིད་དུ་མི་འངོ ་བ་བཀྲེས་པ་དང་སྐམོ ་ པ་ལ་སོགས་པ་འཇོམས་པར་བྱེད་པས་སྡུག་བསྔལ་ཉེ་བར་ཞི་བའི་རྒྱུར་འགྱུར་རོ། །
གང་ཞིག་སྙིང་རྗེ་དང་བྲལ་བས་རང་གི་སྡུག་བསྔལ་ཕྱིར་བཅོས་པ འི་བདེ་ བ་ལ་ལྟོས་པ་ཉིད་ཀྱིས་སྦྱིན་པར་འདོད་པར་གུས་པ་འདི་ཡང་།
འདི་ཡང་སྦྱིན་པའི་སྐབས་ཀྱིས་ནམ་ཞིག་ཚེ། །
37

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
འཕགས་པའི་སྐྱེ་བོ་དང་ཕྲད་མྱུར་དུ་འཐོབ། ། དེ་ནས་སྲིད་རྒྱུན་ཡང་དག་བཅད་བྱས་ཏེ། ། དེ་ཡི་རྒྱུ་ཅན་ཞི་བར་འགྲོ་བར་འགྱུར། །
ཞེས་བྱ་བ་སྨསོ ་ས།ོ །སྦྱིན་བདག་གཏངོ ་བ་པའོ ་ིཐད་དུ་དམ་པ་དག་གིས་བགྲདོ ་པ་ཡིན་ ནོ་ཞེས་འབྱུང་བའི་ཕྱིར། སྦྱིན་པ་ལ་ལྷག་པར་མོས་པ་ནི། སྦྱིན་པ་གཏོང་བ འི་སྐབས་ ཀྱིས་འཕགས་པའི་སྐྱེ་བ་ོདང་ཕྲད་པས་དམ་པ་དེས་དམ་པའི་ཆསོ ་ཉེ་བར་བསྟན་པ་ལས་ འཁོར་བ་ལ་ཡོན་ཏན་མེད་པར་རིག་ཅིང་། འཕགས་པའི་ལམ་དྲི་མ་མེད་པ་མངོན་ དུ་བྱས་པས་སྡུག་བསྔལ་ཉེ་བར་ཞི་བའི་མ་རིག་པ་སྤངས་ནས། འཁོར་བའི་རྒྱུན་༼ཁ སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་༼ཀ ཐོག་མ་མེད་པའི་དུས་ནས་ འཇུག་པ་༼ག དརོ ་ཏེ།ཉན་ཐསོ ་དང་རང་སངས་རྒྱས་ཀྱི་ཐེག་པས་ཡངོ ས་སུ་མྱ་ངན་ ལས་འདའ་བར་འགྱུར་ར།ོ །དེ་ལྟ་ན་རེ་ཞིག་བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས་ ཀྱི་སྦྱིན་པ་འཁོར་བ་དང་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པའི་རྒྱུ་ཡིན་ནོ། །
འགྲོ་ལ་ཕན་པར་དམ་བཅས་ཡིད་ཅན་རྣམས། །
སྦྱིན་པས་རིང་པོར་མི་ཐོགས་དགའ་བ་འཐོབ། ། བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས་ནི་སྦྱིན་པས་སླངོ ་བ་པ་ོཚིམ་པར་བྱས་པ་དང་།དུས་ མཉམ་པ་སྟེ་དེའི་མཇུག་ཐགོ ས་ཉིད་དུ་ཇི་སྐད་བཤད་པའི་སྦྱིན་པའི་འབྲས་བུ་བདེ་བ་ལ་ངེས་ པར་ལོངས་སྤྱོད་པ་མ་ཡིན་[ཏེ་] ནོ། །དེས་ན་དེ་རྣམས་ནི་སྦྱིན་པའི་འབྲས་བུ་མངོན་ སུམ་པ་མ་ཡིན་པ་སྟེ་མངོན་སུམ་དུ་མ་མཐོང་བ་ཉིད་ཀྱི་ཕྱིར་སྦྱིན་པ་ལ་མི་འཇུག་པ་ཡང་ 38

སེམས་བསྐྱེད་པ་དང་པོ།
སྲིད་ན། བྱང་ཆུབ་སེམས་དཔའ་རྣམས་ནི་སྦྱིན་པ་དང་དུས་མཉམ་པ་ཁོ་ནར་དོན་ དུ་གཉེར་བའི་ཡང་ཡོངས་སུ་ཚིམ་པར་བྱས་པ་ལས། མངོན་པར་འདོད་པའི་སྦྱིན་ པའི་འབྲས་བུ་ཕུན་སུམ་ཚོགས་པ་མཆོག་ཏུ་དགའ་བ་འཆང་ཞིང་། དེ་ཉིད་དུ་སྦྱིན་ པའི་འབྲས་བུ་ཉེ་བར་ལོངས་སྤྱོད་དོ། །དེའི་ཕྱིར་དུས་ཐམས་ཅད་ཀྱི་ཚེ་སྦྱིན་པ་ལ་ དགའ་བར་འགྱུར་རོ། །
དེའི་ཕྱིར་དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས། གང་ཕྱིར་བརྩེ་བདག་བརྩེ་བདག་མ་ཡིན་པ། །
ཐམས་ཅད་ཀྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་སྦྱིན་པ་ཡིན་པ། དེ་ཕྱིར་སྦྱིན་པའི་གཏམ་ཉིད་གཙོ་བོ་ཡིན། །
བཤེས་སྤྲིང་ལས་ཀྱང་།ལངོ ས་སྤྱདོ ་གཡ་ོབ་སྙིང་པ་ོམེད་མཁྱེན་ནས།།དགེ་སྦྱངོ ་བྲམ་ཟེ་བཀྲེས་དང་བཤེས་རྣམས་ལ།། སྦྱིན་པ་ཚུལ་བཞིན་སྩལ་བགྱི་ཕ་རོལ་ཏུ།།སྦྱིན་ལས་གཞན་པའི་གཉེན་མཆགོ་མ་མཆིས་ས།ོ།ཞེས་གསུངས་ས།ོ། རྒྱུ་གང་ལས་བྱང་སེམས་དེ་རྣམས་དུས་རྟག་ཏུ་སྦྱིན་པ་ལ་གུས་པར་འགྱུར་བ། དོན་དུ་གཉེར་བ་སློང་བ་རྣམས་ལོངས་སྤྱོད་ཀྱིས་རྣམ་པར་འགྱེད་པའི་སྒོ་ནས་ཡིད་ ཚིམ་པར་བྱེད་པ་ན། བྱང་ཆུབ་སེམས་དཔའ་རྣམས་ལ་དགའ་བའི་ཁྱད་པར་སྐྱེ་བ་
ཀོ་ཅི་འདྲ་བ་ཞིག་ཅེ་ན། བརྗོད་པར་བྱ་སྟེ། ཇི་ལྟར་བྱིན་ཅིག་ཅེས་སྒྲ་ཐོས་བསམས་ལས། །
རྒྱལ་སྲས་བདེ་འབྱུང་དེ་ལྟར་ཐུབ་རྣམས་ལ། ། ཞི་བར་ཞུགས་པས་བདེ་བ་བྱིན་མིན་ན། །
39

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཐམས་ཅད་བཏང་བས་ལྟ་ཞིག་སྨོས་ཅི་དགོས། ། རེ་ཞིག་དོན་དུ་གཉེར་བ་སློང་བ་པོ་རྣམས་ཀྱིས་བྱིན་ཅིག་ཅེས་བྱ་བའི་སྒྲ་ཐོས་པ་ཉིད་ སེམས་པར་བྱེད་པ་ན།བྱང་ཆུབ་སེམས་དཔའ་རྣམས་ལ་འདི་དག་ནི་བདག་ལ་སླངོ ་ བ་ཞིག་གོ་སྙམ་དུ་རྟོགས་ནས་ཡང་ནས་ཡང་དུ་བདེ་བ་འབྱུང་བ་གང་ཡིན་པ་དེ་ ཉིད་དེ་མྱ་ངན་ལས་འདས་པའི་བདེ་བ་བས་ཀྱང་ཕུལ་དུ་བྱུང་བ་དང་བཅས་པ་ཡིན་ ན། ཕྱི་དང་ནང་གི་དངོས་པོ་བཏང་བས། དོན་ལས་གཉེར་བའི་སློང་བ་པོའ་ིསྐྱེ་བོ་ཚིམ་ པར་བྱེད་པ་རྣམས་ཀྱི་ཞི་བདེ་ལས་ལྷག་པའི་བདེ་བ་སྐྱེད་པ་ལྟ་ཅི་སྨོས། ཞི་བདེས་སེམས་ཕྲོགས་པ་ ན་གཞན་དོན་ལ་གཡེལ་བར་འགྱུར་ལ། བྱང་སེམས་ཀྱི་བདེ་བ་སྔར་བཤད་པ་དེས་སེམས་ཕྲོགས་པ་ཉིད་ཀྱིས། གཞན་དོན་ལ་ལྷག་པར་ཡང་བརྩོན་པར་འགྱུར་བས་མི་འདྲའ།ོ །
ཡང་ཅི་སྦྱིན་པ་བཏང་བ་གང་ལས་བདེ་བ་ཕུལ་དུ་བྱུང་སྐྱེ་བར་དེ་སྐད་བརྗོད་པ་ ཕྱི་དང་ནང་གི་དངསོ ་པ་ོགཏོང་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལུས་ཀྱི་སྡུག་ བསྔལ་ཡང་མི་འབྱུང་ངམ་ཞེ་ན། བཤད་པ། བདག་ཉིད་ཆེན་པོ་ས་ཐོབ་པའི་དབང་དུ་བྱས་ ལས་འདྲི་ན། དེ་རྣམས་ལ་ནི་སེམས་མེད་པ་རྣམས་བཅད་པ་ལྟར་ལུས་ཀྱི་སྡུག་བསྔལ་ འབྱུང་བ་མི་སྲིད་པ་ཉིད་དེ། འཕགས་པ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལས། འདི་ལྟ་སྟེ།དཔེར་ན་ཤིང་སཱ་ལ་ཆེན་པའོ ་ིཚལ་ཞིག་ཡདོ ་ལ།དེར་འགའ་ཞིག་འངོ ས་ ནས་སཱ་ལ་གཅིག་བཅད་པ་ན། དེར་ཤིང་སཱ་ལ་ལྷག་མ་དེ་རྣམས་འདི་སྙམ་དུ་འདི་ནི་ བཅད་པའ།ོ །བདག་ཅག་ནི་མ་བཅད་པའ་ོ སྙམ་དུ་མི་སེམས་ཤིང་། དེ་དག་ལ་རྗེས་ སུ་ཆགས་པ་དང་ཁོང་ཁྲོ་བ་མེད་དོ། །རྟོག་པ་དང་རྣམ་པར་རྟོག་པ་མེད་དོ། །བྱང་ 40

སེམས་བསྐྱེད་པ་དང་པོ།
ཆུབ་སེམས་དཔའི་བཟོད་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པ་ཡོངས་སུ་དག་པ་ མཆོག་ནམ་མཁའ་དང་མཉམ་པ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའ།ོ །རིན་པོ་ ཆེའི་ཕྲེང་བ་ལས་ཀྱང་། དེ་ལ་ལུས་ཀྱི་སྡུག་བསྔལ་མེད། །ཡིད་ཀྱི་སྡུག་བསྔལ་ག་ ལ་ཡོད། །དེ་ནི་སྙིང་རྗེས་འཇིག་རྟེན་སྡུག །དེ་ཉིད་ཀྱིས་ནི་ཡུན་རིང་གནས། །ཞེས་ གསུངས་པ་འདི་ཡང་ས་ཐབོ ་པ་ལ་དགངོ ས་ས།ོ །ཡང་ལུས་དང་ལངོ ས་སྤྱདོ ་ལ་ཀུན་འཛིན་གྱི་ཆགས་པ་ མེད་པའི་གནས་སྐབས་ས་རབ་ཏུ་དགའ་བ་མ་ཐབོ ་པའི་དབང་དུ་བྱས་ནས་འདྲི་ན་ནི།གང་ཞིག་ ལ་ལུས་གནས་པ་དང་འགལ་བའི་ཡུལ་ཏེ་རྐྱེན་ཡང་དག་པར་རང་གི་ལུས་ལ་བབས་པས། ལུས་ཀྱི་སྡུག་བསྔལ་གདོན་མི་ཟ་བར་འབྱུང་བ་དེའི་ཚེ་དེ་ཡང་སྡུག་བསྔལ་དེ་ལ་བརྟེན་ ནས་སེམས་ཅན་གྱི་དོན་བྱ་བ་དག་ལ་ཆེས་ལྷག་པར་འཇུག་པའི་རྒྱུ་ཉིད་དུ་གནས་ པ་ཡིན་ནོ་ཞེས་བཤད་པ་ནི།
ལུས་བཅད་སྟེར་ཞིང་བདག་གི་སྡུག་བསྔལ་གྱིས། ། གཞན་དག་རྣམས་ཀྱི་དམྱལ་བ་ལ་སོགས་པའི། ། སྡུག་བསྔལ་རང་རིག་ཉིད་དུ་མཐོང་ནས་དེ། ། དེ་གཅད་བྱ་ཕྱིར་མྱུར་དུ་བརྩོན་འགྲུས་རྩོམ། །
ཞེས་བྱ་བ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སྡུག་བསྔལ་ཅན་དམྱལ་བ་དང་། དུད་ འགྲའོ ་ིསྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལ་སགོ ས་པའི་འགྲ་ོ བ་མི་བཟད་པར་ ཆུད་པ་བར་མཚམས་མེད་པར་སྡུག་བསྔལ་ཆེས་དྲག་པས་ལུས་འཇམོ ས་པ།རང་གི་ ལུས་གཅོད་པའི་སྡུག་བསྔལ་བས་སྟོང་འགྱུར་བས་ཀྱང་ཆེས་ལྷག་པར་འཕེལ་བའི་
41

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
སྡུག་བསྔལ་བསྲན་དུ་མེད་པ་དང་ལྡན་པ་དག་ལ་རང་གི་སྡུག་བསྔལ་མྱོང་བ་ཉིད་ དུ་ལྟ་བ་ན་སྟེ་བལྟས་པ་ན།སླངོ ་བ་པ་ོལ་རང་གི་ལུས་གཅདོ ་པའི་སྡུག་བསྔལ་ལ་རྩིས་མེད་ པར་བྱས་ནས། སེམས་ཅན་རྣམས་ཀྱི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་གཅོད་ པར་བྱ་བའི་ཕྱིར་ཆེས་མྱུར་དུ་བརྩོན་འགྲུས་རྩོམ་མོ། །ནག་ཚོའི་འགྱུར་ལས། ལུས་ནི་བཅད་ ནས་བྱིན་པའི་སྡུག་བསྔལ་དེས། །དམྱལ་བ་ལ་སོགས་སྡུག་བསྔལ་གཞན་དག་ལ། །བལྟས་ནས་རང་གི་ཉམས་ སུ་མྱོང་དེ་ལས། །གཅོད་པའི་དོན་དུ་དེ་ནི་བརྩོན་པར་བྱེད། །ཅེས་འབྱུང་ངོ། །དེ་འདྲ་བའི་བསམ་པའི་སྟོབས་ ཡོད་ན་ལུས་གཏོང་བ་ཡིན་ལ། །བསམ་པ་དེ་ཡང་ས་མ་ཐོབ་པ་ལ་འངོ ་བ་མི་འགལ་བས། ས་མ་ཐོབ་པས་ཀྱང་ ལུས་གཏོང་བ་གསུངས་སོ། །
ཇི་སྐད་བཤད་པའི་སྦྱིན་པ་ལ་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དབྱེ་བ་
བསྟན་པའི་ཕྱིརསྦྱ། ིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་སྟོང་། ། འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཞེས་བྱ། །
ཞེས་བྱ་བ་སྨསོ ་ཏེ།དེ་ལ་ཕ་རལོ ་ཞེས་བྱ་བ་ནི་གང་འཁརོ ་བའི་རྒྱ་མཚོའི་ཕར་འགྲམ་ དང་ངགོ ས་ཏེ།ཉནོ ་མངོ ས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པའི་རང་བཞིན་ མངའ་བའི་སངས་རྒྱས་ཉིད་དོ། །ཕ་རོལ་ཏུ་སོན་པ་ནི་ཕ་རོལ་ཏུ་ཕྱིན་པའ་ོཞེས་བྱ་ སྟེ།ཚིག་ཕྱི་མ་ཡདོ ་ན་མི་མངནོ ་པར་མི་བྱའ་ོཞེས་བྱ་བའི་མཚན་ཉིད་འདིས་ལས་ཀྱི་ རྣམ་པར་དབྱེ་བ་མི་མངནོ ་པར་མ་བྱས་པས་གཟུགས་སུ་འགྱུར་བའམ།པྲེཥ་ོད་ར་ལ་ སོགས་པ་ཡིན་པའི་ཕྱིར་ཕྱི་མའི་མཐའ་ཅན་ཉིད་དུ་གཞག་གོ ། སྦྱིན་པ་སྦྱིན་བྱ་ཞེས་པའི་ 42

སེམས་བསྐྱེད་པ་དང་པོ།
རྐང་པ་གཉིས་ཀྱིས་འཁརོ ་གསུམ་མི་དམིགས་པར་རྟགོ ས་པའི་ཤེས་རབ་བཟུང་ནས།དེས་ཟིན་པའི་སྦྱིན་ པའི་ཕར་ཕྱིན་བྱེ་བྲག་ཏུ་བཤད་པ་ཡིན་ཏེ། དེ་མ་ཟིན་པའི་སྦྱིན་པ་ལ་སོགས་པ་རྣམས་ནི། ཤེས་རབ་ཀྱིས་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་དང་འདྲ་བས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཡིན་ ནོ། །དེ་ཡང་ཤེས་རབ་ཀྱིས་མ་ཟིན་ཀྱང་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་ཁྱད་པར་གྱིས་ཕ་ རོལ་ཏུ་འགྲོ་བ་ལ་ངེས་པར་གཞག་ནས་ནི་སྦྱིན་པས་ཕ་རོལ་ཏུ་ཕྱིན་པའི་མིང་རྙེད་ པར་འགྱུར་ར།ོ །དེས་ན་ཕ་རལོ ་ཏུ་ཕྱིན་པའི་དནོ ་ལ་ཕ་རལོ ་འདིར་ཕྱིན་པ་ཞེས་ལས་ལ་སྦྱར་ན། སངས་རྒྱས་ ཀྱི་སར་ཕྱིན་པ་ཡིན་ལ། འདིས་ཕ་རོལ་ཏུ་ཕྱིན་པར་བྱེད་པ་ཞེས་བྱེད་པ་ལ་སྦྱར་ན། སློབ་ལམ་ན་ཡང་ཕར་ཕྱིན་ ཡོད་དོ། །སྦྱིན་པ་ལ་བཤད་པ་དེས་ཚུལ་ཁྲིམས་ལ་སོགས་པ་འཆད་པར་འགྱུར་བ་དག་ཀྱང་ དེ་བཞིན་དུ་སེམས་བསྐྱེད་དང། བསྔོ་བ་དང། ཤེས་རབ་ཀྱིས་ཟིན་པ་སོ་སོ་བ་དང་གཉིས་ཀ་རིག་པར་ བྱའ།ོ །ཕ་རལོ ་ཏུ་ཕྱིན་པ་ཞེས་བྱ་བའི་སྦྱིན་པ་འདི་ཡང་སྦྱིན་པར་བྱ་བ་དང་། ལེན་པ་ པོ་དང་། སྦྱིན་པ་པོར་དམིགས་པར་བྱ་བ་དང་བྲལ་བར་གྱུར་ན། འཇིག་རྟེན་ལས་ འདས་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཞེས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་ རལོ ་ཏུ་ཕྱིན་པ་ལས་གསུངས་ཏེ།མི་དམིགས་པ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་ ལ། དམིགས་པ་ནི་ཐ་སྙད་ཀྱི་བདེན་པས་བསྡུས་པ་ཉིད་ཀྱི་ཕྱིར་འཇིག་རྟེན་པ་ཉིད་ ཡིན་པའི་ཕྱིར་ར།ོ།དེ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་མ་ཐབོ་པ་དག་གིས་ ཤེས་པར་མི་ནུས་སོ། །གཞན་ཡང་།
གསུམ་པོ་དག་ལ་ཆགས་སྐྱེས་གྱུར་པས་དེ། ། འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཅེས་བསྟན། །
43

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
སྦྱིན་པ་དེ་ཉིད་གསུམ་དུ་དམིགས་པ་ཡདོ ་ན་འཇིག་རྟེན་པའི་ཕ་རལོ ་ཏུ་ཕྱིན་པ་ཞེས་ བྱ་བར་མདོ་ལས་བསྙད་དོ། །དེ་ལྟར་བཤད་པ་རྣམས་ལ་ད་ལྟར་ནས་ཉམས་སུ་ལེན་ཚུལ་ནི། ལུས་གཞན་ ལ་སྟེར་བ་དང། དགའ་བ་སྐྱེད་ཚུལ་ཁྱད་པར་ཅན་རྣམས་ནི་མོས་ཡུལ་དུ་བྱས་ནས་སྦྱོང་ལ། ཟང་ཟིང་གི་སྦྱིན་ པ་གཞན་རྣམས་ནི་ཡར་མར་གྱི་ཞིང་ལ་བརྟེན་ནས། ཆུ་ཡན་ཆད་གཏོང་བའི་སྒོ་ནས་རྒྱུན་ལྡན་དུ་གསོག་པ་ དང། དེའི་ཚེ་འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པར་བྱའ།ོ །དེ་ཡང་རང་གི་ལུས་ དང་ལངོ ས་སྤྱདོ ་དང་དགེ་རྩ་གསུམ་སེམས་ཅན་གྱི་དནོ ་དུ་བསམ་པས་ཡང་ཡང་གཏངོ ་བ་དང།མ་བཏང་ཡང་ དེ་རྣམས་འཇིག་པས་འདརོ ་དགསོ ་ལ།གཏངོ ་ཚོད་འདྲ་བ་ལ་སྔནོ ་དུ་རང་གི་བསམ་པས་གཏངོ ་བ་མཆགོ ་ཡིན་ པ་རྣམས་བསམ་སྟེ། སྤྱོད་འཇུག་ལས། ལུས་དང་དེ་བཞིན་ལོངས་སྤྱོད་དང། །དུས་གསུམ་དགེ་བ་ཐམས་ཅད་ ཀྱང། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕངས་པ་མེད་པར་གཏང་བར་བྱ། །ཞེས་དང། ཐམས་ཅད་བཏང་ བས་མྱ་ངན་འདའ། །བདག་བློ་མྱ་ངན་འདས་པ་སྒྲུབ། །ཐམས་ཅད་གཏོང་བ་ཆབས་ཅིག་ལ། །སེམས་ཅན་རྣམས་ ལ་བཏང་བ་མཆོག །ཅེས་གསུངས་པ་ལྟར་བྱའ།ོ །
ད་ནི་སྔར་ཇི་སྐད་བརྗོད་པའི་ས་རབ་དགའ་ཞེས་བྱ་བ་ཟག་མེད་ཀྱི་ཤེས་པའི་ ཁྱད་པར་གྱི ས། ས་དེའི་ཕུལ་དུ་བྱུང་བའི་ཡོན་ཏན་མདོར་བསྡུས་ཏེ་རྗེས་སུ་བརྗོད་པའི་སྒོ་ ནས་བསྟན་པའི་ཕྱིར།
དེ་ལྟར་རྒྱལ་བའི་སྲས་ཀྱི་ཡིད་ལ་རབ་གནས་ཤིང་། ། དམ་པའི་རྟེན་ལ་འདོ ་ཆགས་མཛེས་པ་རྙེད་གྱུར་པའི། ། དགའ་བ་འདི་ནི་ནོར་བུ་ཆུ་ཤེལ་ཇི་བཞིན་དུ། ། མུན་པ་སྟུག་པོ་ཐམས་ཅད་རྣམ་པར་བསལ་ནས་རྒྱལ། །
44

སེམས་བསྐྱེད་པ་དང་པོ།
ཞེས་བྱ་བ་སྨོས་སོ། །དེ་ལྟར་གྱི་སྒྲ་ནི་ཇི་སྐད་བཤད་པའི་རྣམ་པ་བསྟན་པར་བྱ་བའི་ ཕྱིར་རོ། །དགའ་བ་ཞེས་བྱ་བ་ནི་སའི་མིང་ཡང་དག་པར་སྒྲོགས་པའ།ོ །རྒྱལ་ཞེས་བྱ་ བ་ནི་ས་དང་པ་ོནི་རང་གི་མི་མཐུན་པའི་ཕྱགོ ས་མཐངོ ་སྤང་ཕམ་པར་བྱས་ནས་དེ་ལས་རྣམ་པར་ རྒྱལ་ཏེ་གནས་ས་ོ ཞེས་བྱ་བའི་དནོ ་ཏ།ོ །དེ་ནི་ཤེས་པའི་རང་བཞིན་ཡིན་པ་ཉིད་ཀྱི་རྒྱལ་ བའི་སྲས་[ཀྱི་]ས་དང་པ་ོབའི་ཡིད་ལ་གནས་པའི་ཕྱིར་མཐནོ ་པརོ ་གནས་པ་ཡིན་ཏེ།ས་ རབ་ཏུ་དགའ་བ་ནི་ཇི་སྐད་བཤད་པའི་ཚུལ་གྱིས་མུན་པ་སྟུག་པོ་ཐམས་ཅད་ཀྱང་ རྣམ་པར་བསལ་ཏེ་རྒྱལ་བར་འགྱུར་ར།ོ །ཇི་སྐད་བཤད་པའི་དནོ ་ཉིད་དཔེས་གསལ་ བར་བྱ་བའི་ཕྱིར་སྨྲས་པ་ནི། ནརོ ་བུ་ཆུ་ཤེལ་ཟླ་བ་དཀྱིལ་འཁརོ ་ཇི་བཞིན་དུ་ཞེས་བྱ་བའ།ོ ། དབུ་མ་ལ་འཇུག་པའི་བཤད་པའི་མཆན་ལས་རབ་ཏུ་དགའ་བ་ཞེས་བྱ་བ་སེམས་བསྐྱེད་ པ་དང་པོའ།ོ །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་དང་པོ་བཤད་ཟིན་ཏོ།། །།
45

སེམས་བསྐྱེད་པ་གཉིས་པ།
༈ ད་ནི་གཉིས་པའི་དབང་དུ་བྱས་ནས། དེ་ཚུལ་ཕུན་ཚོགས་ཡོན་ཏན་དག་ལྡན་ཕྱིར། ། རྨི་ལམ་དུ་ཡང་འཆལ་ཁྲིམས་དྲི་མ་སྤངས། །
ཞེས་བྱ་བ་སྨསོ ་ཏེ།ས་ཞེས་བྱ་བ་ཤེས་པའི་ཁྱད་པར་ཐམས་ཅད་ནི་རང་བཞིན་གཅིག་ པ་ཉིད་ཀྱི་ཕྱིར།དེ་མེད་ན་མི་འབྱུང་བའི་ཡནོ ་ཏན་ཚུལ་ཁྲིམས་ཀྱི་ཕ་རལོ ་ཏུ་ཕྱིན་པ་ ལ་སགོ ས་པ་ཕུལ་དུ་བྱུང་བ་ཉིད་ལས་སེམས་བསྐྱེད་པ་གཉིས་པ་ལ་སགོ ས་པའི་ཁྱད་ པར་སྟནོ ་པར་བྱེད་ད།ོ །དེ་ལ་འཆལ་ཁྲིམས་ཀུན་ནས་སླངོ ་བའི་ཉནོ ་མངོ ས་པ་དང་དུ་མི་ལེན་ པའི་ཕྱིར་དང་། བཅས་པ་དང་འགལ་བའི་སྡིག་པ འི་ལས་མི་འབྱུང་བའི་ཕྱིར་ན། བཅས་འགལ་ གྱི་ལྟུང་བ་བྱུང་བ་ལ་འགྱོད་པའི་སེམས་ཡིད་ལ་གཅགས་པའི་མེ་ཞི་བས་བསིལ་བ་ཉིད་ཀྱི་ ཕྱིར་[རམ་] ཚུལ་ཁྲིམས་ཏེ། དེའི་སྐད་དོད་ཤཱི་ལ་ལ་ཤཱི་ཏ་བསིལ་བ་དང། ལ་ཏི་ཐོབ་པ་ལ་འཇུག་པའི་ཕྱིར་ རོ། །ཡང་ན་བདེ་བའི་རྒྱུ་ཡིན་པ་ཉིད་ཀྱིས་དམ་པ་དག་གིས་བསྟེན་པར་བྱ་བ་ཉིད་ཀྱི་ ཕྱིར་ན་ཚུལ་ཁྲིམས་ཏེ། འདི་ཡང་ངེས་ཚིག་གི་བཤད་པའ།ོ །དེ་[ཡང་] ནི་ངོ་བོའ་ིདབང་དུ་བྱས་ན་ ལུས་ངག་གི་འཆལ་ཚུལ་བདུན་སྤོང་བའི་སྤོང་བ་བདུན་གྱི་མཚན་ཉིད་ཅན་ནོ། །ཆོས་གསུམ་ པོ་མ་ཆགས་པ་བརྣབ་སེམས་མེད་པ་དང་། གནོད་སེམས་ཀྱི་ཞེ་སྡང་མེད་པ་དང་། ལོག་ལྟ་དང་ བྲལ་བའི་ཡང་དག་པའི་ལྟ་བ་ནི། སྤོང་བདུན་དེ་དག་ཀུན་ནས་སློང་བར་བྱེད་པ་ཡིན་ ཏེ།དེའི་ཕྱིར་ཀུན་ནས་སླངོ ་བར་བྱེད་པ་དང་།བཅས་པའི་ཚུལ་ཁྲིམས་ཀྱི་དབང་དུ་ བྱས་ནས་ནག་པའོ ་ིལས་ལམ་བཅུ་སྤངོ ་བའི་དཀར་པའོ ་ིལས་ཀྱི་ལམ་བཅུར་རྣམ་པར་བཤད་ད།ོ །
47

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ནི་ཚུལ་ཁྲིམས་རབ་ཏུ་གྱུར་པའ།ོ །ཡོན་ཏན་རྣམ་ པར་དག་པ་ནི་ཡནོ ་ཏན་དག་པ་སྟེ།ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡངོ ས་སུ་དག་ པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །རང་གི་ཡོན་ཏན་ཡོངས་སུ་དག་པ་ཉིད་ཀྱི་ ཕྱིར་ཚུལ་ཁྲིམས་ཉིད་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་དང་ལྡན་པའི་ཕྱིར་བྱང་ ཆུབ་སེམས་དཔའ་དེ་ནི་རྨི་ལམ་གྱི་གནས་སྐབས་སུ་ཡང་ཚུལ་ཁྲིམས་འཆལ་བའི་ དྲི་མ་དག་གིས་མི་གོས་པའ།ོ ། ཡང་ཇི་ལྟར་ན་བྱང་སེམས་དེ་དེ་ལྟར་ཚུལ་ཁྲིམས་ཕུན་སུམ་ཚོགས་པས་ཡནོ ་ཏན་ཡངོ ས་ སུ་རྣམ་པར་དག་པར་འགྱུར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་ དཔའི་ས་གཉིས་པ་ལ་རབ་ཏུ་གནས་པ་འདི་ནི།
ལུས་ངག་ཡིད་ཀྱི་རྒྱུ་བ་དག་གྱུར་པས། །
དམ་པའི་ལས་ལམ་བཅུ་ཆར་གསོག་པ་བྱེད། ། ཇི་སྐད་དུ་བྱང་ཆུབ་སེམས་དཔའི་ས་གཉིས་པ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ ཆུབ་སེམས་དཔའི་ས་དྲི་མ་མེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་ བཞིན་གྱིས་སྲོག་གཅོད་པ་སྤངས་པ་ཡིན་ཏེ། དབྱིག་པ་སྤངས། མཚོན་ཆ་སྤངས། འཁོན་དུ་འཛིན་པ་སྤངས་ནས་འཛེམ་པ་དང་ལྡན་ཞིང་སྙིང་རྗེ་ལ་ཞུགས་པས། དེ་ སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། སྙིང་བརྩེ་བ་དང་། བྱམས་པའི་སེམས་དང་ལྡན་ཏེ། དེ་ཀུན་ཏུ་རྟོག་པ་ཙམ་གྱིས་ཀྱང་། སྲོག་ཆགས་ལ་ རྣམ་པར་འཚེ་བར་མི་བྱེད་ན། སེམས་ཅན་གཞན་ལ་སེམས་ཅན་དུ་འདུ་ཤེས་ཤིང་ 48

སེམས་བསྐྱེད་པ་གཉིས་པ།
ཆེད་དུ་བསམས་ཏེ། ལུས་ཀྱི་མཐོ་འཚམས་པ་ཆེན་པོ་བྱ་བ་ལྟ་ཅི་སྨོས། མ་བྱིན་པར་ ལེན་པ་སྤངས་པ་ཡང་ཡིན་ཏེ། བདག་གི་ལོངས་སྤྱོད་ཀྱིས་ཆོག་ཤེས་ཤིང་སྙིང་བརྩེ་ བ་དང་ལྡན་ཏེ། གཞན་གྱི་ལོངས་སྤྱོད་ལ་བག་བྱེད་པས་དེ་གཞན་གྱིས་ཡོངས་སུ་ བཟུང་བའི་དངོས་པོ་དག་ལ་གཞན་གྱིས་བཟུང་བར་འདུ་ཤེས་ཤིང་། རྐུ་སེམས་ཉེ་ བར་གཞག་སྟེ་ཐ་ན་རྩྭ་དང་ལོ་མ་ཙམ་ཡང་མ་བྱིན་པར་མི་ལེན་ན། འཚོ་བའི་ཡོད་ བྱད་གཞན་དག་ལྟ་ཅི་སྨོས། འདོད་པ་ལ་ལོག་པར་གཡེམ་པ་སྤངས་པ་ཡང་ཡིན་ ཏེ། བདག་གི་ཆུང་མས་ཆོག་ཤེས་ཤིང་། གཞན་གྱི་ཆུང་མ་ལ་འདོད་པ་མེད་པས། དེ་ གཞན་གྱིས་བཟུང་བའི་བུད་མེད་གཞན་གྱི་ཆུང་མ་དང་། རུས་དང་། མཚན་དང་། ཆོས་ཀྱིས་བསྲུངས་པ་རྣམས་ལ་ཆགས་སེམས་ཀྱང་མི་བསྐྱེད་ན། ཡན་ལག་མ་ཡིན་ པའི་རྣམ་པར་རིག་བྱེད་དམ། གཉིས་ཀྱི་དབང་པོ་གཉིས་སྤྲོད་པ་ལྟ་ཅི་སྨོས། བརྫུན་ དུ་སྨྲ་བ་སྤངས་པ་ཡང་ཡིན་ཏེ། བདེན་པར་སྨྲ་ཞིང་ཡང་དག་པར་སྨྲ་ལ། དུས་སུ་སྨྲ་ སྟེ། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པའ།ོ །དེ་ཐ་ན་རྨི་ལམ་ན་ཡང་ལྟ་བ་དང་བཟདོ ་པ་ དང་འདདོ ་པ་དང་རབ་ཏུ་རྟགོ ་པ་བསྒྱུར་ཏེ།བསླུ་བའི་བསམ་པས་བརྫུན་གྱི་ཚིག་མི་ སྨྲ་ན། ཆེད་དུ་བསམས་ཏེ་སྨྲ་བ་ལྟ་ཅི་སྨོས། ཕྲ་མའི་ཚིག་སྤངས་པ་ཡིན་ཏེ། སེམས་ ཅན་རྣམས་ལ་དབྱེན་མི་བྱེད་ཅིང་། རྣམ་པར་མི་འཚེ་བ་ལ་ཞུགས་པས། དེས་དེ་དག་ དབྱེ་བའི་ཕྱིར་ཚུ་གི་ལས་ཐསོ ་ནས་ཕ་གིར་སྙདོ ་པ་མ་ཡིན་ཏེ།དེ་དག་དབྱེ་བའི་ཕྱིར་ ཕ་གི་ལས་ཐོས་ནས་ཚུ་གིར་སྙོད་པ་མ་ཡིན་ཏེ། འདུམ་པ་རྣམས་མི་འབྱེད་ཅིང་། བྱེ་ བ་རྣམས་ལ་ཡང་མི་གནནོ ་ཏེ།མི་འདུམ་པ་ལ་དགའ་ཞིང་མི་འདུམ་པ་ལ་མསོ ་པ་མ་
49

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཡིན་པས། བདེན་ནམ་བརྫུན་ཡང་མི་འདུམ་པར་བྱ་བའི་ཚིག་མི་སྨྲའ།ོ །ཚིག་རྩུབ་མ་ོ སྤངས་པ་ཡིན་ཏེ། ཞེར་འདེབས་པ་དང་། བརླང་པ་དང་། གཞན་ལ་གནོད་པ་དང་། གཞན་གྱི་མཚང་འབྲུ་བ་དང་།གྲངོ ་མིའི་ཚིག་དང་།མ་རབས་ཀྱི་ཚིག་ངརོ ་བརྗདོ ་པ་ དང་།ངརོ ་བརྗདོ ་པར་གཞལོ ་བ་དང་།བརྫུན་དང་རྣར་མི་སྙན་པ་དང་།ཁྲ་ོཞིང་གཤེ་ བ་ལས་བྱུང་བ་དང་།མི་སྙན་པ་དང་།ཡིད་དུ་མི་འངོ ་བས་སྙིང་ན་བར་བྱེད་པ་དང་། ཡིད་གདུང་བར་བྱེད་པ་དང་། རང་གི་སེམས་ཀྱི་རྒྱུད་དང་། གཞན་གྱི་སེམས་ཀྱི་རྒྱུད་ མ་རུངས་པར་བྱེད་པའི་ཚིག་རྣམ་པ་དེ་ལྟ་བུ་སྤངས་ཏེ། གང་འདི་མཉེན་པ་དང་། འཇམ་པ་དང་།ཡིད་དུ་འངོ་བ་དང་།བརྫུན་དུ་མ་ཡིན་པ་དང་།རྣར་སྙན་པ་དང་། སྙིང་དུ་སྡུག་པ་དང་། གྲངོ ་ཁྱེར་བ་དང་། སྐྱེ་བོ་མང་པའོ ་ིསྙིང་དུ་སྡུག་པ་དང་། སྐྱེ་བ་ོ མང་པའོ ་ིཡིད་དུ་འངོ ་བ་དང་།ཡིད་དགའ་བར་བྱེད་པ་དང་།ཡིད་ཚིམ་པར་བྱེད་པ་ དང་། རང་གི་སེམས་ཀྱི་རྒྱུད་དང་། གཞན་གྱི་སེམས་ཀྱི་རྒྱུད་དང་བར་བྱེད་པའི་ཚིག་ རྣམ་པ་དེ་ལྟ་བུ་དག་བརྗོད་དོ། །ཚིག་འཁྱལ་པ་སྤངས་པ་ཡིན་ཏེ། ལན་ལེགས་པར་ གླནོ ་པའི་ཚིག་དང་།དུས་སུ་སྨྲ་བ་དང་།ཡང་དག་པར་སྨྲ་བ་དང་།དནོ ་སྨྲ་བ་དང་། ཆོས་སྨྲ་བ་དང་། རིགས་པར་སྨྲ་བ་དང་། དུལ་བར་སྨྲ་བ་དང་། བཟོད་པ་དང་ལྡན་ པ་དང་། དུས་དང་རྨེང་དང་བཅས་པའི་ཚིག་སྨྲ་བ་ཡིན་ཏེ། དེ་ཐ་ན་བཞད་གད་དུ་ བྱ་བའི་ཡངོ ས་སུ་སྤང་བར་བྱ་བ་ཡང་ཡངོ ས་སུ་སྤངོ ་ན།ཚིག་གིས་རྣམ་པར་གཡེང་ བ་ལྟ་ཅི་སྨོས། བརྣབ་སེམས་མེད་པ་ཡང་ཡིན་ཏེ། དེ་གཞན་གྱི་ནོར་དང་། གཞན་ གྱི་འདོད་པ་དང་། གཞན་གྱི་རྫས་དང་། ཡོ་བྱད་གཞན་གྱིས་ཡོངས་སུ་བཟུང་བ་ལ། 50

སེམས་བསྐྱེད་པ་གཉིས་པ།
བརྣབས་སེམས་མི་བསྐྱེད་ལ།ཆགས་པར་མི་བྱེད་ལ།མི་སྨནོ ་ཏེ།ཆགས་པའི་སེམས་ མི་བསྐྱེད་ད།ོ །གནདོ ་སེམས་མེད་པ་ཡང་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་བྱམས་ པའི་སེམས་དང་། ཕན་པའི་སེམས་དང་། སྙིང་རྗེའི་སེམས་དང་། བདེ་བའི་སེམས་ དང་། འཇམ་པའི་སེམས་དང་། སྐྱེ་བོ་ཐམས་ཅད་ལ་ཕན་གདགས་པའི་སེམས་དང་ ལྡན་པས་ཁོང་ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། ཐ་བ་དང་། དྲི་མ་དང་། གནོད་ སེམས་དང་། ཁོང་ཁྲོ་བ་སྔོན་དུ་འགྲོ་བ་གང་དག་ཡིན་པ་དེ་དག་སྤངས་ཏེ། བྱམས་ པ་དང་ལྡན་པ་གང་དག་ཡིན་པ་དེ་དག་རྟོག་པ་ཡིན་ནོ། །ལོག་པར་ལྟ་བ་སྤངས་པ་ ཡང་ཡིན་ཏེ། ཡང་དག་པར་ལྟ་བར་གྱུར་ལ་ཡང་དག་པའི་ལམ་ལ་གནས་ཤིང་། དགེ་ མཚན་དང་བཀྲ་ཤིས་རྣམ་པ་སྣ་ཚོགས་དང་། ཚུལ་ཁྲིམས་ངན་པའི་ལྟ་བ་ཅན་དང་ བྲལ་བ་ཡིན་ཏེ།ལྟ་བ་དྲང་ཞིང་གཡ་ོམེད་ལ་སྒྱུ་མེད་པས།སངས་རྒྱས་དང་།ཆསོ ་དང་ དགེ་འདུན་ལ་བསམ་པ་ངེས་པ་ཡིན་ན་ོཞེས་བྱ་བ་ལ་སགོ ས་པ་གསུངས་པ་ལྟ་བུའ།ོ། དེ་ལ་དགེ་བའི་ལས་ཀྱི་ལམ་དང་པ་ོསྲགོ ་གཅདོ ་སྤངོ ་བ་སགོ ས་གསུམ་ནི་ལུས་ཀྱིས་རྫགོ ས་ པར་བྱེད་ད།ོ །བར་གྱི་བཞི་ནི་ངག་གིས་ས།ོ །ཐ་མ་གསུམ་ནི་ཡིད་ཀྱིས་ས།ོ །དེ་ལྟར་ན་ དགེ་བའི་ལས་ལམ་བཅུ་ཅར་ཡང་སོགས་པར་བྱེད་པ་ཡིན་ནོ། །དེ་ཡང་དགག་བཅས་ཀྱི་ མཚམས་ལས་ལྡགོ ་པར་མ་ཟད།ཚུལ་ཁྲིམས་ལས་བརྩམས་པའི་སྒྲུབ་བཅས་ཀྱི་ཕྱགོ ས་ཀུན་རྫགོ ས་པར་བྱེད་པའ།ོ།
ཡང་ཅི་ལས་ཀྱི་ལམ་འདི་རྣམས་སེམས་དང་པ་ོ བསྐྱེད་པའི་སྟེ་ས་དང་པའོ ་ིབྱང་ ཆུབ་སེམས་དཔས་མི་སོག་གམ་ཞེ་ན། དེས་ཀྱང་སོག་མོད་ཀྱི་འནོ ་ཀྱང་།
དགེ་བའི་ལམ་འདི་ལྟ་ཞིག་བཅུ་ཆར་ཡང་། །
51

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
དེ་ལ་ཀླག་སྟེ་ཤིན་ཏུ་དག་པར་འགྱུར། ། ས་གཉིས་པ་བ་དེ་ལ་ཤིན་ཏུ་ཕུལ་དུ་བྱུང་བར་དག་པར་འགྱུར་བ་དེ་ལྟར་བྱང་ཆུབ་སེམས་དཔའ་ སེམས་དང་པོ་བསྐྱེད་པ་ལ་ནི་མ་ཡིན་ནོ། །འདི་ལ་ས་དང་པོར་སྦྱིན་པ་ལྷག་པར་གསུངས་པ་ནི་ ཡར་ལྡན་དུ་ཡོད་པས་སྦྱིན་པ་ལས་གཞན་པའི་ཕར་ཕྱིན་ལྷག་མ་དགུའི་ནང་ནས། ཚུལ་ཁྲིམས་ལས་བརྩམས་ པའི་ཉམས་ལེན་ཕུལ་དུ་བྱུང་བའི་ཚོད་ཙམ་བཟདོ ་པ་སགོ ས་ལ་མེད་པའི་ཕྱིར།།ཚུལ་ཁྲིམས་ལྷག་པར་གསུངས་ཀྱི། ཕར་ཕྱིན་ལྷག་མ་མེད་པ་མིན་ན།ོ །དགེ་བཅུ་སྨསོ ་པ་ནི་དེ་ལས་བརྩམས་པའི་ཚུལ་ཁྲིམས་ཀྱི་བཅས་པའི་མཚོན་ བྱེད་ཡིན་པས། ཚུལ་ཁྲིམས་ཀྱི་བཅས་མཚམས་ཐམས་ཅད་གཟུང་ང།ོ །དེ་འདྲ་བའི་ཚུལ་ཁྲིམས་དག་པ་ཅན་དེ་ནི།
སྟོན་ཀའི་ཟླ་ལྟར་རྟག་ཏུ་རྣམ་དག་སྟེ། །
ཞི་འདོ ་ཆགས་པར་དེ་དག་གིས་རྣམ་མཛེས། ། ཞི་བ་ནི་དབང་པོ་བསྡམས་པའ།ོ།འདོ་ཆགས་པ་ནི་ལྷམ་མེར་གསལ་བའི་ལུས་ཅན་
ཉིད་དོ། ། གང་གི་ཕྱིར་དེ་ལྟར་དགེ་སློང་ཁ་ཅིག་སོ་ཐར་ལས་བརྩམས་ཏེ། ཚུལ་ཁྲིམས་ཡོངས་སུ་ དག་པ་ཡིན་ཡང་།
གལ་ཏེ་དེ་ནི་ཁྲིམས་དག་རང་བཞིན་ལྟ། །
དེ་ཕྱིར་དེ་ནི་ཚུལ་ཁྲིམས་དག་མི་འགྱུར། །
ཏེ་ཇི་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། འདོ ་སྲུངས་འདི་ ལ་དགེ་སློང་ཁ་ཅིག་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པས་ བསྡམས་ཤིང་གནས།ཆ་ོག་དང་སྤྱདོ ་ཡུལ་ཕུན་སུམ་ཚོགས་པ་ཁ་ན་མ་ཐ་ོབ་ཕྲ་རབ་ 52

སེམས་བསྐྱེད་པ་གཉིས་པ།
རྣམས་ལ་ཡང་འཇིགས་པར་ལྟ་བ། ཡང་དག་པར་བླངས་ཏེ་བསླབ་པའི་གཞི་རྣམས་ ལ་སློབ་ཅིང་ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་དང་ལྡན་པར་གྱུར་ པས་འཚོ་བ་ཡངོ ས་སུ་དག་ཀྱང་བདག་ཏུ་སྨྲ་བ་ཡིན་ཏེ།འདོ ་སྲུངས་དེ་ནི་ཚུལ་ཁྲིམས་ འཆལ་པ།ཚུལ་ཁྲིམས་དང་ལྡན་པ་ལྟར་བཅསོ ་པ་དང་པ་ོཞེས་བྱ་བ་ནས།འདོ ་སྲུངས་ གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་ པར་བླངས་ཀྱང་། དམིགས་པར་ལྟ་བ་ཡིན་ཏེ། ངར་འཛིན་པ་དང་ང་ཡིར་འཛིན་པ་ ལ་གནས་པ་དེ་ནི།འདོ་སྲུངས་ཚུལ་ཁྲིམས་འཆལ་བ་ཚུལ་ཁྲིམས་དང་ལྡན་པ་ལྟར་ བཅསོ ་པ་བཞི་པ་སྟེ། ཞེས་བྱ་བའི་བར་དུ་གསུངས་ས།ོ །བདག་ཏུ་སྨྲ་བ་ནི་དམིགས་པར་ལྟ་བའ།ོ ། དེ་ཡང་ང་དང་ང་ཡིར་འཛིན་པ་ལ་གནས་པས་བསྟན་ཏེ། དེའི་དོན་ནི་ཐུན་མོང་བའི་འཇིག་ལྟ་ལ་མི་བྱའི། ང་ དང་ང་ཡིར་བ་རང་གི་མཚན་ཉིད་ཀྱི་གྲུབ་པར་འཛིན་པ་མི་སྤོང་བ་ལ་བྱའ།ོ །དེ་ནི་ཞེས་པ་བཤད་མ་ཐག་པ་ལ་ སྙོག་ཏུ་མི་རུང་བས། གལ་ཏེ་རང་བཞིན་ཚུལ་ཁྲིམས་རྣམ་དག་པར། །མཐོང་ན་དེས་དེ་ཚུལ་ཁྲིམས་འཆལ་བ་ ཡིན། །ཞེས་ནག་ཚོས་དེས་དེ་ཞེས་བསྒྱུར་བ་ལེགས་ས།ོ །དམིགས་པ་ཅན་གྱི་ལྟ་བ་མི་སྤངོ ་ན་ཚུལ་ཁྲིམས་མི་དག་
དེ་ཕྱིར་དེ་ནི་རྟག་ཏུ་གསུམ་ཆར་ལའང་། །
གཉིས་བློའ་ིརྒྱུ་བ་ཡང་དག་བྲལ་བར་འགྱུར། ། ས་གཉིས་པ་བ་དེ་ནི་རྟག་ཏུ་སེམས་ཅན་གང་དག་ལ་ཚུལ་འཆལ་སྤོང་བར་བྱེད་པ་དང་། སྤོང་ གཉེན་གང་ཞིག་བྱེད་པ་དང་། གང་གིས་བྱེད་པ་དེ་གསུམ་ཅར་ལའང་དངོས་པོ་དང་ དངོས་པོ་མེད་པ་ལ་སོགས་པ འི་གཉིས་ཀྱི་ཆོས་ལ་རང་བཞིན་གྱིས་གྲུབ་་པར་ལྟ་བའི་ བློ་དང་ བྲལ་བར་སྟེ་སྤོང་བར་འགྱུར་རོ། །
53

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
དེ་ལྟར་རེ་ཞིག་བྱང་ཆུབ་སེམས་དཔའ་རྣམས་ཚུལ་ཁྲིམས་ཕུན་སུམ་ཚོགས་ པ་དང་ལྡན་པར་བརྗོད་ནས། དེའི་འགོ ་ཏུ་སྤྱིར་དེ་ལས་གཞན་པ་རྣམས་ཀྱི་ཚུལ་ ཁྲིམས་ཕུན་སུམ་ཚོགས་པ་ཡང་།སྦྱིན་པ་ལ་སགོ ས་པ་དག་ལས་ཀྱང་ཡནོ ་ཏན་ཤིན་ཏུ་ ཆེ་བ་ཉིད་དང་། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་ཉིད་དུ་གྱུར་བར་
བསྟན་པའི་ཕྱིརསྦྱ། ིན་པས་ལོངས་སྤྱོད་དག་ནི་འགྲོ་ངན་ནའང་། ། སྐྱེ་བོ་ཚུལ་ཁྲིམས་རྐང་པ་ཉམས་ལས་འབྱུང་། །
ཞེས་བྱ་བ་སྨསོ ་ཏེ།སྦྱིན་པ་གང་ཁ་ོན་ལས་སྦྱིན་བདག་ཚུལ་ཁྲིམས་དང་ལྡན་པར་གྱུར་ པ་དེ་ལ།ལྷ་དང་མི་དག་གི་ནང་དུ་ཁྱད་པར་དུ་འཕགས་པའི་ལངོ ས་སྤྱདོ ་ཕུན་སུམ་ ཚོགས་པ་འབྱུང་བ་དེ་ཉིད་ཚུལ་ཁྲིམས་ཀྱི་རྐང་པ་དང་བྲལ་བ་ལས་ངན་འགྲའོ ་ིའགྲ་ོ བར་ལྟུང་བ་ཉི་ཚེ་བའི་སེམས་ཅན་དམྱལ་བ་དང་། བ་ལང་དང་། རྟ་དང་། གླང་པ་ོ ཆེ་ དང་།སྤྲེའུ་དང་།ཀླུ་ལ་སགོ ས་པ་དང་།ཡི་དྭགས་རྫུ་འཕྲུལ་ཆེན་པ་ོཅན་ལ་སགོ ས་པ་ རྣམས་སུ་སྐྱེས་པ་དེ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་སྣ་ཚོགས་འབྱུང་བ་ཁོ་ནར་ འགྱུར་[ཏེ་] རོ། །དེ་ནི་ཚུལ་ཁྲིམས་དང་བྲལ་ན་དེས་སྦྱིན་པ་བཏང་བའི་འབྲས་བུ་ལོངས་སྤྱོད་རྣམས། བདེ་ འགྲོའ་ིརྟེན་ལ་མི་སྨིན་པར་ངན་འགྲོའ་ིརྟེན་ལ་སྨིན་པར་འགྱུར་བར་བསྟན་པས། སྦྱིན་འབྲས་བདེ་འགྲོའ་ིརྟེན་ ལ་སྨིན་པ་ཞིག་དགོས་པས་དེ་འདོད་ན། སྔར་བཤད་པའི་སྦྱིན་པ་གཏོང་བ་པོས་ཚུལ་ཁྲིམས་བསྲུང་བར་བྱའ།ོ །
ཚུལ་ཁྲིམས་དང་བྲལ་ན་སྦྱིན་འབྲས་ངན་འགྲོའ་ིརྟེན་ལ་སྨིན་པ་དང། རྟེན་དེ་ལ་སྔར་གྱི་སྦྱིན་པའི་ འབྲས་བུ་ལོངས་སྤྱོད་པ་ཙམ་ཡིན་གྱི། ཤིན་ཏུ་བླུན་པས་གསར་དུ་སྦྱིན་སོགས་སྒྲུབ་པ་མེད་པ་ དེའི་ཕྱིར། 54

སེམས་བསྐྱེད་པ་གཉིས་པ།
སྐྱེད་བཅས་དངོས་འདུ་ཡོངས་སུ་ཟད་པས་ན། །
ཕྱིན་ཆད་དེ་ལ་ལོངས་སྤྱོད་འབྱུང་མི་འགྱུར། ། དེ་ནི་དཔེར་ན་གང་ཞིག་ས་བནོ ་ཆེས་ཉུང་ངུ་བཏབ་ནས་འབྲས་བུ་རྒྱ་ཆེན་པ་ོའབྱུང་བ་ རྙེད་[ཅིང་] པའི་མི་དེ་སླར་ཡང་འབྲས་བུའི་ཆེད་དུ། དེ་བས་ཀྱང་ཆེས་མང་པའོ ་ིས་བནོ ་ འདེབས་པར་བྱེད་པ་དེ་ལ་ནི། འབྲས་བུའི་ཚོགས་ཆེན་པ་ོ དུས་ཇི་ལྟ་བ་བཞིན་དུ་ཉེ་ བར་འཕེལ་བས་རིམ་པ་རྣམ་པར་ཆད་པ་མེད་པ་ཡོང་སྲིད་ཀྱི། བྱས་པ་ཆུད་གསོན་ པའི་ཚུལ་ཅན་གང་ཞིག་བླུན་པ་ཉིད་ཀྱིས་ས་བནོ ་ཙམ་ཡང་མི་འདེབས་པར་སྔར་གྱི་ས་བནོ ་ ཙམ་ཡང་ཉེ་བར་ལོངས་སྤྱོད་པ་དེ་ལ་ནི། སྐྱེད་དང་ལྷན་ཅིག་ཏུ་དངོས་པོ་འདུ་བ་ ཡང་ཟད་པའི་ཕྱིར། འབྱུང་བར་འགྱུར་བའི་འབྲས་བུ་ཕུན་སུམ་ཚོགས་པ་སྐྱེ་བ་ལྟ་ ག་ལ་ཡདོ །དེ་བཞིན་དུ་ཚུལ་ཁྲིམས་དང་བྲལ་བའི་ཕྱིར།གནས་མ་ཡིན་པར་ལངོ ས་ སྤྱོད་ཉེ་བར་ལོངས་སྤྱོད་པ་ལ་ཡང་ཤིན་ཏུ་བླུན་པས་སྔ་ན་མེད་པའི་འཕེན་པ་དང་ བྲལ་བའི་ཕྱིར་དང་།སྔར་འཕངས་པ་མ་ལུས་པར་ཉེ་བར་ལངོ ས་སྤྱདོ ་པའི་ཕྱིར་ཕྱིས་ ལོངས་སྤྱོད་དག་འབྱུང་བ་མི་སྲིད་པར་འགྱུར་རོ། །
ཚུལ་ཁྲིམས་ཀྱི་རྐང་པ་དང་བྲལ་བ་འདིའི་ལངོ ས་སྤྱདོ ་རྒྱུན་པར་འབྱུང་བ་རྫགོ ས་ པ་ཤིན་ཏུ་རྙེད་པར་དཀའ་བ་འབའ་ཞིག་ཏུ་མ་ཟད་ཀྱི། ངན་འགྲོར་སོང་བས་ངན་ འགྲོ་ལས་ལྡང་བ་སྟེ་ཐོན་པ་ཡང་ཤིན་ཏུ་རྙེད་པར་དཀའ་ོཞེས་བྱ་བར་བསྟན་པའི་ཕྱིར།
གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པས། ། གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན། །
55

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་བ། །
དེ་ལས་ཕྱི་ནས་གང་གིས་སློང་བར་འགྱུར། །
ཞེས་བྱ་བ་སྨོས་ཏེ། གལ་ཏེ་འདི་དེའི་ཚེ། དཔའ་བོ་མཐུན་པའི་ཡུལ་ན་གནས་པའི་ འཆིང་བ་ལས་གྲོལ་བ་ལྟར།༼ཁ རང་གི་འདོད་པས་༼ཀ གཞན་ལ་རག་མ་ལས་པར་ ༼ག འཇུག་ཅིང་། ལྷ་དང་མི་ལ་སོགས་པའི་འགྲོ་བར་གནས་པ་ན། གལ་ཏེ་གང་ཟག་ འདི་བདག་ཉིད་ངན་འགྲོར་ལྟུང་བ་ལས་འཛིན་པར་མི་བྱེད་ན། དཔའ་བོ་བཅིངས་ནས་རི་ སུལ་ཆེས་ཆེན་པོར་བསྐྱུར་བ་ལྟར། ངན་འགྲོར་སོང་བ་དེ་ཕྱི་ནས་གང་གིས་འདོན་ པར་འགྱུར།དེས་ན་གནདོ ་པར་བྱ་བའི་ཕྱིར།ངན་འགྲའོ ་ིརྟེན་ལ་ནི་དགེ་བ་སྒྲུབ་པ་ཤིན་ཏུ་དཀནོ ་ ལ། སྡིག་པ་སོག་པ་ཤིན་ཏུ་མང་བས་ན། ངན་འགྲོ་ཁོ་ནར་ངེས་པར་བརྒྱུད་དགོས་པར་འགྱུར་རོ། ། དེ་ཉིད་ཀྱི་ཕྱིར་མདོ་སྡེ་ལས་ཀྱང། [དེ་ནས་] བརྒྱ་ལ་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ ཡང་། རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ་ཞེས་མིར་སྐྱེ་བ་དཀའ་བར་གསུངས་ སོ། །དེས་ན་ད་ལྟ་ནས་རང་ཉིད་ངན་འགྲོར་མི་ལྟུང་བར་གཟུང་དགོས་ལ། དེ་ཡང་ཚུལ་ཁྲིམས་ལ་འབད་པ་ བྱེད་པ་ཡིན་པར་ཤེས་པར་གྱིས་ཤིག །
གང་གི་ཕྱིར་དེ་ལྟར་ཚུལ་ཁྲིམས་འཆལ་བ་ནི་ངན་འགྲོར་འཁྲིད་པ་སོགས་ཉེས་ པའི་ཚོགས་ཤིན་ཏུ་མང་པོའ་ིགནས་སུ་གྱུར་པ།
དེ་ཕྱིར་རྒྱལ་བས་སྦྱིན་པའི་གཏམ་མཛད་ནས། །
ཚུལ་ཁྲིམས་རྗེས་འགྲོའ་ིགཏམ་ཉིད་མཛད་པ་ཡིན། ། དེ་ཉིད་ཀྱི་ཕྱིར་སྡིག་པའི་ཆསོ ་མཐའ་དག་ཕམ་པར་མཛད་པའི་རྒྱལ་བས་སྦྱིན་པ་ལ་ 56

སེམས་བསྐྱེད་པ་གཉིས་པ།
སགོ ས་པའི་ཡནོ ་ཏན་ཆུད་མི་ཟ་བར་བྱ་བའི་ཕྱིར།སྦྱིན་པའི་གཏམ་གྱི་དུས་ཀྱི་མཇུག་ ཐོགས་སུ་ཚུལ་ཁྲིམས་ཀྱི་གཏམ་ཁོ་ན་མཛད་དོ། །རྒྱུ་མཚན་གང་གི་ཕྱིར་ཞེ་ན།
ཡོན་ཏན་ཚུལ་ཁྲིམས་ཞིང་དུ་རྣམ་འཕེལ་ན། །
འབྲས་བུ་ཉེར་སྤྱོད་ཆད་པ་མེད་པར་འགྱུར། །
ཡནོ ་ཏན་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་ཕྱིར།ཚུལ་ཁྲིམས་ཉིད་ཀྱི་ཞིང་ང་ོ།།ཞིང་དེར་ སྦྱིན་པ་ལ་སོགས་པའི་ཡོན་ཏན་རྣམས་རྣམ་པར་འཕེལ་བ་ན། རྒྱུ་སྦྱིན་པ་སོགས་དང་ འབྲས་བུ་ལུས་དང་ལངོ ས་སྤྱདོ ་བཟང་པ་ོལ་ཉེ་བར་སྤྱདོ ་པའི་བརྒྱུད་པ་གངོ ་ནས་གངོ ་དུ་རིམ་པ་ རྣམ་པར་མ་ཆད་པའི་སྒ་ོནས་འབྲས་བུའི་ཚོགས་ཉེ་བར་འཕེལ་ཞིང་།དུས་རིང་པརོ ་ ཉེ་བར་ལངོ ས་སྤྱད་པར་ནུས་ཀྱི། དེ་ལས་གཞན་དུ་ནི་དེ་ལྟར་ནུས་པ་མ་ཡིན་ན།ོ །དེས་ནི་སྦྱིན་ པ་གཏོང་བ་རྣམས་ཀྱིས་སྦྱིན་འབྲས་ཀྱི་ལོངས་སྤྱོད་ཕུན་ཚོགས་འབྱུང་བ་ཁོ་ནའི་རྩིས་མི་གཏོང་བར། ལོངས་ སྤྱོད་དེ་གང་གིས་སྤྱོད་པའི་ལུས་རྟེན་ཕུན་ཚོགས་ཀྱི་རྩིས་དང། ལོངས་སྤྱོད་དེ་སྐྱེ་བ་དུ་མར་འངོ ་བའི་རྩིས་ ཀྱང་གཏང་དགོས་ལ། དེའི་ཐབས་ཀྱང་ཚུལ་ཁྲིམས་སྲུང་བ་ཤིན་ཏུ་གལ་ཆེ་བར་ཤེས་དགོས་ཞེས་པའི་དོན་ནོ། །
བདེ་འགྲོའ་ི ལུས་དང་རྟེན་དེ་ལ་སྦྱིན་འབྲས་ཡུན་རིང་དུ་སྤྱོད་པ་གཉིས་ཀ་ཚུལ་ཁྲིམས་ལ་རག་ ལས་ཤིང། དེ་ཉིད་ངེས་ལེགས་འཐོབ་པ་ལ་ཡང་མེད་མི་རུང་བ་ཡིན་པ་དེའི་ཕྱིར་ཚུལ་འདིས།
སོ་སོའ་ིསྐྱེ་བོ་རྣམས་དང་གསུང་སྐྱེས་དང་། ། རང་བྱང་ཆུབ་ལ་བདག་ཉིད་ངེས་རྣམས་དང་། ། རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང་། ། མངོན་མཐོའ་ིརྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །
57

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཇི་སྐད་དུ་ས་བཅུ་པའི་མད་ོ ལས། མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་བསྟེན་པ་དང་། མང་དུ་བྱས་པའི་ཤས་ཆེ་བས་ནི་སེམས་ཅན་དམྱལ་བའི་རྒྱུར་འགྱུར་ར།ོ །འབྲིང་གིས་ ནི་དུད་འགྲོའ་ིསྐྱེ་གནས་ཀྱི་རྒྱུར་འགྱུར་རོ། །ཆུང་ངུས་ནི་གཤིན་རྗེའི་འཇིག་རྟེན་ གྱི་རྒྱུར་འགྱུར་རོ། །དེ་ལ་སྲོག་གཅོད་པས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །དུད་ འགྲོའ་ིསྐྱེ་གནས་སུ་ཁྲིད་ད།ོ །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་ད།ོ །དེ་ནས་གལ་ཏེ་མི་ རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། ཚེ་ཐུང་ བ་དང་། ནད་མང་བར་འགྱུར་ར།ོ །མ་བྱིན་པར་ལེན་པས་ནི་སེམས་ཅན་དམྱལ་བར་ ཁྲིད་ད་ོཞེས་བྱ་བ་ནས་ལངོ ས་སྤྱདོ ་ཆུང་བ་དང་།ཐུན་མངོ ་གི་ལངོ ས་སྤྱདོ ་དུ་འགྱུར་ བའ་ོཞེས་བྱ་བའི་བར་དང་།འདདོ ་པས་ལགོ ་པར་གཡེམ་པས་ནི་སེམས་ཅན་དམྱལ་ བར་ཁྲིད་དོ་ཞེས་བྱ་བ་ནས། འཁོར་གཡོག་བརྟན་དུ་མི་རུང་བ་དང་། དགྲ་ཟླ་དང་ བཅས་པའི་ཆུང་མར་འགྱུར་བའ་ོ ཞེས་བྱ་བའི་བར་དང་། བརྫུན་དུ་སྨྲ་བས་ནི་སེམས་ ཅན་དམྱལ་བར་ཁྲིད་དོ་ཞེས་བྱ་བ་ནས། སྐུར་པ་མང་བ་དང་། གཞན་གྱི་བསླུ་བར་ འགྱུར་བའ་ོཞེས་བྱ་བའི་བར་དང་།ཕྲ་མས་ནི་སེམས་ཅན་དམྱལ་བར་ཁྲིད་དོ་ཞེས་ བྱ་བ་ནས། འཁོར་གཡོག་མི་འདུམ་པ་དང་། འཁོར་གཡོག་ངན་པར་འགྱུར་རོ་ཞེས་ བྱ་བའི་བར་དང་།ཚིག་རྩུབ་མསོ ་ནི་སེམས་ཅན་དམྱལ་བར་ཁྲིད་ད་ོཞེས་བྱ་བ་ནས། ཡིད་དུ་མི་འངོ ་བ་ཐསོ ་པ་དང་འཐབ་མའོ ་ིཚིག་ཏུ་འགྱུར་བའ་ོ ཞེས་བྱ་བའི་བར་དང་། ཚིག་འཁྱལ་པས་ནི་སེམས་ཅན་དམྱལ་བར་ཁྲིད་ད་ོཞེས་བྱ་བ་ནས།གཟུང་བར་འསོ ་ པའི་ཚིག་མ་ཡིན་པ་དང་། མ་ངེས་པའི་སྤོབས་པར་འགྱུར་བའ་ོ ཞེས་བྱ་བའི་བར་ 58

སེམས་བསྐྱེད་པ་གཉིས་པ།
དང་། བརྣབ་སེམས་ཀྱིས་ནི་སེམས་ཅན་དམྱལ་བར་ཁྲིད་དོ་ཞེས་བྱ་བ་ནས། ཆོག་ མི་ཤེས་པ་དང་། འདོད་པ་ཆེ་བར་འགྱུར་རོ་ཞེས་བྱ་བའི་བར་དང་། གནོད་སེམས་ ཀྱིས་ནི་སེམས་ཅན་དམྱལ་བར་ཁྲིད་དོ་ཞེས་བྱ་བ་ནས། ཕན་པ་མི་ཚོལ་བ་དང་། གཞན་གྱིས་གནོད་པ་བྱས་པར་འགྱུར་རོ་ཞེས་བྱ་བའི་བར་དང་། ལོག་པར་ལྟ་བས་ ནི་སེམས་ཅན་དམྱལ་བར་ཁྲིད་དོ། །དུད་འགྲོའ་ིསྐྱ་གནས་སུ་ཁྲིད་དོ། །གཤིན་རྗེའི་ འཇིག་རྟེན་དུ་ཁྲིད་ད།ོ །དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་། རྣམ་པར་ སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། ལྟ་བ་ངན་པར་ལྟུང་བ་དང་། གཡོ་སྒྱུ་ཅན་དུ་ འགྱུར་རོ། །དེ་ལྟར་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ནི་སྡུག་བསྔལ་གྱི་ཕུང་ པ་ོཆེན་པ་ོཚད་མེད་པ་སྡུད་པར་འགྱུར་གྱིས།དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་ པར་བླངས་པའི་རྒྱུས་ནི་ལྷ་དང་མིར་སྐྱེ་བ་ལ་སགོ ས་པ་སྲིད་པའི་རྩེ་མའོ ་ིབར་དུ་སྐྱེ་ བ་ཡདོ ་པར་འགྱུར་ར།ོ །དེའི་གངོ ་དུ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཉི་ཚེ་བའི་ སེམས་དང་། ཁམས་གསུམ་པས་སྐྲག་པའི་ཡིད་དང་། སྙིང་རྗེ་ཆེན་པོ་མེད་པ་དང་། གཞན་ལས་ཐསོ ་པའི་རྗེས་སུ་འགྲ་ོསྟེ་སྒྲའི་རྗེས་སུ་འབྲང་བར་ཤེས་རབ་ཀྱི་རྣམ་པས་ ཡོངས་སུ་བསྒོམ་ན། ཉན་ཐོས་ཀྱི་ཐེག་པ་ཡོངས་སུ་འགྲུབ་པར་བྱེད་དོ། །དེའི་གོང་ དུ་གཞན་གྱི་དྲིང་མི་འཇོག་པ་དང་། རང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། སྙིང་རྗེ་ཆེན་པ་ོདང་།ཐབས་མཁས་པ་མེད་པ་དང་།རྐྱེན་ཉིད་འདི་པ་ཟབ་མ་ོཁངོ ་དུ་ ཆུད་པས་ཡོངས་སུ་སྦྱངས་ན། རང་སངས་རྒྱས་ཀྱི་ཐེག་པ་འགྲུབ་པར་བྱེད་དོ། །དེའི་ གངོ ་དུ་ཤིན་ཏུ་རྒྱ་ཆེ་ཞིང་ཚད་མེད་པའི་སྙིང་བརྩེ་བ་དང་།སྙིང་རྗེ་དང་ལྡན་པ་དང་།
59

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཐབས་ལ་མཁས་པས་བསྡུས་པ་དང་། སྨནོ ་ལམ་ཆེན་པ་ོཤིན་ཏུ་བཏབ་པ་དང་། སེམས་ ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཤིན་ཏུ་རྒྱས་པ་ ལ་དམིགས་པས་ཡོངས་སུ་སྦྱངས་ན། བྱང་ཆུབ་སེམས་དཔའི་ས་ཡོངས་སུ་དག་པ་ དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའི་སྤྱོད་པ་རྒྱ་ཆེན་པོ་འགྲུབ་པར་བྱེད་དོ་ ཞེས་རྒྱ་ཆེར་གསུངས་པ་ལྟ་བུའ།ོ །དེའི་ཕྱིར་ཚུལ་འདིས་དགེ་བ་བཅུའི་ལས་ཀྱི་ལམ་ དེ་དག་མ་གཏོགས་པར་སོ་སོའ་ིསྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཅི་རིགས་པར་མངོན་པར་མཐོ་བའི་འཁོར་བའི་ བདེ་བ་དང་། ངེས་པར་ལེགས་པ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་ པའི་རང་བཞིན་ཐར་པའི་མཚན་ཉིད་ཅན་ཐོབ་པའི་ཐབས་གཞན་ཡོད་པ་མ་ཡིན་ ནོ་ཞེས་བྱ་བར་གསལ་བར་བསྟན་པར་འགྱུར་རོ། །ཤེས་སྤྲིང་ལས་ཀྱང། ཁྱོད་ཀྱིས་ཚུལ་ཁྲིམས་ མ་ཉམས་མོད་མི་དམའ། །མ་འདྲེས་མ་སྦགས་པ་དག་བསྟེན་པར་མཛོད། །ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་ དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་ཚུལ་ཁྲིམས་ལ་སློབ་པ་གལ་ཚེ་བར་གསུངས་སོ། །
གང་སེམས་བསྐྱེད་པ་གཉིས་པའི་བྱང་ཆུབ་སེམས་དཔའ་དེ་ནི། ཇི་ལྟར་རྒྱ་མཚོ་རོ་དང་ལྷན་ཅིག་དང་། ། བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་བཞིན། ། དེ་ལྟར་ཚུལ་ཁྲིམས་དབང་བྱས་བདག་ཉིད་ཆེ། ། དེ་འཆལ་བ་དང་ལྷན་ཅིག་གནས་མི་འདོད། །
དོ། །བཞི་བརྒྱ་པའི་འགྲེལ་པ་ལས། བཀྲིས་མ་གང་དུ་ཞུགས་པའི་ཁྱིམ་དུ་སྣ་ནག་མ་ཡང་གདོན་མི་ཟ་བར་ཡོད་
60

སེམས་བསྐྱེད་པ་གཉིས་པ།
དོ། །ཞེས་གསུངས་པ་དང་འདིར་བཤད་པ་གཉིས་མི་འགལ་ཏེ། དེར་ནི་མིང་དེ་དང་ལྡན་པའི་གང་ཟག་གཉིས་
ལ་དགོངས་ལ། འདིར་སྣ་ནག་མ་ཞེས་བྱ་བ་ནི། བཀྲ་མི་ཤིས་པའི་རྣམ་གྲངས་སོ། ། ཇི་སྐད་བཤད་པའི་ཚུལ་ཁྲིམས་ལ་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དབྱེ་བ་
བཤད་པ་ནི།
གང་གིས་གང་ཞིག་གང་ལ་སྤོང་བྱེད་པ། །
གསུམ་དུ་དམིགས་པ་ཡོད་ན་ཚུལ་ཁྲིམས་དེ། །
འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཅེས་བཤད། ། ཚུལ་ཁྲིམས་དེ་ནི་འཁརོ ་གསུམ་དུ་བདེན་པར་དམིགས་པའི་ས་བནོ ་འགགོ ་མི་ནུས་པ་ཡདོ ་
ན། དེ་འདྲ་བའི་ཚུལ་ཁྲིམས་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པའ་ོཞེས་བསྟན་ཏོ། ། གསུམ་ལ་ཆགས་པས་སྟོང་དེ་འཇིག་རྟེན་འདས། །
ཚུལ་ཁྲིམས་དེ་ཉིད་སྔར་ཇི་སྐད་བཤད་པའི་འཁོར་གསུམ་པོར་བདེན་པར་དམིགས་པ་ མེད་ན་སྟེ་མི་དམིགས་པར་རྟགོ ས་པའི་ཟག་མེད་ཀྱི་ཤེས་རབ་ཀྱིས་ཟིན་ན་ནི་འཇིག་རྟེན་ལས་འདས་ པའི་ཕ་རོལ་ཏུ་ཕྱིན་པའ་ོཞེས་ཚུལ་ཁྲིམས་ལ་གཉིས་ཀྱི་དབྱེ་བ་བཤད་དོ། །
ཇི་སྐད་བཤད་པའི་སའི་ཡནོ ་ཏན་རྗེས་སུ་བརྗདོ ་པའི་སྒ་ོནས་ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐབས་ཡོངས་སུ་རྫོགས་པར་འཆད་པ་ནི།
རྒྱལ་སྲས་ཟླ་བ་ལས་བྱུང་སྲིད་མིན་སྲིད་པ་ཡི། ། དཔལ་གྱུར་དྲི་མ་དང་བྲལ་དྲི་མ་མེད་འདི་ཡང་། ། སྟོན་ཀའི་དུས་ཀྱི་ཟླ་བའི་འདོ ་ནི་ཇི་བཞིན་དུ། །
61

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
འགྲོ་བའི་ཡིད་ཀྱི་གདུང་བ་སེལ་བར་བྱེད་པ་ཡིན། །
ཞེས་བྱ་བའ།ོ །དྲི་མ་མེད་པ་ཞེས་བྱ་བ་ནི། དགེ་བ་བཅུའི་ལས་ཀྱི་ལམ་གྱི་དྲི་མ་མེད་ པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའི་ས་གཉིས་པའི་དོན་དང་མཐུན་པའི་མིང་ངོ་། ། ཇི་ལྟར་སྟོན་ཀའི་ཟླ་བའི་འདོ ་དྲི་མ་དང་བྲལ་བས་སྐྱེ་བོའ་ིགདུང་བ་སེལ་བར་བྱེད་ པ་དེ་བཞིན་དུ། རྒྱལ་བའི་སྲས་[ཀྱི་] ས་གཉིས་པའི་ཟླ་བ་ལས་བྱུང་བའི་དྲི་མ་མེད་པ་ འདི་ཡང་འཆལ་བའི་ཚུལ་ཁྲིམས་ཀྱིས་བསྐྱེད་པའི་ཡིད་ཀྱི་གདུང་བ་སེལ་བར་བྱེད་ པ་ཡིན་ནོ། །ས་གཉིས་པ་འདི་ནི་འཁོར་བར་འཁོར་བའི་ཁོངས་སུ་མ་གཏོགས་པས་སྲིད་ པ་འཁོར་བ་མ་ཡིན་ཡང་སྲིད་པའི་དཔལ་ཏེ། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ ཅད་བྱང་སེམས་དེའི་རྗེས་སུ་འགྲོ་བའི་ཕྱིར་དང་། སེམས་ཅན་གྱི་དོན་དུ་སྨོན་ལམ་གྱི་དབང་ གིས་གླིང་བཞིའི་དབང་ཕྱུག་ཕུན་སུམ་ཚོགས་པ་སྟེ་གླིང་བཞི་ལ་དབང་བ འི་འཁོར་བསྒྱུར་ གྱི་རྒྱུ་ཕུལ་དུ་བྱུང་བ་ཡིན་པའི་ཕྱིར་རོ། །དབུ་མ་ལ་འཇུག་པའི་བཤད་པ འི་མཆན་ལས། སེམས་བསྐྱེད་པ་གཉིས་པའ།ོ། །།
62

སེམས་བསྐྱེད་པ་གསུམ་པ།
༈ ད་ནི་སེམས་བསྐྱེད་པ་གསུམ་པའི་དབང་དུ་བྱས་ནས། ཤེས་བྱའི་བུད་ཤིང་མ་ལུས་སྲེག་པའི་མེ། །
འདོ ་འབྱུང་ཕྱིར་ན་ས་ནི་གསུམ་པ་འདི། ། འདོ་བྱེད་པ་སྟེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཞེས་བྱ་བ་སྨསོ ་ས།ོ །འདོ ་བྱེད་པ་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་གསུམ་པའི་ མིང་ང་ོ།།ཡང་འདི་ཅིའི་ཕྱིར་འདོ ་བྱེད་པ་ཞེས་བྱ་བ་ཡིན་ཞེ་ན།དེ་ནི་མཚན་༼ཁ དནོ ་༼ཀ དང་༼ག མཐུན་པ་ཉིད་སྟོན་པར་བྱེད་དོ།།དེ་ཡང་ཡིན་ཏེ།ས་གསུམ་པ་ཐོབ་པ་དེའི་ཚེ་ཤེས་ བྱའི་བུད་ཤིང་མ་ལུས་པ་སྲེག་པའི་ཡེ་ཤེས་ཀྱི་མེ་གཉིས་སྣང་གི་སྤྲསོ ་པ་ཀུན།མཉམ་གཞག་ཏུ་ཞི་ བ ར་བྱེད་ནུས་པ འི་བདག་ཉིད་ཅན་གྱི་འདོ ་འབྱུང་བའི་ཕྱིར། ས་འདི་ལ་འདོ ་བྱེད་པ་ ཞེས་བཤད་དོ། །དེ་ཡང་སེམས་གསུམ་པ་བསྐྱེད་པའི།
་་་་་་་་་་་་་་་་་་་་་་་་བདེ་གཤེགས་སྲས་དེ་ལ། །
དེ་ཚེ་ཉི་ལྟར་ཟངས་འདྲའི་སྣང་བ་འབྱུང་། ། ཇི་ལྟར་ཉི་མ་ཤར་བའི་གནས་སྐབས་ཀྱི་སྔ་རོལ་དུ་ཟངས་ལྟ་བུའི་སྣང་བ་འབྱུང་བ་ ལྟར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འདི་ལ་ཡང་དེར་ཡེ་ཤེས་ཀྱི་སྣང་བ་འབྱུང་ ང་ོ ། །འདི་ནི་ས་དེར་རྗེས་ཐབོ ་ཏུ་འདོ ་དམར་པའོ མ་དམར་སེར་གྱིས་ཀུན་ཏུ་ཁྱབ་པའི་སྣང་བ་འབྱུང་བའ།ོ །རིན་ ཆེན་འཕྲེང་བ་ལས་ཀྱང། ས་གསུམ་པ་ནི་འདོ ་བྱེད་པའ།ོ །ཡེ་ཤེས་ཞི་བའི་འདོ ་འབྱུང་ཕྱིར། །བསམ་གཏན་མངནོ ་ ཤེས་སྐྱེས་པ་དང། །འདོད་ཆགས་ཞེ་སྡང་ཡོངས་ཟད་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ན། །བཟོད་དང་བརྩོན་
63

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
འགྲུས་ལྷག་པར་སྤྱདོ ། །ལྷ་ཡི་དབང་ཆེན་མཁས་པ་སྟེ། །འདདོ ་པའི་འདདོ ་ཆགས་ཟླགོ ་པ་ཡིན། །ཞེས་གསུངས་ས།ོ ། ཡེ་ཤེས་ཀྱི་སྣང་བ་དེ་ལྟ་བུ་རྙེད་པའི་བྱང་ཆུབ་སེམས་དཔའ་དེ་ལ། བཟདོ ་
པའི་ཕ་རོལ་ཏུ་ཕྱིན་པ་ལྷག་པ་ཉིད་དུ་བསྟན་པའི་ཕྱིར། གལ་ཏེ་གནས་མིན་འཁྲུགས་པ་འགའ་ཡིས་དེའི། །
ལུས་ལས་ཤ་ནི་རུས་བཅས་ཡུན་རིང་དུ། ། སྲང་རེ་རེ་ནས་བཅད་པར་གྱུར་ཀྱང་དེའི། ། བཟོད་པ་གཅོད་པར་བྱེད་ལ་ལྷག་པར་སྐྱེ། །
ཞེས་བྱ་བ་སྨསོ ་ས།ོ །དེ་ཡང་བྱང་ཆུབ་སེམས་དཔའ་ས་གསུམ་པ་ནི་གཞན་གྱི་སེམས་རྗེས་ སུ་བསྲུང་བ་ཉིད་ཀྱི་ཕྱིར་དང་། ཤེས་བྱའི་བུད་ཤིང་ཞེས་པར་བཤད་པ་དེ་ལྟ་བུའི་ཡེ་ཤེས་ཞི་ བ་ཡདོ ་པའི་ཕྱིར།གང་གིས་གཞན་དག་གི་མནར་སེམས་ཀྱི་གཞི་འདིས་བདག་དང་བདག་ གི་གཉེན་ལ་གནོད་པ་སྔར་བྱས་སོ།།ད་ལྟ་བྱེད་དོ།།མ་འངོས་པར་ན་བྱེད་པར་འགྱུར་རོ།།ཞེས་དུས་གསུམ་ གྱི་དོན་མ་ཡིན་པ་དོགས་པ་ཅན་དུ་འགྱུར་བ་དེ་ལྟ་བུའི་རང་བཞིན་གྱི་ལུས་དང་ ངག་དང་ཡིད་འཇུག་པར་མངནོ ་དུ་བྱེད་པ་མ་ཡིན་ཏེ།དེའི་ཕྱིར་ན།གལ་ཏེ་གནས་ མིན་འཁྲུགས་པ་འགའ་ཡིས་དེའི། །ཞེས་ཁྱད་པར་དུ་བྱས་སོ། །དེ་ལྟར་ཡིན་ཀྱང་གལ་ཏེ་ རྣམ་པ་དེ་ལྟ་བུའི་སེམས་ཅན་གྱིས་བྱང་ཆུབ་སེམས་དཔའ་དེའི་ལུས་ལས་ཤ་ནི་རྐྱང་ པ་མིན་པར་རུས་པ་དང་བཅས་པ་དང། ཤིན་ཏུ་ཆེ་བ་མི་གཅོད་པར་སྲང་རེ་རེ་ནས། རྒྱུན་གཅིག་ ལ་མི་གཅདོ ་པར་སྡདོ ་ཅིང་སྡདོ ་ཅིང་དུས་ཐུང་ངུ་ལ་གཅདོ ་པ་ཟིན་པར་མི་བྱེད་པར།ཡུན་རིང་པརོ ་ གཅོད་པར་གྱུར་ཀྱང་། རྣམ་པ་དེ་ལྟ་བུའི་གཅོད་པར་བྱེད་པ་པོ་ལ་སེམས་ཁོང་ནས་
64

སེམས་བསྐྱེད་པ་གསུམ་པ།
འཁྲུགས་པ་ཉིད་དུ་མི་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། སྡིག་པའི་ལས་དེའི་རྐྱེན་ ཅན་དམྱལ་བ[འི་] ༼ཁ སྡུག་བསྔལ་༼ཀ ལ་སོགས་པ འི་༼ག རིགས་མཐུན་གཞན་ལ ས་ལྷག་པར་མྱོང་བར་དམིགས་པའི་བྱང་ཆུབ་སེམས་དཔའ་ལ། གཅོད་བྱེད་དེ་ལ་དམིགས་ ནས་ཆེས་ལྷག་པར་བཟདོ ་པ་ཉིད་སྐྱེ་བར་འགྱུར་ར།ོ །འདི་ནི་བཟདོ ་པ་ལྷག་པའི་ལྷག་ཚུལ་ཡིན་ པས། རབ་དགའ་སོགས་ས་གཉིས་སུ་ལུས་བཅད་པ་ལ་རྒྱུད་མི་འཁྲུག་པ་ཡོད་ཀྱང། བཟོད་པ་ལྷག་པར་སྐྱེ་བ་ མེད་པར་གསལ་བས། བཟོད་པ་ལྷག་པ་ནི་ས་འདི་ནས་བཟུང་སྟེ་འབྱུང་བར་ཤེས་པར་བྱའ།ོ །གཞན་ཡང་། བདག་མེད་མཐོང་བའི་བྱང་ཆུབ་སེམས་དཔའ་ལ། །
གང་ཞིག་གང་གིས་གང་ཚེ་ཇི་ལྟར་གཅོད། ། གང་ཕྱིར་ཆོས་ཀྱང་དེ་ཡི་གཟུགས་བརྙན་ལྟར། ། མཐོང་བ་དེས་ན་དེ་ཡིས་བཟོད་པར་འགྱུར། །
སྡིག་པའི་ལས་དེའི་རྐྱེན་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལ་ལྷག་པར་ དམིགས་ནས་ཆེས་ལྷག་པར་བཟོད་པར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། གང་ གི་ཕྱིར་བྱང་སེམས་ས་གསུམ་པ་བ་དེས་གང་གིས་གཅོད་པ་དང། གང་ཞིག་བཅད་པར་བྱ་བ་དང། དུས་ གང་གི་ཚེ་ཚུལ་ཇི་ལྟར་གཅོད་པའི་འཁོར་གསུམ་གྱི་ཆོས་རྣམས་ཀྱང་གཟུགས་བརྙན་དང་འདྲ་ བར་མངོན་སུམ་དུ་མཐོང་ཞིང་། བདག་དང་བདག་གི་བའི་ཀུན་བརྟགས་ཀྱི་འདུ་ཤེས་དང་ བྲལ་བ་འདིའི་ཕྱིར་ཡང་ཆེས་ཤིན་ཏུ་བཟདོ ་པ་ཉིད་ད།ོ །ཀྱང་གི་སྒྲས་ནི་བཟདོ ་པའི་རྒྱུ་ བསྡུ་བར་བྱ་བའི་ཕྱིར་ར།ོ །ཞེས་པས་མི་འཁྲུག་པའི་རྒྱུ་སྔ་མར་མ་ཟད་བཤད་མ་ཐག་པ་འདིས་ཀྱང་བཟདོ ་ ཅེས་པ་ཡིན་པའི་ཕྱིར་དང། འདིའི་ཕྱིར་ཡང་ཞེས་གསུངས་པས། མཐོང་བ་དེས་ཀྱང་ཞེས་བསྒྱུར་རྒྱུ་ཡིན་ནོ། །
65

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
བཟོད་པ་འདི་བྱང་ཆུབ་སེམས་དཔའ་སར་གནས་པ་རྣམས་ཀྱི་ཐུགས་དང་འཚམ་ པའི་ཆོས་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། སར་གནས་པ་དེ་ལས་གཞན་པ་རྣམས་ཀྱི་ ཡོན་ཏན་མཐའ་དག་བསྲུང་བའི་རྒྱུ་ཡང་ཡིན་པས། མི་བཟདོ ་པ་དང་ལྡན་པ་[ལྟར་] རྣམས་ཁྲོ་བ་ལས་ལྡོག་པར་རིག་པར་འཆད་པ་ནི།
གནོད་པ་བྱས་པས་གལ་ཏེ་བཀོན་ན། ། དེ་ལ་བཀོན་པས་བྱས་ཟིན་ལྡོག་གམ་ཅི། ། དེ་ཕྱིར་དེ་བཀོན་ངེས་པར་འདིར་དོན་མེད། ། འཇིག་རྟེན་ཕ་རོལ་ཡང་ནི་འགལ་བར་འགྱུར། །
ཞེས་བྱ་བ་སྟེ། གལ་ཏེ་རེ་ཞིག་ཁོང་འཁྲུགས་པའི་སྐབས་སྟེར་བ་འདི་གནོད་པ་བྱས་ པ་གཞན་ལ་ཁྲོ་ན་དེའི་ཚེ་གནོད་པ་བྱས་ཟིན་ལ་བཟློག་ཏུ་མེད་པའི་ཕྱིར། དེ་ལ་ དམིགས་པའི་ཞེ་འཁམ་པ་སྟེ་ཞེ་ལ་བརྩུབ་པའི་སེམས་ཀར་ཀར་བ་སྟེ་ཁྲ་ོབ་དནོ ་མེད་པ་ཉིད་ད།ོ །རྒྱུ་བྱས་ཟིན་པའི་ཕྱིར་ར།ོ །འདིའི་བཀནོ ་པ་ད་ལྟ་དགསོ ་པ་མེད་པ་འབའ་ཞིག་ཏུ་མ་ ཟད་ཀྱི།འཇིག་རྟེན་ཕ་རལོ ་དང་ཡང་འགལ་བར་འགྱུར་ཏེ།ཁངོ ་ཁྲ་ོབ་སྐྱེས་པ་ཡིན་ ན་ཤི་བའི་འགོ ་ཏུ་རྣམ་པར་སྨིན་པ་ཡིད་དུ་མི་འངོ ་བ་འཕེན་པའི་ཕྱིར་རོ། །
གང་ཞིག་རང་གིས་སྔནོ ་ཉེས་པར་སྤྱད་པ་བྱས་པའི་འབྲས་བུའི་ཁྱད་པར་སྡུག་ བསྔལ་ལ་ཉེ་བར་སྤྱོད་པ་བཞིན་དུ། དེ་ལ་གཏི་མུག་པས་གཞན་གྱིས་བདག་ལ་གནོད་ པ་དེ་བྱས་སོ་སྙམ་དུ་རྟོག་པ་དེ་ལ་ནི་གནོད་པ་བྱེད་པ་ལ་ཁྲོ་བ་ཉེ་བར་སྐྱེ་ལ། ལན་ དུ་གནདོ ་པ་བསྐྱལ་བས་ཕྱིས་དེའི་གནདོ ་པ་ཕམ་པ་སྟེ་སྡུག་བསྔལ་བ་མི་འབྱུང་བར་འདདོ ་
66

སེམས་བསྐྱེད་པ་གསུམ་པ།
པ་གང་ཡིན་པ་དེ་ཡང་བཟློག་པར་བྱ་བའི་ཕྱིར་བཤད་པ། སྔོན་བྱས་པ་ཡི་མི་དགེའི་ལས་ཀྱི་འབྲས་བུ་གང་། །
ཟད་པར་བྱེད་པ་བརྗོད་པར་འདོད་པ་དེ་ཉིད་ཀོ ། གཞན་ལ་གནོད་པ་དང་ནི་ཁྲོ་བས་སྡུག་བསྔལ་ཕྱིར། ། ས་བོན་ཉིད་དུ་ཇི་ལྟ་བུར་ན་ཁྲིད་པར་བྱེད། །
གང་ཞིག་མཚོན་ཆ་རྣོན་པའོ་ིས་ོབབས་པས།དེ་ལ་ལུས་ལ་གནདོ་པའི་སྡུག་བསྔལ་ ཆེས་ཆེ་བ་དགྲ་དག་གིས་ཉེ་བར་བསྒྲུབས་པ་དེ་ནི། འབྲས་བུ་འབྱུང་བ་ཐ་མ་སྲོག་ གཅདོ ་པའི་ལས་སྔནོ ་བྱས་པ་སེམས་ཅན་དམྱལ་བ་དང་། དུད་འགྲའོ ་ིསྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལ་སོགས་པའི་རྣམ་པར་སྨིན་པའི་འབྲས་བུ་དྲག་པ་ཉམས་ སུ་མྱོང་བར་གྱུར་ཅིང་། རྒྱུ་མཐུན་པའི་འབྲས་བུ་ཉོན་མོངས་པ་ལྷག་མར་ལུས་པ་ ཅན་རྣམས་ཀྱི་འབྲས་བུ་ཡིད་དུ་མི་འངོ ་བ་མ་ལུས་པ་ལྡོག་པའི་རྒྱུ་གང་ཡིན་པ་སྟེ། དེ་ཇི་ལྟར་སླར་ཡང་རྣམ་པར་འགྱུར་བས་སྨན་གྱི་བཏུང་བ་ཐ་མ་ཁོང་ན་ཡོད་པའི་ ནད་གས་ོབའི་རྒྱུ་ལྟར་ཁངོ ་ནས་འཁྲུག་པ་དང་།གཞན་ལ་གནདོ ་པ་དག་གིས་འབྲས་ བུ་ཡིད་དུ་མི་འངོ ་བ་འདས་ཟིན་པ་བས་ཀྱང་ཆེས་ལྷག་པར་གནོད་པར་བྱེད་པའི་ འབྲས་བུ་འབྱུང་བའི་རྒྱུ་ཉིད་དུ་བཀྲི་བར་འགྱུར། དེའི་ཕྱིར་དེས་སྨན་པ་ནད་གསོ་ བར་བྱེད་པའི་རྒྱུར་གྱུར་པ་གཙགས་ཆ་རྣོན་པོའ་ིལས་བྱེད་པ འི་སྡུག་བསྔལ་ལ་བཟོད་ པར་བྱ་བ་ལྟར། ཕུག་ཀྱི་འབྲས་བུ་སྡུག་བསྔལ་མཐའ་ཡས་པ་འབྱུང་བའི་རྒྱུ་ལྡོག་པའི་དོན་དུ། འཕྲལ་གྱི་སྡུག་བསྔལ་ཆུང་ངུ་ལ་ཆེས་ཤིན་ཏུ་བཟོད་པར་རིགས་སོ། །
67

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
མི་བཟདོ ་པ་ནི་ཇི་སྐད་བཤད་པའི་ཚུལ་གྱིས་རྣམ་པར་སྨིན་པ་ཡིད་དུ་མི་འངོ ་ བ་ཡངས་པ་འཕེན་པའི་རྒྱུ་ཡིན་པ་འབའ་ཤིག་ཏུ་མ་ཟད་ཀྱི། ཡུན་རིང་དུ་བསགས་ པའི་བསོད་ནམས་ཀྱི་ཚོགས་ཟད་པའི་རྒྱུ་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར།
གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས། ། སྦྱིན་དང་ཁྲིམས་འབྱུང་དགེ་བ་བསྐལ་པ་བརྒྱར། ། བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར། ། མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། །
ཞེས་བྱ་བ་སྨོས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་བདག་ཉིད་ཆེན་པོ་དེས་ཡུལ་ དེ་གང་ཟག་གི་ཁྱད་པར་[དུ་] བྱང་སེམས་སུ་ངེས་པ་དང་བྲལ་བའི་ཕྱིར་[ལ་] རམ། ཡང་ ན་བྱང་སེམས་སུ་ ངེས་པ་ཡིན་དུ་ཟིན་ཀྱང་ཉོན་མོངས་པ་གོམས་པ་ལ་རག་ལས་ནས་ འཇུག་པ་ཉིད་ཀྱི་ཕྱིར། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ་བདེན་པར་གྱུར་པ་ དང་། བདེན་པར་འགྱུར་པ་མ་ཡིན་པའི་ཉེས་པ་ལྷག་པར་སྒྲོ་བཏགས་ནས་ཁོང་ཁྲོ་ བའི་བསམ་པ་སྐད་ཅིག་ཙམ་ཞིག་བསྐྱེད་ན་ཡང་། དེ་ཙམ་གྱིས་ཀྱང་བསྐལ་བ་བརྒྱར་ བསགས་པའི་བསདོ ་ནམས་ཀྱི་ཚོགས་སྔར་བསྟན་པའི་སྦྱིན་པ་དང་།ཚུལ་ཁྲིམས་ཀྱི་ ཕ་རལོ ་ཏུ་ཕྱིན་པ་གམོ ས་པ་ལས་བསྐྱེད་པ་འཇམོ ས་པར་འགྱུར་ན།བྱང་ཆུབ་སེམས་ དཔའ་མ་ཡིན་པས་བྱང་ཆུབ་སེམས་དཔའ་རྣམས་ལ་ཁངོ ་ཁྲ་ོབ་བསྐྱེད་པ་ན་ལྟ་ཅི་སྨསོ ་ ཏེ། དེའི་ཕྱིར་རྒྱ་མཚོ་ཆེན་པོའ་ིཆུའི་ཚད་སྲང་གྲངས་ཀྱིས་ངེས་པར་མི་ནུས་པ་ལྟར། བྱང་སེམས་ལ་ཁྲསོ ་པ་དེར་རྣམ་པར་སྨིན་པའི་མཚམས་ངེས་པར་མི་ནུས་ས།ོ །དེའི་ཕྱིར་དེ་ 68

སེམས་བསྐྱེད་པ་གསུམ་པ།
ལྟར་ན་འབྲས་བུ་ཡིད་དུ་མི་འངོ ་བ་འཕེན་པ་དང་། དགེ་བ་ལ་གནོད་པ་བྱེད་པའི་ སྡིག་པ་ནི་མི་བཟདོ ་པ་ཁངོ ་ཁྲ་ོལས་གཞན་མཆགོ ་ཏུ་གྱུར་པ་ཡདོ ་པ་མ་ཡིན་ན།ོ །བདེན་ པའི་ཉེས་པ་ལྷག་པར་སྒྲོ་བཏགས་པ་ནི། ཆུང་ངུ་ལ་ཆེན་པོར་སྒྲོ་བཏགས་པའ།ོ །ཞེས་འགྲེལ་བཤད་ལས་བཤད་ དོ། །དགེ་རྩ་འཇོམས་པར་བཤད་པ་དེ་སྐད་དུ་ཡང་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། འཇམ་ དཔལ་ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་པ་བརྒྱར་བསགས་པའི་དགེ་བ་ཉེ་ བར་འཇམོ ས་པར་བྱེད་པ་དེའི་ཕྱིར་ཁངོ ་ཁྲ་ོབ་ཁངོ ་ཁྲ་ོབ་ཞེས་བྱའ་ོཞེས་གསུངས་ས།ོ །
གཞན་ཡང་མི་བཟོད་པ་གཞན་ལ་གནོད་པར་བྱེད་མི་ནུས་པ་རྣམས་ཀྱིས་ ནི་བདག་ཉིད་ཁོ་ན་འཇོམས་པར་བྱེད་ལ། ནུས་པ་ཅན་སྙིང་རྗེ་མེད་པ་རྣམས་ཀྱིས་ ནི་བདག་དང་གཞན་འཇོམས་པར་བྱེད་པ་འདི་ནི་སྐྱེས་པ་ཉིད་ཀྱིས།
མི་སྡུག་གཟུགས་སུ་བྱེད་ཅིང་དམ་པ་མིན་པར་དཀྲི། ། ཚུལ་དང་ཚུལ་མིན་ཤེས་པའི་རྣམ་དཔྱོད་འཕྲོག་བྱེད་ཅིང་། ། དུས་ཕྱིས་རིགས་མཐུན་པ་བཏང་ནས། མི་བཟོད་པ་ཡིས་མྱུར་དུ་ངན་འགྲོར་སྐྱུར་བར་བྱེད། །
པའི་ཉེས་དམིགས་རྣམས་བསམ་ལ།ཅི་ནས་ཀྱང་ཁངོ ་ཁྲ་ོབ་ལ་སྐབས་མི་སྦྱིན་སྙམ་པས་ཁངོ ་ཁྲ་ོདགག་པར་བྱའ།ོ། གལ་ཏེ་མི་བཟོད་པའི་སྐྱོན་དེ་དག་ཡིན་ན་དེ་དང་འགལ་བ་བཟོད་པའི་ཡོན་ཏན་ ཅི་ཡིན་ཞེ་ན། བཤད་པ།
བཟོད་པས་བཤད་ཟིན་དང་འགལ་ཡོན་ཏན་རྣམས་བྱེད་དོ། ། བཟོད་པས་མཛེས་ཤིང་སྐྱེ་བོ་དམ་པ་ལ། །
69

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཕངས་དང་ལུགས་དང་ལུགས་མིན་ཤེས་པ་ལ། ། མཁས་པར་གྱུར་ཞིང་དེ་ཡི་འགོ ་ཏུ་ནི། ། ལྷ་མིའི་སྐྱེ་དང་སྡིག་པ་ཟད་པར་འགྱུར། །
བཟདོ ་པ་བསྒམོ ས་པས་ནི་སྔར་བཤད་ཟིན་པའི་མི་བཟདོ ་པ་ལ་སྐྱནོ ་གང་དག་བསྟན་པ་དེ་དག་ དང་འགལ་བའི་ཡོན་ཏན་དེ་དག་བཟོད་པ་ལ་རིག་པར་བྱའ།ོ །
སྔར་བཤད་པ་དེའི་ཕྱིར་དེ་ལྟར། སོ་སོའ་ིསྐྱེ་བོ་དང་ནི་རྒྱལ་སྲས་ཀྱིས། ། ཁྲོ་དང་བཟོད་པའི་སྐྱོན་ཡོན་རིག་བྱས་ཏེ། ། མི་བཟོད་སྤངས་ནས་འཕགས་པའི་སྐྱེ་བོ་ཡིས། ། བསྔགས་པའི་བཟོད་པ་རྟག་ཏུ་མྱུར་བསྟེན་བྱ། །
ཁྲ་ོབ་དང་བཟདོ ་པ་ནི་ཁྲ་ོབ་དང་བཟདོ ་པའ།ོ།སྐྱནོ ་དང་ཡནོ ་ཏན་ནི་སྐྱནོ ་དང་ཡནོ ་ ཏན་ཏེ། ཁྲོ་བ་དང་བཟོད་པ་དག་གི་སྐྱོན་དང་ཡོན་ཏན་གཉིས་ཞེས་བྱ་བའི་ཚིག་ རྣམ་པར་སྦྱར་རོ།།ཁྲ་ོབའི་སྐྱནོ་ནི་ཇི་སྐད་བཤད་པ་དང་བཟླགོ་པའི་སྒོ་ནས་བཟོད་ པའི་ཡནོ ་ཏན་ཁངོ ་དུ་ཆུད་པར་བྱས་ཏེ།མི་བཟདོ ་པ་སྤངས་ནས་དུས་ཐམས་ཅད་དུ་ བཟོད་པ་ཁོ་ན་བསྟེན་པར་བྱ་བ་ཡིན་ནོ། །
ད་ནི་བཟོད་པ འི་༼ཁ ལ་༼ཀ ཕ་རོལ་ཏུ་ཕྱིན་པ[འི་] ༼ག འཇིག་རྟེན་ལས་མ་ འདས་པ་དང། འདས་པ་གཉིས་སུ་རྣམ་པར་དབྱེ་བ་བསྟན་པའི་ཕྱིར།
རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཕྱིར་བསྔོས་ཀྱང་། །
70

སེམས་བསྐྱེད་པ་གསུམ་པ།
གསུམ་དམིགས་ཡོད་ན་དེ་ནི་འཇིག་རྟེན་པའ།ོ ། སངས་རྒྱས་ཉིད་དུ་ཡོངས་སུ་བསྔོས་སུ་ཟིན་ཀྱང་། གང་བཟོད་པ་དང་། གང་གིས་ བཟོད་པ་དང་། སེམས་ཅན་གང་དག་ལ་བཟོད་པ་གསུམ་པོ་འདི་ལ་དམིགས་པ་ ཡོད་ན། བཟོད་པ་དེ་ནི་འཇིག་རྟེན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའ།ོ །
དམིགས་པ་མེད་ན་དེ་ཉིད་སངས་རྒྱས་ཀྱིས། །
འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བསྟན། ། ས་གསུམ་པ་དེ་ལ་བྱང་ཆུབ་སེམས་དཔའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་
པར་དག་པར་ཇི་ལྟར་འགྱུར་བ་དེ་བཞིན་དུ། ས་དེར་རྒྱལ་སྲས་བསམ་གཏན་མངོན་ཤེས་དང་། །
འདོད་ཆགས་ཞེ་སྡང་ཡོངས་སུ་ཟད་པར་འགྱུར། ། དེས་ཀྱང་རྟག་ཏུ་འཇིག་རྟེན་པ་ཡི་ནི། ། འདོད་པའི་འདོད་ཆགས་འཇོམས་པར་ནུས་པར་འགྱུར། །
བསམ་གཏན་ཞེས་བྱ་བའི་བསམ་གཏན་གྱི་སྒྲ་ནི་ཉེ་བར་མཚོན་པའི་དནོ ་ཏེ།སྙམོ ས་ པར་འཇུག་པ་དང་ཚད་མེད་པ་རྣམས་ཀྱང་འཛིན་པ་ཡིན་ན།ོ །ཇི་སྐད་དུ། བྱང་ཆུབ་ སེམས་དཔའི་ས་གསུམ་པ་ལས་གསུངས་པ་བཞིན་ཏེ། བྱང་ཆུབ་སེམས་དཔའི་ས་ འདོ ་བྱེད་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི།འདདོ ་པ་རྣམས་ལས་ དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ་ དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་
71

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
གཏན་དང་པོ་བསྒྲུབས་ཏེ་གནས་སོ། །དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ་དཔྱོད་པ་མེད་ པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ བསྒྲུབས་ཏེ་གནས་སོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་ གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ།བདེ་བ་ལུས་ཀྱིས་མྱངོ ་ལ་འཕགས་ པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའ་ོ ཞེས་བརྗདོ ་པ་སྟེ།དགའ་བ་མེད་པའི་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་ས།ོ། དེ་བདེ་བ་ཡང་སྤངས་ཏེ་སྔ་ནས་སྡུག་བསྔལ་ཡང་སྤང་ཤིང་ཡིད་བདེ་བ་དང་ཡིད་ མི་བདེ་བ་ཡང་ནུབ་པས། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་ སྙམོ ས་དང་དྲན་པ་ཡངོ ས་སུ་དག་པ་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་ས་ོཞེས་ བྱ་བ་དེ་དག་ནི་བསམ་གཏན་བཞི་པའ།ོ །གཟུགས་མེད་པའི་སྙོམས་པར་འཇུག་པ་ བཞི་ནི། འདི་ལྟ་སྟེ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་ པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ ཡས་སྐྱེས་མཆེད་བསྒྲུབས་ཏེ་གནས་ས།ོ །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་ དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་ 72

སེམས་བསྐྱེད་པ་གསུམ་པ།
སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་ དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་ མེད་པ་ཡང་མ་ཡིན་ན་ོ སྙམ་སྟེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ ཏེ་གནས་སོ་ཞེས་བྱ་སྟེ། འདི་དག་ནི་གཟུགས་མེད་པའི་སྙོམ་པར་འཇུག་པ་བཞིའ།ོ །ཚད་མེད་པ་བཞི་འདི་ལྟ་སྟེ། བྱམས་པ་དང་ལྡན་པའི་སེམས་ཡངས་པ་རྒྱ་ཆེན་པོ་ གྱུར་པ། མི་གཉིས་པ། ཚད་མེད་པ། འཁོན་མེད་པ། འགྲན་ཟླ་མེད་པ། སྒྲིབ་པ་མེད་ པ། གནོད་པ་མེད་པ་ཐམས་ཅད་དུ་ཁྱབ་པས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་ མཁའི་ཁམས་ཀྱི་མཐས་གཏུགས་པ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ཁྱབ་པར་ བྱས་ནས་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་སྙིང་རྗེ་དང་ལྡན་པ་དང་། དགའ་བ་ དང་ལྡན་པ་དང་།བཏང་སྙམོ ས་དང་ལྡན་པའི་སེམས་ཡངས་པ།ཞེས་བྱ་བ་ནི་སྔ་མ་ བཞིན་ན།ོ །མངནོ ་པར་ཤེས་པ་ལྔ་ནི་འདི་ལྟ་སྟེ། དེ་རྫུ་འཕྲུལ་བྱ་བ་རྣམ་པ་དུ་མ་མྱངོ ་ བར་བྱེད་དེ་ས་ཡང་གཡ་ོབར་བྱེད་ད།ོ །གཅིག་ཏུ་གྱུར་ནས་མང་པརོ ་འགྱུར་ར།ོ །མང་ པརོ ་གྱུར་ནས་གཅིག་ཏུ་འགྱུར་ར།ོ །སྣང་བར་འགྱུར་ཞིང་མི་སྣང་བར་འགྱུར་ར།ོ །རྩིག་ པ་ལ་ཡང་ཐད་ཀར་འགྲ།ོ ར་བ་ལ་ཡང་ཐད་ཀར་འགྲ།ོ རི་ལ་ཡང་མི་ཐགོ ས་པར་ཐད་ ཀར་འགྲ་ོ སྟེ་དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ན།ོ །ནམ་མཁའ་ལ་ཡང་སྐྱིལ་མ་ོ ཀྲུང་ གིས་འགྲ་ོསྟེ་དཔེར་ན་འདབ་ཆགས་བྱ་བཞིན་ན།ོ །ས་ལ་ཡང་སྟེང་དུ་འབྱུང་བ་དང་ བྱིའུ་འཛུལ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ན།ོ །ཆུ་ལ་ཡང་མི་ནུབ་པར་འགྲ་ོ སྟེ། དཔེར་ན་ས་ལ་བྱ་བ་བཞིན་ན།ོ །དུ་བ་འཐུལ་བར་ཡང་བྱེད་འབར་བར་ཡང་བྱེད་དེ།
73

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
དཔེར་ན་མེའི་ཕུང་པ་ོཆེན་པ་ོབཞིན་ན།ོ །བདག་གི་ལུས་ལ་ཆུའི་རྒྱུན་ཆེན་པ་ོའབྱིན་ ཏེ། དཔེར་ན་སྤྲིན་ཆེན་པ་ོ བཞིན་ན།ོ །ཆུའི་རྒྱུན་དེ་དག་གིས་ཀྱང་སྟངོ ་གསུམ་གྱི་སྟངོ ་ ཆེན་པ་ོ འཇིག་རྟེན་གྱི་ཁམས་འདི་ཀུན་ཏུ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ ཏུ་མཆེད་ཅིང་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་པ་ཞི་བར་བྱེད་དོ། །ཟླ་བ་དང་། ཉི་མ་ འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་ལྟར་མཐུ་ཆེ་བ་འདི་གཉིས་ལ་ཡང་ལག་པས་འཛིན་ ཞིང་ཀུན་ཏུ་ཉུག་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དུ་ཡང་ལུས་ཀྱིས་ དབང་བསྒྱུར་ར་ོ ཞེས་བྱ་བ་འདི་ནི་རྫུ་འཕྲུལ་གྱི་མངནོ ་པར་ཤེས་པའ།ོ །དེ་ལྷའི་རྣ་བའི་ ཁམས་རྣམ་པར་དག་པ་མི་ལས་འདས་པས་ལྷ་དང་མི་གཉིས་ཀའི་སྒྲ་ཡང་ཐསོ ་ས།ོ ། ཕྲ་བ་དང་རྒྱ་ཆེ་བ་དང་གང་དག་རིང་ཡང་རུང་ཉེ་ཡང་རུང་། ཐ་ན་སྦྲང་བུ་དང་། ཤ་སྦྲང་དང་། བུང་བ་དང་། སྲིན་བུ་རྣམས་ཀྱི་སྒྲ་ཡང་ཐོས་སོ། །འདི་ནི་ལྷའི་རྣ་བའི་ མངོན་པར་ཤེས་པའ།ོ །དེ་སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ཀྱི་ སེམས་དང་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདོད་ཆགས་ དང་བཅས་པའི་སེམས་ལ་ཡང་འདདོ ་ཆགས་དང་བཅས་པའི་སེམས་སུ་ཡང་དག་པ་ ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ས།ོ །འདདོ ་ཆགས་དང་བྲལ་བའི་སེམས་ལ་ཡང་འདདོ ་ ཆགས་དང་བྲལ་བའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ བཞིན་དུ་ཞེ་སྡང་དང་བཅས་པ་དང་ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་ པ་དང་གཏི་མུག་དང་བྲལ་བ་དང་།ཉནོ ་མངོ ས་པ་དང་བཅས་པ་དང་ཉནོ ་མངོ ས་པ་ མེད་པ་དང་། ཆུང་བ་དང་ཡངས་པ་དང་། ཆེན་པོར་གྱུར་པ་དང་ཚད་མེད་པ་དང་། 74

སེམས་བསྐྱེད་པ་གསུམ་པ།
བསྡུས་པ་དང་རྒྱས་པ་དང་མཉམ་པར་གཞག་པ་དང་མཉམ་པར་མ་བཞག་པ་དང་། རྣམ་པར་གྲོལ་བ་དང་རྣམ་པར་མ་གྲོལ་བ་དང་། སྐྱོན་ཅན་དང་སྐྱོན་མེད་པ་དང་། སེམས་རགས་པ་ལ་ཡང་སེམས་རགས་པའ་ོ ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ ཏུ་ཤེས་སོ། །སེམས་རགས་པ་མ་ཡིན་པ་ལ་ཡང་སེམས་རགས་པ་མ་ཡིན་པའ་ོ ཞེས་ ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལྟར་ན་སེམས་ཅན་གཞན་དག་ དང་གང་ཟག་གཞན་རྣམས་ཀྱི་སེམས་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ རབ་ཏུ་ཤེས་སོ་ཞེས་བྱ་བ་འདི་ནི་གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པའ།ོ ། དེ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ་ཚེ་རབས་གཅིག་ཀྱང་རྗེས་སུ་དྲན་ ནོ། །ཚེ་རབས་གཉིས་དང་གསུམ་དང་། བཞི་དང་། ལྔ་དང་། བཅུ་དང་། ཉི་ཤུ་དང་།།
སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། བརྒྱ་དང་། སྟོང་ཡང་རྗེས་སུ་དྲན་ནོ། ། ཚེ་རབས་བརྒྱ་ཕྲག་དུ་མ་དང་། ཚེ་རབས་སྟོང་ཕྲག་དུ་མ་དང་། ཚེ་རབས་འབུམ་ ཕྲག་དུ་མ་དང་། ཚེ་རབས་བྱེ་བ་འབུམ་ཕྲག་དུ་མ་དང་། ཚེ་རབས་བྱེ་བ་ཁྲག་ཁྲིག་ འབུམ་ཕྲག་དུ་མ་དང་། འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དང་། འཇིག་པ་དང་། འཆགས་པའི་བསྐལ་པ་དུ་མ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་བརྒྱ་ ཡང་རྗེས་སུ་དྲན་ནོ། །བསྐལ་པ་དུ་མ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་འབུམ་དང་། བསྐལ་པ་བྱེ་བ་དང་།བསྐལ་པ་བྱེ་བ་ཕྲག་བརྒྱ་དང་།བསྐལ་པ་བྱེ་བ་ཕྲག་སྟངོ ་དང་། བསྐལ་པ་བྱེ་བ་ཕྲག་འབུམ་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་བར་ དུ་རྗེས་སུ་དྲན་ནོ། །ཆེ་གེ་མོ་ཞིག་ན་བདག་མིང་ནི་འདི་ཞེས་བྱ་བར་གྱུར། རུས་ནི་
75

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། ཟས་ནི་འདི་ལྟ་བུ་ཞིག་ཟ། ཚེ་ནི་འདི་ཙམ་གྱི་ ཞིག་ཐུབ། ཡུན་ནི་འདི་སྲིད་ཅིག་གནས་གནས། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་ བུ་ཞིག་མྱོང་ངོ་། །བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་ཤི་ འཕསོ ་ནས་འདིར་སྐྱེས་ས་ོཞེས་རྣམ་པ་དང་བཅས་དན་རྟགས་དང་བཅས་རྒྱུ་མཚན་ དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །དེ་ནི་སྔོན་གྱི་གནས་ རྗེས་སུ་དྲན་པའི་མངོན་པར་ཤེས་པའ།ོ །དེས་ལྷའི་མིག་རྣམ་པར་དག་པ་མི་ལས་ འདས་པས་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་དང་། མདོག་སྡུག་པ་དང་མདོག་མི་ སྡུག་པ་དང་། བདེ་བར་སོང་བ་དང་ངན་པར་སོང་བ་དང་། བཟང་པོ་དང་ངན་པ་ རྣམས་མཐོང་ངོ་། །ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བའི་སེམས་ཅན་རྣམས་ཡང་ དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀྱེ་མ་སེམས་ཅན་འདི་དག་ནི་ལུས་ཀྱི་ ཉེས་པར་སྤྱོད་པ་དང་ལྡན་པ། ངག་གི་ཉེས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱི་ཉེས་ པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་བ་འདེབས་པར་སྤྱོད་པ་ལོག་ པར་ལྟ་བ་ཅན་དག་སྟེ། ལོག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ ཞིག་སྟེ་ཤི་བའི་འགོ ་ཏུ་ངན་སོང་ངན་འགྲོ་རྣམ་པར་ལྟུང་བ་སེམས་ཅན་དམྱལ་བ་ རྣམས་སུ་སྐྱེའ་ོ ཞེས་བྱ་བ་དང་། ཀྱེ་མ་སེམས་ཅན་འདི་དག་ནི་ལུས་ཀྱི་ལེགས་པར་ སྤྱོད་པ་དང་ལྡན་པ། ངག་གི་ལེགས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱི་ལེགས་པར་ སྤྱདོ ་པ་དང་ལྡན་པ།འཕགས་པ་རྣམས་ལ་སྐུར་བ་མི་འདེབས་པ་ཡང་དག་པར་ལྟ་བ་ ཅན་དག་སྟེ། ཡང་དག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་སྟེ་ 76

སེམས་བསྐྱེད་པ་གསུམ་པ།
ཤི་བའི་འགོ ་ཏུ་བདེ་འགྲ་ོམཐ་ོརིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་འ་ོཞེས་བྱ་ བར་རབ་ཏུ་ཤེས་ཏེ། དེ་ལྟར་ན་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་སེམས་ ཅན་འཆི་འཕོ་བ་དང་སྐྱེ་བ་དང་མདོག་སྡུག་པ་དང་མདོག་མི་སྡུག་པ་དང་ཞེས་བྱ་ བ་ནས་ཐམས་ཅད་རྣམ་པ་དང་བཅས་དན་རྟགས་དང་བཅས། རྒྱུ་མཚན་དང་བཅས་ པར་མཐོང་སྟེ། ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བའི་སེམས་ཅན་དག་ཀྱང་རབ་ ཏུ་ཤེས་སོ། །དེ་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་། སྙོམས་ པར་འཇུག་པ་འདི་དག་ལ་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ཡང་། གང་དག་ བྱང་ཆུབ་ཀྱི་ཡན་ལག་ཡངོ ས་སུ་རྫགོ ས་པར་འགྱུར་བར་མཐངོ ་བ་དེར་ཆེད་དུ་བསམ་ ཏེ་སྨནོ ་ལམ་བཏབ་པའི་དབང་གིས་སྐྱེས་པ་མ་གཏགོ ས་པར་དེ་དག་གི་དབང་གིས་ མི་སྐྱེའ།ོ །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ཐབས་མཁས་པས་ མངོན་པར་བསྒྲུབས་པའི་སེམས་ཀྱི་རྒྱུད་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ འགྱུར་རོ། །དེ་ལྟར་ན་ས་འདིར་བྱང་ཆུབ་སེམས་དཔའ་ལ་བསམ་གཏན་དང་མངོན་ པར་ཤེས་པ་འབྱུང་བར་འགྱུར་ར།ོ །ཅི་ལྟར་རྟག་ཏུ་འཇིག་རྟེན་གྱི་འདདོ ་ཆགས་དང་ ཞེ་སྡང་ཡོངས་སུ་ཟད་པར་འགྱུར་ཞེ་ན། དང་གི་སྒྲ[ས་]ནི་༼ཁ གི་དོན་མ་སྨོས་པ་༼ཆ བསྡུ་བར་བྱ་བའི་ཕྱིར་༼ག ཏེ་༼ང དེའི་གཏི་མུག་༼ག ཀྱང་༼ཅ ཡངོ ས་སུ་ཟད་པར་ འགྱུར་བ་༼ཇ ར།ོ།ཟད་པའི་དནོ ་ནི་གཏན་ཟད་པ་མིན་ན།ོ།འ་ོན་ཅི་ལྟར་ཞེ་ན།འདི་ཡང་མད་ོཇི་ ལྟ་བ་བཞིན་ཏེ།ཇི་སྐད་དུ་དེས་ཆསོ ་ཐམས་ཅད་རྐྱེན་ལ་རྟནོ ་པ་ཉིད་ཡིན་པས་འཕ་ོ བ་མེད་པ་ཉིད་དང་།རྣམ་པར་འཇིག་པ་མེད་པ་ཉིད་དུ་རྟགོ ས་པས་དེ་བས་ཀྱང་ཤས་
77

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཆེར་འདདོ ་པའི་འཆིང་བ་ཐམས་ཅད་བསྲབས་པར་འགྱུར་ར།ོ །དེ་དག་གི་དནོ ་ནི་བྱང་སའི་ དགངོ ས་པ་ལྟར་ན།འཇིག་རྟེན་པའི་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་གྱི་མཐུས།འདདོ ་པ་དང་ གཟུགས་དང་གཟུགས་མེད་ལ་ཆགས་པ་དང་བྲལ་བ་ཡིན་ཏེ། སྔར་བཤད་པའི་མངནོ ་གྱུར་སྤངས་པའ།ོ །དེས་ན་ བསྲབས་པ་ཞེས་གསུངས་པར་མངནོ ་ན།ོ །འཆིང་བ་ཡང་མངནོ ་པ་ནས་བཤད་པ་ལྟར་མངནོ ་ན།ོ །གཟུགས་ཀྱི་ འཆིང་བ་ཐམས་ཅད་དང་སྲིད་པའི་འཆིང་བ་དང་མ་རིག་པའི་འཆིང་བ་བསྲབས་ པར་འགྱུར་ར།ོ །དེའི་ལྟ་བར་གྱུར་པའི་འཆིང་བ་རྣམས་ནི་སྔ་ནས་སྤངས་པ་ཡིན་ན།ོ ། ཞེས་གསུངས་པའི་དོན་ལ་ཁ་ཅིག་ལྟ་བ་ཐ་མ་གསུམ་མཐོང་ལམ་དུ་སྤངས་པ་ལ་འཆད་མོད་ཀྱང། ལྟ་བ་ཀུན་ བརྟགས་ལྔ་ས་དང་པརོ ་སྤངས་པ་ལ་བྱའ།ོ །བྱང་ས་ལས་ནི་དེ་ནི་ཐགོ ་མ་མསོ ་པས་སྤྱདོ ་པའི་ས་ཉིད་ནས་ཆསོ ་ཉིད་ ཀྱི་དེ་བཞིན་ཉིད་ལ་མསོ ་པའི་ཕྱིར། ལྟ་བར་གྱུར་པའི་འཆིང་བ་རྣམས་སྤངས་པ་ཡིན་ན།ོ །ཞེས་བཤད་ད།ོ །བྱང་ ཆུབ་སེམས་དཔའི་ས་འདོ་བྱེད་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ བསྐལ་པ་བརྒྱ་ཕྲག་དུ་མ་དང་བསྐལ་པ་སྟངོ ་ཕྲག་དུ་མ་དང་།བསྐལ་པ་འབུམ་ཕྲག་ དུ་མ་དང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས་བསྐལ་པ་ཁྲག་ཁྲིག་འབུམ་ཕྲག་དུ་མར་ ལོག་པའི་འདོད་ཆགས་འགྲིབ་པར་བྱ་བ་མ་ཡིན་པ་སྤོང་བར་འགྱུར་རོ། །ལོག་པའི་ ཞེ་སྡང་འགྲིབ་པར་བྱ་བ་མ་ཡིན་པ་སྤོང་བར་འགྱུར་རོ། །ལོག་པའི་གཏི་མུག་འགྲིབ་ པར་བྱ་བ་མ་ཡིན་པ་སྤོང་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའ།ོ །དེ་ལྟར་ན་དེའི་ འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཡོངས་སུ་ཟད་པར་འགྱུར་རོ། །ཞེས་ལོག་པའི་ འདོད་ཆགས་དང་ཞེ་སྡང་དང་གཏི་མུག །བསྐལ་པ་ཁྲི་ཁྲག་དུ་མར་འགྲིབ་པར་བྱ་བ་མ་ཡིན་པ་ས་འདིར་སྤོང་ བར་གསུངས་པ་ནི་ས་བནོ ་སྤངོ ་བ་ལ་དགངོ ས་ལ།དེ་ཡང་སྒམོ ་སྤང་གི་ཉནོ ་མངོ ས་ལྷན་སྐྱེས་ཆེ་འབྲིང་དྲུག་ས་ 78

སེམས་བསྐྱེད་པ་གསུམ་པ།
གཉིས་པ་ནས་བདུན་པའི་བར་གྱིས་སྤངོ ་བའི་ས་འདིའི་སྤང་བྱ་ལ་དགངོ ས་ས།ོ །འདིར་ཉནོ ་མངོ ས་ཀུན་བརྟགས་ ས་དང་པོ་ནས་དང། ལྷན་སྐྱེས་ས་གཉིས་པ་ནས་སྤོང་བ་གསལ་བར་མ་གསུངས་ཀྱང། ས་བརྒྱད་པ་མ་ཐོབ་ ཀྱི་བར་དུ་ཉོན་མོངས་ཐམས་ཅད་ཀྱི་ས་བོན་ཟད་པ་མེད་པ་དང། བདེན་འཛིན་ཉོན་མོངས་སུ་འཇོག་པ་དང། བདེན་འཛིན་མ་ཟད་བར་དུ་འཇིག་ལྟ་མི་འཛད་པ་དང། ས་དང་པོར་ཀུན་སྦྱོར་གསུམ་སྤངས་པ་རིན་ཆེན་ འཕྲེང་བ་ལས་ཀྱང་བཤད་པས། སྤྱིར་ཉོན་མོངས་ལ་གཉིས་སུ་འབྱེད་པ་དང། ཁྱད་པར་དུ་འཇིག་ལྟ་ལ་གཉིས་ སུ་དབྱེ་དགསོ ་པར་ཤིན་ཏུ་གསལ་ལ།ོ །བདེན་འཛིན་ཉནོ ་མངོ ས་སུ་འཇགོ ་པའི་ལུགས་འདི་ལ། ཉནོ ་མངོ ས་ཟག་ མེད་ཀྱི་ལམ་གྱིས་སྤངོ ་བ་ན།བདེན་འཛིན་དེའི་ས་བནོ ་སྤངོ ་དགསོ ་པས་ས་བནོ ་དེ་ལས་གཞན་པའི་གཉིས་སྣང་ འཁྲུལ་པའི་བག་ཆགས་ཤེས་སྒྲིབ་ཏུ་བཞག་པའི་ཕྱགོ ས་རེ་ཡང་གཏན་ཟད་མི་ནུས་པས།ཉནོ ་མངོ ས་ཐམས་ཅད་ མ་ཟད་བར་དུ་ཤེས་སྒྲིབ་མི་སྤོང་བའི་ཕྱིར། ཤེས་སྒྲིབ་ནི་དག་པ་ས་གསུམ་གྱི་སྐབས་སུ་སྤོང་ངོ། །དེ་ཅི་ལྟར་ རྟག་ཏུ་འཇིག་རྟེན་གྱི་འདོད་པའི་འདོད་ཆགས་འཇོམས་པར་ནུས་པར་འགྱུར་ཞེ་ ན། ཇི་སྐད་དུ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའི་ས་གསུམ་པ་ འདོ ་བྱེད་པ་ཞེས་བྱ་བ་མདརོ ་བསྟན་པའ།ོ །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ ནི་ཕལ་ཆེར་ལྷའི་རྒྱལ་པོ་ལྷའི་བདག་པོ་དབང་པོར་གྱུར་ཏེ། སེམས་ཅན་རྣམས་ཀྱི་ འདོད་པ་ལ་འདོད་ཆགས་རྣམ་པར་བཟློག་པའི་ཐབས་བསྒྲུབ་པ་ལ་བྱང་བ་དང་། གཙོ་བོ་ཡིན་ཞིང་སེམས་ཅན་རྣམས་འདོད་པའི་འདམ་ནས་འདོན་པ་ལ་མཁས་པ་ ཡིན་ན་ོཞེས་གསུངས་པ་ལྟ་བུའ།ོ།ཀྱང་གི་སྒྲ་ནི་ནག་ཚོའི་འགྱུར་ལས།འདདོ ་པའི་འདདོ ་ཆགས་ཀྱང་ རྟག་ཏུ་སྤོང་ཞེས་འབྱུང་བ་ལྟར་བདེའ།ོ །དེ་ལྟར་རྒྱལ་བའི་སྲས་པོ་དེ་ནི་འཇིག་རྟེན་གྱི་འདོད་
པའི་འདོད་ཆགས་འཇོམས་པར་ནུས་པར་འགྱུར་རོ། །
79

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
དེ་ལྟར་ན་བྱང་ཆུབ་སེམས་དཔའི་ས་གསུམ་པར་བཟདོ ་པའི་ཕ་རལོ ་ཏུ་ཕྱིན་ པ་རྣམ་པར་དག་པ་དང་བསམ་གཏན་དང་ཚད་མེད་པ་དང་སྙོམས་པར་འཇུག་པ་ དང་མངོན་པར་ཤེས་པ་དང་འདོད་ཆགས་ལ་སོགས་པ་ཡོངས་སུ་ཟད་པ་གདོན་མི་ ཟ་བར་ཐོབ་པར་འགྱུར་རོ་ཞེས་བསྟན་ནས། ད་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ ཐུག་པ་ཕ་རལོ ་ཏུ་ཕྱིན་པ་གསུམ་གྱི་རྟེན་གྱི་ཁྱད་པར་དང་ཚོགས་ཀྱི་རང་བཞིན་དང་ འབྲས་བུ་ཡོངས་སུ་གྲུབ་པ་རྣམ་པར་གཞག་པ་གསལ་བར་བྱ་བའི་ཕྱིར་བཤད་པ།
སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེ། ། བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། ། བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་དག་ཉིད། ། སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུ། །
བྱང་ཆུབ་སེམས་དཔའ་རྣམས་ཁ་ོན་ཇི་སྐད་བཤད་པའི་སྦྱིན་པ་ལ་སགོས་པའི་རྟེན་ ཡིན་མོད་ཀྱི། དེ་ལྟ་ན་ཡང་ཁྱིམ་པ་དང་རབ་ཏུ་བྱུང་བའི་དབྱེ་བས་དེ་རྣམས་ལ་སྒྲུབ་ དཀའ་སླ་གཉིས་སྲིད་པ་ལ་ལྟོས་ནས་དེ་སྐད་དུ་བརྗོད་དོ། །དེ་ལ་ཁྱིམ་པ་རྣམས་ལ་ ནི་ཕལ་ཆེར་སྦྱིན་པ་ལ་སོགས་པའི་ཆོས་གསུམ་པོ་དེ་དག་སྒྲུབ་པར་སླ་ལ། རབ་ཏུ་ བྱུང་བ་རྣམས་ལ་ནི་བརྩནོ ་འགྲུས་དང་བསམ་གཏན་དང་ཤེས་རབ་བསྒྲུབ་སླ་བ་ཡིན་ཏེ། ཅིག་ཤོས་དག་ལ་གཅིག་མི་སྲིད་པ་ནི་མ་ཡིན་ནོ། །སངས་རྒྱས་ཉིད་ཀྱི་རྒྱུའི་ཚོགས་ ནི་གཉིས་ཡིན་ཏེ། གང་འདི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་སོ། །དེ་ ལ་བསོད་ནམས་ཀྱི་ཚོགས་ནི་ཕ་རོལ་ཏུ་ཕྱིན་པ་གསུམ་པོ་དེ་དག་ཉིད་ཡིན་ལ་༼ཁ 80

སེམས་བསྐྱེད་པ་གསུམ་པ།
རིན་ཆེན་འཕྲེང་བ་ལས་ཀྱང། དེར་ནི་སྦྱིན་དང་ཚུལ་ཁྲིམས་དང། །བཟོད་པའི་ཆོས་ནི་ཁྱད་པར་དུ། །ཁྱིམ་པ་ ལ་བཤད་སྙིང་རྗེ་ཡི། །སྙིང་པོ་ཅན་དེ་བརྟན་གོམས་མཛོད། །ཅེས་སོ། །བྱང་སེམས་ཁྱིམ་པ་ལ་ཆོས་གསུམ་སྒྲུབ་ སླ་བའི་སྦྱིན་པ་ནི། ཟང་ཟིང་དང་མི་འཇིགས་པ་དང། ཚུལ་ཁྲིམས་ནི་ཁྱིམ་པའི་ཕྱོགས་ཀྱི་དང། བཟོད་པ་ནི་ ཆོས་ལ་ངེས་སེམས་གཙོ་ཆེའ།ོ །ཡེ་ཤེས་ཀྱི་ཚོགས་ནི་བསམ་གཏན་དང་ཤེས་རབ་བོ། །༼ང བརྩོན་འགྲུས་ནི་གཉིས་ཀའི་རྒྱུ་ཡིན་ནོ་ཞེས་བྱ་བར་རྣམ་པར་གཞག་གོ ། ༼ཀ དེ་ ལ་བསོད་ནམས་ཀྱི་ཚོགས་གང་ཡིན་པ་དེ་ནི་རྫོགས་པའི་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་གཟུགས་ཀྱི་སྐུ་བསོད་ནམས་བརྒྱའི་མཚན་ཉིད་ཅན་རྨད་དུ་བྱུང་ ཞིང་བསམ་གྱིས་མི་ཁྱབ་པའི་གཟུགས་སྣ་ཚོགས་དང་ལྡན་པའི་རྒྱུ་གཙོ་བོ་ཡིན་ནོ། ། ༼ག ཆོས་བདག་ཉིད་ཅན་གྱི་སྐུ་སྐྱེ་བ་མེད་པའི་མཚན་ཉིད་ཅན་གྱི་རྒྱུ་གཙོ་བོ་ནི་ཡེ་ ཤེས་ཀྱི་ཚོགས་ཡིན་ནོ། །
ད་ནི་རྟེན་ལ་སགོ ས་པའི་ཆེ་བའི་བདག་ཉིད་ཀྱིས་བདག་ཉིད་ཆེ་བར་བརྗདོ ་ ནས་བྱང་ཆུབ་སེམས་དཔའི་ས་གསུམ་པའི་སྐབས་རྫོགས་པར་བཤད་པ།
རྒྱལ་བའི་སྲས་པོ་ཉི་མ་ལ་གནས་འདོ ་བྱེད་འདི། ། རང་གཏོགས་མུན་རྣམས་དང་པོ་ཡང་དག་བསལ་བྱས་ནས། ། འགྲོ་བའི་མུན་པ་རྣམ་པར་འཇོམས་པར་མངོན་པར་འདོད། །
ས་འདོ ་བྱེད་པ་ཞེས་བྱ་བ་བདེ་བར་གཤེགས་པའི་སྲས་ཀྱི་ཉི་མ་ལ་གནས་པ་འདི་ནི། རང་གི་རྟེན་ལ་ཡོད་པའི་མི་ཤེས་པ་བདག་ཉིད་དོན་དམ་པའི་ས་འདི་འབྱུང་བའི་གེགས་ སུ་གྱུར་པ་ནི། ས་དང་པོ་སྐྱེ་བཞིན་པའི་གནས་སྐབས་ཉིད་དུ་ཡང་དག་པར་བསལ་ནས།
81

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
རྣམ་པ་དེ་ལྟ་བུ་ཉེ་བར་བསྟན་པ་ལས་དེ་ལས་འགྲོ་བ་གཞན་པ་རྣམས་ཀྱི། ས་གསུམ་ པ་འབྱུང་བའི་གེགས་བྱེད་པའི་མུན་པ་འཇོམས་པར་འདོད་པ་ཡིན་ནོ། །བྱང་ཆུབ་ སེམས་དཔའ་དེ་ནི།
ས་འདིར་ཤིན་ཏུ་རྣོ་བར་གྱུར་ཀྱང་ཁྲོ་མི་འགྱུར། ། དེ་ནི་ཉེས་པའི་མུན་པ་ཡནོ ་ཏན་འཇམོ ས་པར་བྱེད་པ་བཅམོ ་པས་ཉི་མ་ལྟར་ཆེས་རྣ་ོ བར་འཇུག་ཏུ་ཟིན་ཀྱང་སྐྱནོ ་དང་ལྡན་པའི་སྐྱེ་བ་ོལ་འཁྲུག་པར་མི་འགྱུར་ཏེ།བཟདོ ་ པ་ལ་ཆེས་ལྷག་པར་གོམས་པའི་ཕྱིར་དང་སྙིང་རྗེས་རྒྱུད་སྣུམ་པར་བྱས་པའི་ཕྱིར་ རོ། །དབུ་མ་ལ་འཇུག་པའི་བཤད་པ འི་མཆན་ལས། སེམས་བསྐྱེད་པ་གསུམ་པའ།ོ། །།
82

སེམས་བསྐྱེད་པ་བཞི་པ།
༈ ད་ནི་ས་འདིར་སྦྱིན་པ་དང་ཚུལ་ཁྲིམས་དང་བཟདོ ་པའི་ཕ་རལོ ་ཏུ་ཕྱིན་པ་ རྣམས་[པ]ལས།བརྩནོ ་འགྲུས་ཀྱི་ཕ་རལོ ་ཏུ་ཕྱིན་པ་ལྷག་ཅིང་ལྷག་མ་དྲུག་ལས་དམན་པར་ བསྟན་པའི་སྒོ་ནས་སེམས་བསྐྱེད་པ་བཞི་པའི་དབང་དུ་བྱས་ཏེ་བཤད་པ།
ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་། ། བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། ། བརྩོན་འགྲུས་གང་དུ་འབར་བར་འགྱུར་བ་ཡི། ། ས་དེ་བཞི་པ་འདོ ་ནི་འཕྲོ་བའ།ོ །
དགེ་བའི་ལས་ལ་སྤྲ་ོབ་དང་མི་ལྡན་པ་ལ་ནི་རྣམ་པ་ཐམས་ཅད་དུ་སྦྱིན་པ་ལ་སགོ ས་ པ་དག་ལ་འཇུག་པ་མེད་པས་ཡནོ ་ཏན་ཐམས་ཅད་འབྱུང་བ་མི་སྲིད་ལ།སྔར་ཉེ་བར་ བཀོད་པའི་སྦྱིན་སོགས་ཀྱི་ཡོན་ཏན་བསགས་པ འམ། སོག་པ་ལ་སྤྲོ་བ་དང་ལྡན་པ་ལ་ནི། ཐོབ་པའི་ཡོན་ཏན་༼ཁ དང་མ་ཐོབ་པ་༼ཀ འཕེལ་བ་[དང་] ༼ག ཐོབ་པ་སྲིད་པས་ ཡནོ ་ཏན་ཡིན་ན་ོ ཅགོ ་གི་རྒྱུ་ནི་བརྩནོ ་འགྲུས་ཉིད་ཡིན་ན།ོ །ཚོགས་གཉིས་ཀྱི་རྒྱུ་ཉིད་ དུ་ནི་གོང་དུ་བཤད་ཟིན་ཏོ། །བརྩོན་འགྲུས་དེ་རང་གི་ཡོན་ཏན་ཡོངས་སུ་དག་པའི་ སྒ་ོ ནས་ས་གང་ཞིག་ཏུ་ལྷག་པར་འབར་བ་འཆང་བ་དེ་ནི་བྱང་ཆུབ་སེམས་དཔའི་ས་ བཞི་པ་འདོ ་འཕྲ་ོབ་ཞེས་བྱ་བ་ཡིན་ན།ོ །ས་གསུམ་པར་ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པ་ས་དང་ པོ་གཉིས་ལས། ཆེས་ཕུལ་དུ་བྱུང་བ་ཐོབ་པས་དེ་ལས་སྐྱེས་པའི་ཤིན་ཏུ་སྦྱངས་པ། ལེ་ལོ་གཏན་ནས་སེལ་བར་ བྱེད་པ་ཁྱད་པར་ཅན་ས་འདིར་ཐོབ་པའི་ཕྱིར་ན། བརྩོན་འགྲུས་ཀྱི་ཕར་ཕྱིན་ལྷག་པའ།ོ །
83

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཡང་ཅིའི་ཕྱིར་འདོ ་འཕྲོ་བ་ཞེས་བརྗོད་ཅེ་ན། མིང་འཇུག་པའི་རྒྱུ་མཚན་
བསྟན་པའི་ཕྱིརད། ེར་ནི་བདེ་གཤེགས་སྲས་ལ་རྫོགས་པ་ཡི། ། བྱང་ཆུབ་ཕྱོགས་ལྷག་བསྒོམས་པ་ལས་སྐྱེས་པའི། །
སྣང་བ་ཟངས་ཀྱི་འདོ ་པས་ལྷག་འབྱུང་ཞིང་། །
ཞེས་བྱ་བ་སྨོས་ཏེ། འདི་ལྟར་ས་བཞི་པ་འདིར་བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་ཀྱི་ ཕྱགོ ས་ཀྱི་ཆསོ ་སུམ་ཅུ་རྩ་བདུན་སྔར་ལས་ལྷག་པར་བསྒམོ ས་པ་ལས་སྐྱེས་པའི་ཡེ་ཤེས་ཀྱི་སྣང་ བ། སྔར་ས་གསུམ་པར་བཤད་པའི་ཟངས་ཀྱི་སྣང་བ་བས་ལྷག་པའི་སྣང་བ་འབྱུང་བར་ འགྱུར་ཏེ། དེའི་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱི་མེའི་འདོ ་ལྷག་པ་འབྱུང་བས་བྱང་ཆུབ་ སེམས་དཔའི་ས་དེ་ལ་འདོ ་འཕྲ་ོ བ་ཞེས་བྱ་བའ།ོ །དེ་ལྟར་ཡང་རིན་ཆེན་འཕྲེང་བ་ལས། བཞི་པ་ འདོ་འཕྲོ་ཅན་ཞེས་བྱ།།ཡང་དག་ཡེ་ཤེས་འདོ་འབྱུང་ཕྱིར།།བྱང་ཆུབ་ཕྱོགས་མཐུན་མ་ལུས་པ།།ཁྱད་པར་དུ་ནི་ བསྒོམས་པའི་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ན། །རབ་འཐབ་བྲལ་གནས་ལྷ་རྒྱས་འགྱུར། །འཇིག་ཚོགས་ལྟ་བ་ རབ་འབྱུང་བ། །ཀུན་ནས་འཇོམས་བྱེད་མཁས་པ་ཡིན། །ཞེས་གསུངས། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ ཆོས་སུམ་ཅུ་རྩ་བདུན་ནི་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་ པར་སྤངོ་བ་བཞི་དང་།རྫུ་འཕྲུལ་གྱི་རྐང་པ་བཞི་དང་།དབང་པ་ོལྔ་དང་།སྟབོས་ལྔ་ དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ ཞེས་བྱའ།ོ །དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་ནི། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་ སེམས་དཔའི་ས་འདོ ་འཕྲོ་བ་ཅན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ 84

སེམས་བསྐྱེད་པ་བཞི་པ།
བརྟུན་པ་ཅན་དང་ཤེས་བཞིན་དང་དྲན་པ་ལྡན་པར་གྱུར་ནས། འཇིག་རྟེན་ལ་བརྣབ་ སེམས་དང་ཡིད་མི་བདེ་བ་ཉིད་རྣམ་པར་སྤངོ ས་ཏེ།ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ ལྟ་ཞིང་གནས་ས།ོ །བརྟུན་པ་ཅན་དང་། ཤེས་བཞིན་དང་དྲན་པ་དང་ལྡན་པར་གྱུར་ ནས་འཇིག་རྟེན་ན་བརྣབ་སེམས་དང་ཡིད་མི་བདེ་བ་ཉིད་རྣམ་པར་སྤངས་ཏེ་ཕྱིའི་ ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ས།ོ །ནང་དང་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ ཞིང་གནས་ས་ོ ཞེས་བྱ་བ་ནི་སྔ་མ་བཞིན་ན།ོ །དེ་བཞིན་དུ་བརྟུན་པ་ཅན་དང་། ཤེས་ བཞིན་དང་། དྲན་པ་དང་ལྡན་པར་གྱུར་ནས། ནང་གི་ཚོར་བ་རྣམས་དང་། ཕྱིའི་ཚོར་ བ་རྣམས་དང་། ནང་དང་ཕྱིའི་ཚོར་བ་རྣམས་དང་། སྔ་མ་བཞིན་དུ་ནང་གི་སེམས་ དང་ཕྱིའི་སེམས་དང་། ནང་དང་ཕྱིའི་སེམས་ལ་གནས་སོ་ཞེས་བྱ་བ་དང་། ནང་གི་ ཆོས་རྣམས་དང་། ཕྱིའི་ཆོས་རྣམས་དང་། ནང་དང་ཕྱིའི་ཆོས་རྣམས་ལ་གནས་སོ། ། ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུའ།ོ །ཡང་དག་པར་སྤོང་བ་བཞི་ནི་འདི་ལྟ་སྟེ། དེ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་ དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ ཏུ་འཇོག་གོ །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བའི་ཕྱིར་ཞེས་བྱ་བ་ནི་ སྔ་མ་བཞིན་ནོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་ཞེས་བྱ་བ་ནི་སྔ་ མ་བཞིན་ནོ། །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་མི་ཉམས་པ་དང་རྒྱས་ པར་འགྱུར་བ་དང་། ཕྱིར་ཞིང་འབྱུང་བ་དང་རབ་ཏུ་རྫོགས་པར་བྱ་བའི་ཕྱིར་འདུན་ པ་བསྐྱེད་དོ། །འབད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་
85

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
འདི་ལྟ་སྟེ། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་ གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་ པ་ལ་གནས་པ་རྣམ་པར་སྤངོ ་བས་ཡངོ ས་སུ་བསྒྱུར་བ་སྒམོ ་མ།ོ །དེ་བཞིན་དུ་བརྩནོ ་ འགྲུས་ཀྱི་ཏིང་ངེ་འཛིན་སྤངོ ་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་སྤངོ ་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱདོ ་པའི་ཏིང་ངེ་འཛིན་སྤངོ ་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་ བྱ་བ་ཡང་སྔ་མ་བཞིན་ནོ། །དབང་པོ་ལྔ་ནི་འདི་ལྟ་སྟེ། དད་པའི་དབང་པོ་དབེན་པ་ ལ་གནས་པ་ཞེས་བྱ་བ་དང་།དེ་བཞིན་དུ་བརྩནོ ་འགྲུས་ཀྱི་དབང་པ་ོདང་།དྲན་པའི་ དབང་པ་ོདང་།ཏིང་ངེ་འཛིན་གྱི་དབང་པ་ོདང་།ཤེས་རབ་ཀྱི་དབང་པ་ོདབེན་པ་ལ་ གནས་པ་དང་འདོད་ཆགས་དང་བྲལ་བ་ལ་གནས་པ་ཞེས་བྱ་བ་ལ་སོགས་པའ།ོ ། སྟོབས་ལྔ་ནི་དེ་དག་ཉིད་མི་མཐུན་པའི་ཕྱོགས་ཕམ་པར་བྱས་པ་རྣམས་ཡིན་ཏེ་སྔ་ མ་བཞིན་ནོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་འདི་ལྟ་སྟེ། དེ་དྲན་པ་ཡང་དག་ བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་ དུ་ཆོས་རབ་ཏུ་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་ དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་ བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་ པ་ལ་གནས་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ 86

སེམས་བསྐྱེད་པ་བཞི་པ།
ནི་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་ བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་ མ།ོ།ཡང་དག་པའི་རྟགོ ་པ་ཡང་སྔ་མ་བཞིན་ན།ོ།ཡང་དག་པའི་ངག་དང་།ཡང་དག་ པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དབེན་པ་ལ་གནས་པ་ཞེས་ བྱ་བ་ཡང་སྔ་མ་བཞིན་ན།ོ །དེ་ལ་ས་དང་པ་ོ ནི་བསླབ་པའི་རྟེན་དང། བསླབ་པའི་ང་ོ བ་ོ ལ་གཉིས་པར་ ལྷག་པའི་ཚུལ་ཁྲིམས་དང། གསུམ་པར་ལྷག་པའི་སེམས་ཀྱི་བསླབ་པ་དང། བཞི་པ་ནས་དྲུག་པའི་བར་གསུམ་ ལ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་གསུམ་འཇོག་པ་ལ། ས་འདིར་བྱང་ཕྱོགས་སོ་བདུན་རགས་པ་དང་ཕྲ་བ་ལ་ ཆེས་མཁས་པའི་ཤེས་རབ་ཀྱི་བསླབ་པ་ཅན་དུ་འགྱུར་རོ། །
ས་འདི་ལ་བྱང་ཆུབ་ཀྱི་ཕྱོགས་སྒོམ་པ་འབྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི། རང་དུ་ལྟ་བ་དང་འབྲེལ་ཡོངས་སུ་ཟད། །
ས་འདིར་དེའི་རང་སྟེ་ཕྲ་བའི་འཇིག་ལྟའི་བདག་ཏུ་[དུ་]ལྟ་བ་སྔོན་དུ་འགྲོ་བའི་བདག་དང། སེམས་ ཅན་སོགས་རང་རྐྱ་བའི་རྫས་ཡོད་དུ་འཛིན་པ་རགས་པའི་གང་ཟག་གི་བདག་དང་བདག་གི་བར་འཛིན་པ་ དང།ཕུང་ཁམས་སྐྱེ་མཆེད་ལ་བདེན་པར་ཞེན་པའི་ཆསོ ་ཀྱི་བདག་འཛིན་རྣམས་ཡངོ ས་སུ་ཟད་པར་ཡང་ འགྱུར་ཏེ།ཇི་སྐད་དུ།ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་འདོ ་འཕྲ་ོབ་ ཅན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་འཇིག་ཚོགས་ལ་ལྟ་བ་སྔནོ ་དུ་འགྲ་ོ བའི་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ ཟག་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་མངོན་པར་ཞེན་པས་ཀུན་ནས་
87

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
བསླང་པའི་ལྷག་པར་གཡ་ོབ་དང་བྲལ་བ་རྣམས་དང་།རྣམ་པར་བརྟགས་པ་རྣམས་ དང་། རྣམ་པར་དཔྱད་པ་རྣམས་དང་། བརྟན་པར་འཛིན་པ་རྣམས་དང་། བདག་གིར་ འཛིན་པ་རྣམས་དང་། ནོར་དུ་འཛིན་པ་རྣམས་དང་། འཇིག་རྟེན་གྱི་གནས་རྣམས་ གང་ཡིན་པ་དེ་དག་ཐམས་ཅད་དང་དེ་བྲལ་བ་ཡིན་ན།ོ །ཞེས་གསུངས་པ་ལྟ་བུའ།ོ ། ཟད་པའི་དནོ ་ཡང་ས་དེའི་སྤང་བྱར་གྱུར་པའི་བདག་འཛིན་གཉིས་ཀྱི་ས་བནོ ་སྤངས་པ་ཡིན་གྱི་ཐམས་ཅད་ཟད་ པ་མིན་ནོ། །མདོས་ཀྱང་འཇིག་ལྟ་ལྷན་སྐྱེས་ཡོད་པར་བསྟན་ཏོ། །དབུ་མ་ལ་འཇུག་པའི་བཤད་པ འི་ མཆན་ལས། འདོ ་འཕྲོ་བ་ཞེས་བྱ་བ་སེམས་བསྐྱེད་པ་བཞི་པའ།ོ ། །།
88

སེམས་བསྐྱེད་པ་ལྔ་པ།
༈ ད་ནི་སེམས་བསྐྱེད་པ་ལྔ་པའི་དབང་དུ་བྱས་ནས། བདག་ཉིད་ཆེ་དེ་བདུད་རྣམས་ཀུན་གྱིས་ཀྱང་། ། སྦྱང་དཀའི་ས་ལ་ཕམ་པར་ནུས་མ་ཡིན། །
བྱང་ཆུབ་སེམས་དཔའི་ས་ལྔ་པ་སྦྱང་དཀའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ལྷའི་བུའི་བདུད་རྣམས་ཀྱིས་ཀྱང་ཕམ་ པར་བྱ་བར་མི་ནུས་ན།དེ་དག་ལས་གཞན་བདུད་ཀྱི་བཀའ་ཉན་པ་བྲན་ལ་སགོ ས་པ་ རྣམས་ཀྱིས་ལྟ་ཅི་སྨོས་སོ། །དེ་ཉིད་ཀྱི་ཕྱིར་ས་འདིའི་མིང་སྦྱང་དཀའ་བ་ཞེས་བྱའ།ོ ། རིན་ཆེན་འཕྲེང་བ་ལས་ཀྱང། ལྔ་པ་ཤིན་ཏུ་སྦྱང་དཀའ་བདུད། །ཀུན་གྱིས་ཤིན་ཏུ་ཐུབ་དཀའི་ཕྱིར། །འཕགས་ པའི་བདེན་སོགས་ཕྲ་མོའ་ིདོན། །ཤེས་ལ་མཁས་པ་འབྱུང་བའི་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ན། །དགའ་ལྡན་ གནས་ཀྱི་ལྷ་རྒྱལ་འགྱུར། །མུ་སྟེགས་བྱེད་པ་ཐམས་ཅད་ཀྱི། །ཉནོ ་མངོ ས་ལྟ་གནས་ཟླགོ ་བྱེད་པ། །ཞེས་གསུངས་ས།ོ །
བྱང་ཆུབ་སེམས་དཔའ་ནི། བསམ་གཏན་ལྷག་ཅིང་བློ་བཟང་བདེན་རང་བཞིན། ། ཞིབ་མོ་རྟོགས་ལའང་ཤིན་ཏུ་མཁས་པ་ཐོབ། །
པ་ཡིན་པར་རིག་པར་བྱའ།ོ །དེ་ལ་ས་ལྔ་པ་འདིར་ཕ་རོལ་ཏུ་ཕྱིན་པ་བཅུ འི་ནང་[ལས་] ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཆེས་ལྷག་པར་འགྱུར་རོ། །དེ་ལྟར་བསྟན་པ་ ན་སྦྱིན་པ་ནས་བརྩོན་འགྲུས་ཀྱི་ཕར་ཕྱིན་བཞི་ལྷག་པར་གྱུར་པ། སྔོན་ཉིད་ནས་ཐོབ་ཟིན་པར་ཤེས་པས། ལྷག་ མ་དྲུག་གི་ནང་ནས་ཞེས་ཤེས་པར་འགྱུར་ར།ོ །དེ་ཡང་བསམ་གཏན་གྱི་ཕར་ཕྱིན་གྱི་མི་མཐུན་ཕྱགོ ས་རྣམ་གཡེང་
89

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
སོགས་ཀྱིས་ཉེས་པས་གཏན་མི་རྫི་བ་འདིར་ཐོབ་པ་འདྲ་བ། ཤེས་རབ་ཀྱི་ཕར་ཕྱིན་སོགས་ལ་འདིར་མེད་པའ།ོ ། བསམ་གཏན་ལྷག་པར་མ་ཟད་བློ་བཟང་ཞེས་བྱ་བ་ནི་འཕགས་པ་རྣམས་སོ། །དེ་དག་གི་ བདེན་པ་རྣམས་ནི་བློ་བཟང་བདེན་པ་སྟེ། འཕགས་པའི་བདེན་པ འི་[རྣམས་ཞེས་ བྱ་བའི་དོན་ཏོ་]རང་བཞིན་[ནི་]ཏེ་རང་གི་ངོ་བོ[འ་ོ]ཤེས་པ་ཞིབ་མོས་ཁོང་དུ་ཆུད་ པར་བྱ་དགསོ ་པས་[བའི་]རང་བཞིན་ནི་རང་བཞིན་ཞིབ་མ་ོསྟེ།དེ་ནི་བླ་ོགྲསོ ་བཟང་པའོ ་ི བདེན་པ་རྣམས་ཀྱི་རང་གི་ངོ་བོ་ཕྲ་མོ་ཤེས་པ་ལ་ཆེས་མཁས་པར་འགྱུར་བས། འདིར་ བདེན་པ་རགས་པ་དང་ཕྲ་བ་ལ་མཁས་པའི་ལྷག་པའི་ཤེས་རབ་ཅན་དུ་འགྱུར་རོ། །དེ་ལ་འཕགས་པའི་ བདེན་པ་བཞི་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་འགོག་པ་དང་ལམ་ཞེས་བྱ་བ་ རྣམས་སོ། །ཞེས་བདེན་བཞི་ལ་མཁས་པ་དང། དེ་ནས་གལ་ཏེ་བཅོམ་ལྡན་འདས་ཀྱིས་བདེན་ པ་ནི་གཉིས་ཁ་ོནར་བསྟན་ཏེ།འདི་ལྟ་སྟེ།ཀུན་རྫབོ ་ཀྱི་བདེན་པ་དང་།དནོ ་དམ་པའི་ བདེན་པའ།ོ །ཞེས་བདེན་གཉིས་ལ་མཁས་པ་གཉིས་སོ་སོར་གསུངས་པ་ལ། ཇི་སྐད་དུ། ཡབ་སྲས་ མཇལ་བའི་མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལས་མ་གནས་པར། །བདེན་ པ་འདི་གཉིས་ཉིད་ཀྱིས་བསྟན་པར་མཛད།།གང་ཞིག་ཀུན་རྫབོ ་དེ་བཞིན་དནོ ་དམ་ སྟེ། །བདེན་པ་གསུམ་པ་འགའ་ཡང་མ་མཆིས་སོ། །ཞེས་གསུངས་སོ། །དབུ་མ་ལས་ ཀྱང་།སངས་རྒྱས་རྣམས་ཀྱིས་ཆསོ ་བསྟན་པ།།བདེན་པ་གཉིས་ལ་ཡང་དག་བརྟེན།། འཇིག་རྟེན་ཀུན་རྫབོ ་བདེན་པ་དང་། །དམ་པའི་དནོ ་གྱི་བདེན་པའ།ོ །ཞེས་བཤད་ད།ོ ། དེའི་ཕྱིར་བདེན་པ་གཉིས་ལས་ཐ་དད་པར་འཕགས་པའི་བདེན་པ་བཞི་པོ་གཞན་ ག་ལ་ཡོད་ཅེ་ན། བཤད་པ། གལ་ཏེ་ཡང་བདེན་པ་གཉིས་སུ་མ་འདུས་པའི་བདེན་པ་མེད་པ་དེ་
90

སེམས་བསྐྱེད་པ་ལྔ་པ།
ལྟ་ཡིན་མོད་ཀྱི། དེ་ལྟ་ན་ཡང་བླང་བར་བྱ་བ་དང་སྤང་བར་བྱ་བ་དག་རེ་རེའི་རྒྱུ་ དང་འབྲས་བུའི་དངོས་པོ་བསྟན་པར་བྱ་བའི་ཕྱིར། འདིར་འཕགས་པའི་བདེན་པ་ བཞི་བསྙད་དོ། །དེ་ལ་སྤང་བར་བྱ་བའི་ཕྱོགས་ནི་ཀུན་ནས་ཉོན་མོངས་པའ།ོ །དེའི་ འབྲས་བུ་ནི་སྡུག་བསྔལ་གྱི་བདེན་པའ།ོ །རྒྱུ་ནི་ཀུན་འབྱུང་གི་བདེན་པའ།ོ །བླང་བར་ བྱ་བའི་ཕྱགོ ས་ནི་རྣམ་པར་བྱང་བ་ཡིན་ལ།དེའི་འབྲས་བུ་ནི་འགགོ ་པའི་བདེན་པའ།ོ། དེ་ཐབོ ་པའི་རྒྱུ་ནི་ལམ་གྱི་བདེན་པའ།ོ །དེ་ལ་སྡུག་བསྔལ་དང་ཀུན་འབྱུང་དང་ལམ་ གྱི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་གཏོགས་སོ། །འགོག་པའི་བདེན་ པ་ནི་དོན་དམ་པའི་བདེན་པའི་རང་གི་ངོ་བོའ།ོ །རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས་ཀྱང། མྱང་འདས་དོན་དམ་བདེན་པ་དང། བདེན་པ་གཞན་གསུམ་ཀུན་རྫོབ་བདེན་པར་གསུངས་ཏེ་མྱང་འདས་ནི་ འགོག་བདེན་ནོ། །གཞན་ཡང་རིགས་པ་དྲུག་ཅུ་པའི་འགྲེལ་པར་འགོག་བདེན་མངོན་སུམ་དུ་ཤེས་པ་སྟོན་པས་ ཞལ་གྱིས་བཞེས་ལ། དངོས་པོར་སྨྲ་བ་མངོན་སུམ་ཚད་མ་དངོས་པོ་རང་མཚན་གྱི་ཡུལ་ཅན་དུ་འདོད་པ་ལ་དེ་ མི་རུང་བ་དང། རང་ལུགས་ལ་འགོག་པ་མངོན་སུམ་དུ་ཤེས་པ་མཉམ་གཞག་ཟག་མེད་ཀྱི་ཡེ་ཤེས་ཀྱིས། དེ་ཁོ་ ན་ཉིད་ཀྱི་དོན་རྟོགས་པའི་སྟེང་ནས་བསྒྲུབས་པས། འགོག་བདེན་ཀུན་རྫོབ་ཀྱི་བདེན་པ་ཡིན་ན་རྣམ་གཞག་ དེ་དག་གཏན་མི་རུང་ཞིང་མྱང་འདས་མངོན་དུ་བྱས་པའི་ཚེ་ཡང་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་ དགོས་པར་འབད་པ་དུ་མས་བསྒྲུབས་པས་ན། འགོག་བདེན་ཀུན་རྫོབ་བདེན་པར་སྨྲ་བ་ནི་མཐའ་མ་ཆོད་པའ།ོ །གཞི་འགའ་ཞིག་གི་སྟེང་དུ་དགག་བྱ་བདེན་པ་བཅད་པ་ལ་དོན་དམ་བདེན་པར་བྱེད་ཀྱང། དོན་དམ་བདེན་ པ་ཡིན་ཚད་ཐམས་ཅད་ཀྱི་དགག་བྱ་ཤེས་ལ་མི་སྲིད་པས་མ་ཁྱབ་སྟེ། ཆོས་དབྱིངས་བསྟོད་པ་ལས། གང་ཞིག་ ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་ལ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་
91

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ལ་ཕྱག་འཚལ་འདུད། །གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་ འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་ད།ོ །ཞེས་ཆསོ ་ཉིད་དྲི་མ་དང་བཅས་པ་དྲི་མ་སྦྱངས་པ་ན། མྱང་འདས་དང་ཆསོ ་ ཀྱི་སྐུར་གསུངས་པ་ལྟར། དག་པའི་ཆོས་ཉིད་ཀྱི་དགག་བྱ་དྲི་མར་གསུངས་པ་དུ་མ་ཞིག་ཡོད་པའི་ཕྱིར་དང། ཆོས་ཉིད་དྲི་བྲལ་དུ་སོང་བ་མི་སྲིད་ན། ངལ་བ་འབྲལ་མེད་དུ་འགྱུར་བའི་ཕྱིར་དང། སྲིད་ན་དེའི་དགག་བྱ་ ཤེས་བྱ་ལ་ཡོད་པའི་ཕྱིར་རོ། །དཔེར་ན་རི་བོང་གི་རྭ་མེད་པའི་དགག་བྱ་རི་བོང་གི་རྭ་ཤེས་བྱ་ལ་མི་སྲིད་ཀྱང། དགག་བྱ་ཤེས་བྱ་ལ་ཡདོ ་པའི་བུམ་པ་བཀག་པའི་བུམ་མེད་རི་བངོ ་གི་རྭ་མེད་དུ་འཇགོ ་ནུས་པ་བཞིན་ན།ོ །དག་ མ་དག་གི་ཆོས་ཅན་སྤྱི་ལ་ཁྱབ་པའི་ཆོས་ཉིད་ཀྱི་དབང་དུ་བྱས་ན་ནི། བདག་གཉིས་བཀག་པ་ལྟ་བུ་དགག་བྱ་ ཤེས་བྱ་ལ་མི་སྲིད་པ་ཙམ་བཀག་པ་ལ་བྱེད་ཀྱང། ཆོས་ཅན་རིམ་གྱིས་དྲི་མས་ཇེ་དག་ཏུ་སོང་བ་ན་དེའི་ཆོས་ ཉིད་ཀྱང་དྲི་མས་ཇེ་དག་ཏུ་འགྲོ་བས། ཆོས་ཅན་ཁྱད་པར་ཅན་ལ་ནི་ཆོས་ཉིད་ཀྱང་དག་པ་ཕྱོགས་གཅིག་ཙམ་ གྱིས་མི་ཆོག་གི །རང་རང་གི་སྐབས་ཀྱི་གློ་བུར་གྱི་དྲི་མས་ཀྱང་དག་པ་རེ་དགོས་ལ་དེ་ཉིད་ལ་འགོག་བདེན་ ཟེར་བ་ཡིན་ནོ། །དེ་བཞིན་དུ་བདེན་པ འི་མིང་འདོགས་གཞན་གང་ཅུང་ཟད་ཅིག་ཡོད་པ་ དེ་ཡང་ཅི་རིགས་པར་བདེན་པ་གཉིས་ཀྱི་ཁོངས་སུ་གཏོགས་པ་ཁོ་ནར་ངེས་པར་ བྱའ།ོ །ཡང་ཅི་བདེན་པ་བཞི་ལས་ཐ་དད་པའི་བདེན་པ་གཞན་ཡང་ཡོད་དམ་ཞེ་ ན། བཤད་པ་ཡོད་དེ། ཇི་སྐད་དུ་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལས། འདི་ནི་སྡུག་ བསྔལ་འཕགས་པའི་བདེན་པའ་ོཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ས།ོ ། འདི་ནི་སྡུག་བསྔལ་ཀུན་འབྱུང་བའ།ོ །འདི་ནི་སྡུག་བསྔལ་འགགོ ་པའ།ོ །འདི་ནི་སྡུག་ བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའ་ོཞེས་ཡང་དག་པ་ཇི་ལྟ་ བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ཀུན་རྫོབ་ཀྱི་བདེན་པ་ལ་མཁས་པ་ཡིན། དོན་དམ་
92

སེམས་བསྐྱེད་པ་ལྔ་པ།
པའི་བདེན་པ་ལ་མཁས་པ་ཡིན། མཚན་ཉིད་ཀྱི་བདེན་པ་ལ་མཁས་པ་ཡིན། རྣམ་ པར་དབྱེ་བའི་བདེན་ལ་མཁས་པ་ཡིན། ཕྱེ་སྟེ་རྟོགས་པའི་བདེན་པ་ལ་མཁས་པ་ ཡིན། དངོས་པོའ་ིབདེན་པ་ལ་མཁས་པ་ཡིན། རབ་ཏུ་སྐྱེ་བའི་བདེན་པ་ལ་མཁས་ པ་ཡིན། ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་ལ་མཁས་པ་ཡིན། ལམ་ཤེས་པ་ལ་ འཇུག་པའི་བདེན་པ་ལ་མཁས་པ་ཡིན།བྱང་ཆུབ་སེམས་དཔའི་སའི་ག་ོརིམ་ཐམས་ ཅད་ཀྱི་མཚམས་སྦྱར་བ་སྒྲུབ་པ་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་ འབྱུང་བའི་བར་གྱི་བདེན་པ་ལ་མཁས་པ་ཡིན་ཏེ། དེ་ལ་སེམས་ཅན་གཞན་དག་གི་ བསམ་པ་ཤེས་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱེད་པས་ཀུན་རྫབོ ་ཀྱི་བདེན་པ་རབ་ཏུ་ ཤེས་སོ། །བགྲོད་པ་གཅིག་པུ་ལ་ཡང་དག་པར་གཞོལ་བས་དོན་དམ་པའི་བདེན་པ་ རབ་ཏུ་ཤེས་ས།ོ །རང་དང་སྤྱིའི་མཚན་ཉིད་རྟགོ ས་པས་མཚན་ཉིད་ཀྱི་བདེན་པ་རབ་ ཏུ་ཤེས་ས།ོ །ཆསོ ་རྣམ་པར་དབྱེ་བ་རྣམ་པར་གཞག་པར་རྟགོ ས་པ་རྣམ་པར་དབྱེ་བའི་ བདེན་པ་རབ་ཏུ་ཤེས་སོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་གཞག་པ་ རྗེས་སུ་རྟོགས་པས་ཕྱེ་སྟེ་རྟོགས་པའི་བདེན་པ་རབ་ཏུ་ཤེས་སོ། །ལུས་དང་སེམས་ལ་ གནོད་པ་ཉམས་སུ་འབབ་པས་དངོས་པོའ་ིབདེན་པ་རབ་ཏུ་ཤེས་སོ། །འགྲོ་བར་ཉིང་ མཚམས་སྦྱོར་བ་རྟོགས་པས་རབ་ཏུ་སྐྱེ་བའི་བདེན་པ་རབ་ཏུ་ཤེས་སོ། །རིམས་ནད་ ཀྱིས་ཡོངས་སུ་གདུང་བ་ཐམས་ཅད་ཤིན་ཏུ་ཞི་བས་ཟད་པ་དང་མི་སྐྱེ་བ་ཤེས་པའི་ བདེན་པ་རབ་ཏུ་ཤེས་སོ། །མི་གཉིས་པ་མངོན་པར་བསྒྲུབས་པས་ལམ་ཤེས་པ་ལ་ འཇུག་པའི་བདེན་པ་རབ་ཏུ་ཤེས་སོ། །རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་
93

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཁོང་དུ་ཆུད་པས་བྱང་ཆུབ་སེམས་དཔའི་སའི་གོ་རིམ་ཐམས་ཅད་ཀྱི་མཚམས་སྦྱོར་ བ་སྒྲུབ་པ་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་འབྱུང་བའི་བར་གྱི་ བདེན་པ་རབ་ཏུ་ཤེས་ཏེ་ཞེས་གསུངས་པ་ལྟ་བུའ།ོ །དབུ་མ་ལ་འཇུག་པའི་བཤད་པ འི་མཆན་ལས། སྦྱང་དཀའ་བ་ཞེས་བྱ་བ་སེམས་བསྐྱེད་པ་ལྔ་པའ།ོ། །།
94

སེམས་བསྐྱེད་པ་དྲུག་པ།
༈ ད་ནི་སེམས་བསྐྱེད་པ་དྲུག་པའི་དབང་དུ་བྱས་ནས་བཤད་པ། མངོན་དུ་ཕྱོགས་པར་མཉམ་གཞག་སེམས་གནས་ཏེ། ། རྫོགས་པའི་སངས་རྒྱས་ཆོས་ལ་མངོན་ཕྱོགས་ཤིང་། ། འདི་རྟེན་འབྱུང་བའི་དེ་ཉིད་མཐོང་བ་དེས། ། ཤེས་རབ་གནས་པའི་འགོག་པ་འཐོབ་པར་འགྱུར། །
བྱང་ཆུབ་སེམས་དཔའི་ས་ལྔ་པར་བསམ་གཏན་གྱི་ཕ་རལོ ་ཏུ་ཕྱིན་པ་ཡངོ ས་སུ་དག་ པ་ཐབོ ་པས་ས་དྲུག་པ་མངནོ ་དུ་ཕྱགོ ས་པ་སྟེ་གྱུར་པར་མཉམ་པར་བཞག་པའི་སེམས་ཕུལ་དུ་ བྱུང་བ་ ལ་གནས་ཤིང་། དེ་ལ་བརྟེན་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་ གྱི་ཟབ་མོའ་ིདེ་ཁོ་ན་ ཉིད་མཐོང་བའི་བྱང་ཆུབ་སེམས་དཔའ་ས་དྲུག་པ་ལ་གནས་པ་ ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་སྟེ་ཕུལ་དུ་བྱུང་བ་ལ་གནས་པས་འགོག་ པ་ཐོབ་པར་འགྱུར་གྱི། དེའི་སྔ་རོལ་[ཏུ་] ས་ལྔ་པ་སོགས་སུ་ ནི་འགོག་པ་ཐོབ་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལྷག་པར་གྱུར་པ་མེད་པའི་ཕྱིར་ཏེ། སྦྱིན་པ་ལ་སོགས་པ་ ཕ་རོལ་ཏུ་ཕྱིན་པ་ལྔ་ ཕུལ་དུ་བྱུང་བ་དང་ལྡན་པ་ཙམ་གྱི ས་ནི་འགོག་པ་ཐོབ་པར་མི་ ནུས་སོ། །དེ་ལྟར་ཤེས་རབ་ལྷག་པའི་སྒོ་ནས་ གཟུགས་བརྙན་དང་འདྲ་བའི་ཆོས་ཉིད་མངོན་ སུམ་དུ་ཁོང་དུ་ཆུད་པ ར་གྱུར ་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ ཆུབ་སེམས་དཔའི་ས་ལྔ་པར་ལམ་གྱི་བདེན་པ་ལ་དམིགས་པའི་ཕྱིར་དང་། རྫོགས་ པའི་སངས་རྒྱས་ཀྱི་ཆསོ ་འཐབོ ་པ་ལ་མངནོ ་དུ་ཕྱགོ ས་པའི་ཕྱིར། དེ་ན་ས་འདི་ལ་མངནོ ་
95

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
དུ་གྱུར་པ་ཞེས་བྱའ།ོ །
ད་ནི་ཤེར་ཕྱིན་ དེ་ལས་གཞན་པའི་སྦྱིན་པ་ལ་སོགས་པའི་ ཡོན་ཏན་གྱི་ཚོགས་
རྣམས། འབྲས་བུའི་སར་བགྲོད་པ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རག་ལས་པ་ཉིད་དུ་ བསྟན་པའི་ཕྱིར་བཤད་པ།
ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། ། མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། ། ཡུལ་དུ་ཁྲིད་པ་དེ་བཞིན་འདིར་ཡང་བློས། ། མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ། །
ཇི་ལྟར་ཏེ་དཔེར་ན་སྐྱེས་བུ་མིག་དང་ལྡན་པ་གཅིག་གིས་ལངོ ་བའི་ཚོགས་མཐའ་དག་ མངནོ ་པར་འགྲ་ོབར་འདདོ ་པའི་ཡུལ་དུ་བདེ་བླག་ཏུ་ཁྲིད་པར་བྱེད་པ་དེ་བཞིན་དུ། ལམ་གྱི་སྐབས་འདིར་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་དེ་ལས་གཞན་དེ་ཉིད་ལྟ་ བའི་མིག་ཉམས་པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་རྣམས་བླངས་པ་སྟེ་ ཡོངས་སུ་བཟུང་ ནས་བདེ་བར་གཤེགས་པའི་ས་ཀུན་ཏུ་འདོ ་ཅེས་བྱ་བར་འཇོག་པར་ འགྱུར་ཏེ། ཤེར་ཕྱིན་ནི་ཡང་དག་པའི་ལམ་དང་ལམ་ཡང་དག་པ་ མ་ཡིན་པ་གཉིས་ཕྱིན་ཅི་ མ་ལོག་པར་མཐོང་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །འདིར་སྨྲསཔ། འདི་རྟེན་འབྱུང་བའི་དེ་ཉིད་མཐངོ ་བ་དེས།།ཤེས་རབ་གནས་པས་འགགོ ་པ་ཐབོ ་པར་ འགྱུར། །ཞེས་དེ་སྐད་དུ་གང་སྨྲས་ན། ཁ༽ ཅི་ལྟར ཀ༽ སྔར་ བྱང་ཆུབ་སེམས་དཔའ་ས་ དྲུག་པ་བས་ཟབ་མོའ་ིཆོས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་ན། འདི་ལ་བརྟེན་ 96

སེམས་བསྐྱེད་པ་དྲུག་པ།
ནས་འདི ་འབྱུང་བའི་དེ་ཁོ་ན་ཉིད་མཐོང་བར་ག༽ འགྱུར་ཞེ་ན། བཤད་པ། དེའི་རང་ གི་ངོ་བོ་ནི་མ་རིག་པའི་ལིང་ཐོག་འཐུག་པོས་བློའ་ི མིག་མ་ལུས་པར་གཡོགས་པ་ བདག་ཅག་གི་ཡུལ་དུ་ཉེ་བར་འགྲོ་བ་མ་ཡིན་གྱི། དྲུག་པ་ལ་སོགས་པ་ས་གོང་མ་ ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་དུ་ནི་འགྱུར་ཞེ་ན། དེའི་ཕྱིར་ དེ་ལ་ཁོ་བོ་ཅག་ལ་དྲི་བར་བྱ་བ་མ་ཡིན་གྱི་གང་དག་སྟོང་པ་ཉིད་ཕྱིན་ཅི་མ་ལོག་ པར་ལེགས་པར་མཐངོ ་བའི་མིག་སྨན་མ་རིག་པའི་རབ་རིབ་ཀྱི་ལིང་ཐགོ ་འཇམོ ས་པས་ བསྐུས་པའི་བླའོ ་ིསྤྱན་མ་རིག་པའི་རབ་རིབ་ཀྱི་ལིང་ཐགོ ་དང་བྲལ་བ་དྲི་མ་མེད་པའི་ ཡེ་ཤེས་ཀྱི་སྤྱན་མངའ་བ་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་བཅམོ ་ལྡན་འདས་ དེ་དག་ཉིད་ལ་རྨེད་པ་སྟེ་དྲི་བར་བྱའ།ོ །གལ་ཏེ་འཕགས་པ་ཤེས་རབ་ཀྱི་ཕ་རལོ ་ཏུ་ཕྱིན་ པ་དང་འཕགས་པ་ས་བཅུ་པ་ལ་སོགས་པ་མདོ་སྡེ་གང་དག་འདོན་པ་དེ་དག་ལས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཇི་ ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཉིད་མཐངོ ་བ་ཞེས་བྱ་བ་གསུངས་པ་མ་ཡིན་ ནམ། དེའི་ཕྱིར་ལུང་གི་རྗེས་སུ་འབྲངས་ནས་བཤད་པར་རིགས་སོ་ཞེ་ན། འདི་ཡང་ ཡོད་པ་མ་ཡིན་ཏེ། ལུང་གི་དགོངས་པ་ངེས་པར་དཀའ་བའི་ཕྱིར་བདག་ཅག་འདྲ་ བས་ལུང་ལས་ཀྱང་དེ་ཁོ་ན་ཉིད་བསྟན་པར་མི་ནུས་སོ། །རང་དབང་དུ་འཆད་པ་ཉིད་ ཀྱི་དབང་དུ་བྱས་ནས་དེ་སྐད་དུ་བརྗོད་ཀྱི། དེ་ཁོ་ཉིད་སྟོན་པའི་བསྟན་བཅོས་ཚད་མར་ གྱུར་པའི་སྐྱེས་བུས་བྱས་ཤིང་དེས་ལུང་ཕྱིན་ཅི་མ་ལོག་པར་འཆད་པ་མཐོང་བ་ལས་ ལུང་གི་དགོངས་པ་ངེས་ནུས་པ ར་[ས་] སྟོན་པ་ནི།
97

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཇི་ལྟར་དེ་ཡིས་ཆེས་ཟབ་ཆོས་རྟོགས་པ། ། ལུང་དང་གཞན་ཡང་རིགས་པས་ཡིན་པས་ན། ། དེ་ལྟར་འཕགས་པ་ཀླུ་སྒྲུབ་གཞུང་ལུགས་ལས། ། ཇི་ལྟར་གནས་པའི་ལུགས་བཞིན་བརྗོད་པར་བྱ། །
ཤེས་རབ་ཀྱི་ཕ་རལོ ་ཏུ་ཕྱིན་པ་ལ་སྤྱདོ ་པའི་བྱང་ཆུབ་སེམས་དཔའ་ས་དྲུག་པ་བ་དེ་ཡིས་ ཆསོ ་རྣམས་ཀྱི་བདག་ཉིད་ཇི་ལྟར་མཐངོ ་བ་དེ་ལྟར།འཕགས་པ་ཀླུ་སྒྲུབ་ཀྱིས་ལུང་ཕྱིན་ ཅི་མ་ལགོ ་པར་མཁྱེན་ནས་དབུ་མའི་བསྟན་བཅསོ ་ལས་རིགས་པ་དང་།མད་ོསྡེའི་ལུང་ དག་གིས་ཆསོ ་རྣམས་ཀྱི་བདག་ཉིད་ཡང་དག་པ་ཇི་ལྟ་བ་ཉིད་རང་བཞིན་མེད་པའི་ མཚན་ཉིད་ཅན་ཆེས་གསལ་བར་བསྟན་ཏོ། །དེའི་ཕྱིར་ཁ༽ ཇི་ལྟར་ཀ༽ འཕགས་པ་ ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་རིགས་པ་དང་ལུང་དག་གིས་ཆསོ ་རྣམས་ཀྱི་དེ་ཁ་ོན་ཉིད་ག༽ བསྟན་པ་དེ་ཁ་ོ ན་ལྟར། ཟླ་བ་གྲགས་པ་བདག་གིས་ཀླུ་སྒྲུབ་དེས་ཉེ་བར་བསྟན་པའི་ལུགས་ ཇི་ལྟར་གནས་པ་དེ་བཞིན་དུ་བརྗདོ ་པར་བྱའ།ོ །ཅི་སྟེ་རེ་ཞིག་འཕགས་པ་ཀླུ་སྒྲུབ་དེ་ ཉིད་ལ་ངེས་དནོ ་གྱི་ལུང་གི་དནོ ་ཕྱིན་ཅི་མ་ལགོ ་པར་ངེས་པ་ཅི་ལྟར་ཡདོ ་ཅེ་ན།ལུང་ལས་ ཤེས་ཏེ།ཇི་སྐད་དུ་འཕགས་པ་ལང་ཀར་གཤེགས་པ་ལས།ལྷ་ོཕྱགོ ས་བེ་ཏའི་ཡུལ་དུ་ ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་ མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་ བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲ་ོ འ།ོ །ཞེས་ངེས་ དོན་གྱི་ཐེག་པ་ཡོད་མེད་ཀྱི་མཐའ་གཉིས་དང་བྲལ་བ་ཀླུ་སྒྲུབ་ཀྱིས་འགྲེལ་བར་གསུངས་པ་དང་། འདི་ 98

སེམས་བསྐྱེད་པ་དྲུག་པ།
ནི་གསེར་འདོ ་དམ་པ་ནས་བཤད་པ། སྟོན་པ་ཞལ་བཞུགས་དུས་ཀྱི་ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་དེ་ཉིད་སྐྱེ་བ་བཞེས་པ་ཡིན་ཏེ། དེ་ཡང་འཕགས་པ་སྤྲིན་ཆེན་པོ་ སྟོང་ཕྲག་བཅུ་གཉིས་པ་ལས་ཀྱང་། ཀུན་དགའ་བོ་ལི་ཙྪ་བྱི་གཞོན་ནུ་སེམས་ཅན་ ཐམས་ཅད་མཐངོ ་ན་དགའ་བ་ཞེས་བྱ་བ་འདི་ནི་ང་མྱ་ངན་ལས་འདས་ནས་ལ་ོབཞི་ བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་རབ་ དུ་བསྟན་ཏེ།མཐར་གྱིས་རབ་ཏུ་དང་བའི་འདོ ་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་ འབྱུང་གནས་འདོ ་ཅེས་བྱ་བར་འགྱུར་ར་ོ ཞེས་གསུངས་ས།ོ །དེའི་ཕྱིར་འདིས་ངེས་དནོ ་ གྱི་ལུང་ཕྱིན་ཅི་མ་ལོག་པར་ངེས་པར་གྲུབ་བོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་ དག་པ་ཇི་ལྟ་བ་བཞིན་སྟནོ ་པའི་འབྲས་བུ་ཅན་ངེས་པའི་དནོ ་གྱི་བསྟན་བཅསོ ་དེ་ཡང་ སྔར་གམོ ས་པས་རྒྱུད་ལ་སྟངོ ་པ་ཉིད་ཀྱི་དནོ ་རྟགོ ས་པའི་ས་བནོ ་སྟེ་ནུས་པ་མཐུ་ཅན་བཞག་པ་ རྣམས་ཁ་ོན་ལ་བསྟན་པར་བྱའི།གཞན་དག་ལ་ནི་མ་ཡིན་ཏེ།དེ་དག་གིས་ནི་སྟངོ ་པ་ ཉིད་སྟོན་པའི་གཞུང་ཉན་པར་གྱུར་དུ་ཟིན་ཀྱང་། སྟོང་པ་ཉིད་དེ་ལ་ལོག་པར་ཞུགས་པའི་ བསམ་པ་དང་ལྡན་པ་ཉིད་ཀྱིས་དོན་མ་ཡིན་པ་ཆེན་པོ་དང་ལྡན་པ ར་འགྱུར་བ འི་ ཕྱིར་རོ། །དོན་མ་ཡིན་པ་ཆེན་པོ་དང་ལྡན་པར་འགྱུར་ཚུལ་ནི་འདི་ལྟར་རེས་འགའ་ནི་མི་མཁས་ པས་སྟོང་པ་ཉིད་སྤངས་ནས་ངན་འགྲརོ ་འགྲ་ོ བར་འགྱུར་རོ། །རེས་འགའ་ནི་སྟོང་པ་ ཉིད་ཀྱི་དོན་ནི་ཆོས་འདི་རྣམས་མེད་པ་ཉིད་དང། ཡོད་པ་མ་ཡིན་ནོ་ཞེས་དེ་ལྟར་ཕྱིན་ཅི་ ལགོ ་ཏུ་ངེས་པར་བཟུང་སྟེ།རྒྱུ་འབྲས་ཀྱི་དངསོ ་པ་ོཐམས་ཅད་ལ་སྐུར་པ་འདེབས་པའི་
99

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ལོག་པར་ལྟ་བ་དང་པོར་བསྐྱེད་ནས་དེ་ནས་དེ་མི་གཏོང་བར་མི་དགེ་བ་གོང་ནས་གོང་དུ་ འཕེལ་ བར་བྱེད་ད།ོ །དེའི་ཕྱིར་སྟནོ ་པ་པསོ ་སྟངོ ་ཉིད་ལ་ལྷག་པར་མསོ ་པའི་གང་ཟག་གི་ཁྱད་པར་ ངེས་པར་ཤེས་པར་བྱས་ཏེ། སྣདོ ་དུ་རུང་བའི་ཉན་པ་པ་ོརྣམས་ལ་སྟངོ ་པ་ཉིད་ཀྱི་ལྟ་བ་ཕྱིན་ ཅི་མ་ལགོ ་པར་བཤད་པར་བྱའ།ོ །ཡང་ཅི་ལྟར་འདི་ལ་སྟངོ ་པ་ཉིད་བསྟན་པར་འསོ ་པས། གང་ཟག་འདི་ལ་སྟོང་པ་ཉིད་ཉེ་བར་བསྟན་པར་བྱའ།ོ །ཞེས་ངེས་པར་དཀའ་བ་འདི་ཇི་ ལྟར་ངེས་པར་ནུས་ཤེ་ན། དེ་ནི་ཕྱི་རོལ་གྱི་མཚན་མ་རྣམས་ཀྱིས་ངེས་པར་ནུས་པས་ དེའི་རྒྱུ་མཚན་ཉེ་བར་བསྟན་པའི་ཕྱིར་བཤད་པ།
སོ་སོ་སྐྱེ་བོའ་ིདུས་ནའང་སྟོང་པ་ཉིད་ཐོས་ནས། ། ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། ། རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། ། ལུས་ཀྱི་བ་སྤུ་ལྡང་བར་གྱུར་པ་གང་ཡིན་པ། ། དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། ། དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། ། དེ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི། ་་་་་་་་་་་་་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །
སྔར་བཤད་པ་དེ་ལྟ་བུར་གྱུར་པའི་ཉན་པ་པ་ོལ་དེ་ཁ་ོན་ཉིད་སྟནོ ་པ་པའོ ་ིགང་ཟག་གིས་སྟངོ ་ ཉིད་བསྟན་པ་ལ་འབད་པ་འབྲས་བུ་མེད་པར་མི་འགྱུར་ར།ོ །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། 100

སེམས་བསྐྱེད་པ་དྲུག་པ།
དེ་ལ་དེ་ཡི་རྗེས་སུ་འགྲོ་བའི་ཡོན་ཏན་འབྱུང་། །
ཉན་པ་པ་ོདེ་ལ་སྟངོ ་པ་ཉིད་དུ་འཛིན་པའི་ཕྱིན་ཅི་ལགོ ་གི་བསྐྱེད་པའི་དནོ ་མ་ཡིན་ པ་དང་ལྡན་པར་མི་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། སྟོང་པ་ཉིད་ཀྱི་ལྟ་བ་ཉན་ པ་དེ འི་རྒྱུ་ཅན་གྱི་འབྲས་བུའི་ཡོན་ཏན་རྣམས་ཀྱང་འབྱུང་བར་འགྱུར་རོ། །འབྱུང་ཚུལ་ཅི་ ལྟར་ཞེ་ན། སྣོད་ལྡན་དེ་སྟོང་པ་ཉིད་ཀྱི་ལྟ་བ་ཉན་པ་ལ་གཏེར་རྙེད་པ་དང་འདྲ་བར་ སེམས་ཤིང་། ལྟ་བ་དེ་སྐྱེ་བ་གཞན་དུ་ཡང་མི་ཉམས་པར་བྱ་བའི་ཕྱིར།
རྟག་ཏུ་ཚུལ་ཁྲིམས་ཡང་དག་བླངས་ནས་གནས་པར་འགྱུར། ། སྦྱིན་པ་གཏོང་བར་འགྱུར་ཞིང་སྙིང་རྗེ་བསྟེན་པར་བྱེད། ། བཟོད་པ་སྒོམ་བྱེད་དེ་ཡི་དགེ་བ་བྱང་ཆུབ་ཏུ། ། འགྲོ་བ་དགྲོལ་བར་བྱ་ཕྱིར་ཡོངས་སུ་བསྔོ་བྱེད་ཅིང་། ། རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པར་བྱེད། །
དེ་[ལ་] ཡང་བདག་ཚུལ་ཁྲིམས་འཆལ་བའི་རྐྱེན་གྱིས་ངན་འགྲོར་ལྷུང་ན་སྟོང་པ་ ཉིད་ཀྱི་ལྟ་བ་རྒྱུན་ཆད་པར་འགྱུར་དུ་འངོ ་ངོ་སྙམ་དུ་རིག་ནས་རྟག་ཏུ་ཚུལ་ཁྲིམས་ ཡང་དག་པར་བླངས་ནས་མི་ཉམས་པར་སྲུང་ཏེ་གནས་སོ། །ཚུལ་ཁྲིམས་འཆལ་བ་ལ་ནི་སྔོན་དུ་ ཚུལ་ཁྲིམས་བླངས་པ་མི་དགོས་ཀྱི། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་རང་བཞིན་གྱི་ཁ་ན་མ་མཐོ་བ་ཡང་ཚུལ་ འཆལ་ལ།ོ བདག་ཚུལ་ཁྲིམས་[ཀྱི] བསྲུངས་པ ས་བདེ་འགྲརོ ་སྐྱེས་ཀྱང་དབུལ་པརོ ་གྱུར་ན ས་ཟས་དང་སྨན་དང་ཆསོ ་གསོ ་ལ་སགོ ས་པ་འཚོ་བའི་ཡ་ོ བྱད་ཀྱིས་ཕངོ ས་ན་དེ་ཚོལ་བ་ ལྷུར་ལེན་བྱེད་པས་དུས་འདས་ཏེ་སྟངོ ་པ་ཉིད་ཀྱི་ལྟ་བ་ཉན་པ་དང།དེའི་དནོ ་སྒམོ ་པ་སགོ ས་རྒྱུན་
101

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཆད་པར་འགྱུར་དུ་འངོ ་ང་ོ སྙམ་ནས་ཡར་མར་གྱི་ཞིང་ལ་སྦྱིན་པ་གཏངོ ་བར་བྱེད་ད།ོ །སྟངོ ་ པ་ཉིད་ཀྱི་ལྟ་བ་སྔར་བཤད་པའི་སྙིང་རྗེ་ཆེན་པོ ས་ཡོངས་སུ་ཟིན་པ་ནི་སངས་རྒྱས་ཉིད་ འདྲེན་པར་བྱེད་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་[ཞེས་]སྙམ་ནས་རྩ་བ་སྙིང་རྗེ་ཆེན་པོ་ ལ་གོམས་པ་བསྟེན་པར་བྱེད་དོ། །ཁྲོ་བས་ནི་ངན་སོང་དུ་འགྲོ་ཞིང་དགེ་བ་འཇོམས་ལ་ཁ་ དོག་ཤིན་ཏུ་ངན་པ་ཐོབ་པར་བྱེད་པས་དེའི་རྐྱེན་གྱིས་འཕགས་པ་རྣམས་མཉེས་པར་ བྱེད་པར་མི་འགྱུར་རོ་སྙམ་སྟེ་བཟོད་པ་སྒོམ་པར་བྱེད་དོ། །ཐམས་ཅད་མཁྱེན་པ་ ཉིད་དུ་ཡོངས་སུ་མ་བསྔོས་པའི་ཚུལ་ཁྲིམས་ལ་སོགས་པ་དག་ནི་སངས་རྒྱས་ཉིད་ ཐབོ ་པའི་རྒྱུ་དང་།ལུས་དང་ལངོ ས་སྤྱདོ ་ལ་སགོ ས་པའི་འབྲས་བུ་དཔག་ཏུ་མེད་པ་རྣམ་པར་ཏེ་ རྒྱུན་ཆད་པ་མེད་པར་འབྱུང་བར་མི་འགྱུར་བས། ཚུལ་ཁྲིམས་ལ་སོགས་པའི་དགེ་བའི་རྩ་ བ་དེ་ཡང་འགྲ་ོ བ་འཁརོ ་བ་ལས་དགྲལོ ་བར་བྱ་བའི་ཕྱིར་དུ་བྱང་ཆུབ་ཏུ་རབ་ཏུ་བསྔོ་བར་ བྱེད་དོ། །བྱང་ཆུབ་སེམས་དཔའ་མ་གཏོགས་པར་ཉན་རང་ལ་སོགས་པ་གཞན་དག་གིས་ རྟེན་ཅིང་འབྲེལ་བར་འབྱུང་བའི་བདག་ཉིད་ཇི་ལྟ་བ་ཉིད་བྱང་ཆུབ་སེམས་བཞིན་དུ་ཉེ་ བར་བསྟན་པར་མི་ནུས་ས་ོསྙམ་དུ་བསམས་ནས།རྫགོ ས་པའི་བྱང་ཆུབ་སེམས་དཔའ་ རྣམས་ལ་ཤིན་ཏུ་གུས་པར་བྱེད་དོ། །
དེ་ལྟར་དེ་ལྟར་གོང་དུ་བཤད་པ་ལྟར་གྱི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་ལ་མཁས་པའི་སྐྱེ་བོས་ནི། ཡུན་རིང་པོར་བར་ཆད་མེད་པར་ཟབ་པ་དང་རྒྱ་ཆེ་བའི་ཕྱོགས་ཀྱི་དགེ་བའི་ཚོགས་རྣམས་ སོ་སྐྱེའི་སར་གདོན་མི་ཟ་བར་བསགས་པར་གྱུར་ནས།
ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མཁས་པའི་སྐྱེ་བོས་ནི། །
102

སེམས་བསྐྱེད་པ་དྲུག་པ།
རིམ་གྱིས་རབ་ཏུ་དགའ་བའི་ས་ནི་འཐོབ་འགྱུར་བས། །
དེ་ནི་དོན་དུ་གཉེར་བས་ལམ་འདི་མཉན་པར་གྱིས། ། ས་རབ་ཏུ་དགའ་བ་དནོ ་དུ་གཉེར་བས་མཉན་པར་གྱིས་ཤིག་ཅེས་[ཞེས་]བྱ་བའི་ཐ་ཚིག་སྟེ་ བསྐུལ་བའ།ོ [གོ ] འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཟབ་མོའ་ིལམ་གྱི་མཚན་ཉིད་ ཅན་ནོ། །དེ་ལ་ཆོས་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་བསྟན་པ འི་ཚུལ་ལ་འདི་ནི་ རེ་ཞིག་ལུང་ལས་བསྟན་པའི་ཚུལ་ཡིན་ཏེ། ཇི་སྐད་དུ་འཕགས་པ་ས་བཅུ་པ་ལས། ཀྱེ་ རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་ལམ་ཤིན་ཏུ་ཡངོ ས་སུ་རྫགོ ས་ པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་འཇུག་སྟེ། དེ་ ཆོས་མཉམ་པ་ཉིད་བཅུས་འཇུག་གོ །བཅུ་གང་ཞེ་ན་འདི་ལྟ་སྟེ། དཀར་དམར་ལ་སོགས་ པའི་ཆོས་ཐམས་ཅད་ཀྱི་མཚན་མ་མི་འདྲ་བ་རྣམས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པའི་ མཉམ་གཞག་གི་གཟིགས་ངརོ ་མེད་པར་མཉམ་པ་ཉིད་དང་།ཆསོ ་ཐམས་ཅད་རང་གི་མཚན་ ཉིད་ཀྱིས་མེད་པར་མཉམ་པ་ཉིད་དང་།དེ་བཞིན་དུ་མ་འངོ ས་པ་ན་རང་བཞིན་གྱིས་སྐྱེ་བ་མེད་ པ་མཉམ་པ་དང་། འདས་པ་དང་ད་ལྟར་བའི་ཆསོ ་རྣམས་རང་བཞིན་གྱིས་མ་སྐྱེས་པར་མཉམ་པ་དང་། དངོས་པོ་སྐྱེ་འགྱུར་དང་སྐྱེས་པ་རང་བཞིན་གྱིས་གྲུབ་པས་དབེན་པ་སྟེ་སྟོང་པར་མཉམ་པ་དང་། ཆོས་ ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་དང་། ཆོས་ཐམས་ཅད་སྟོང་ཉིད་ ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་འཕགས་པའི་མཉམ་གཞག་གིས་སྟོང་ཉིད་གཟིགས་པའི་གཟིགས་ངོར་ གཉིས་སྣང་གི་སྤྲོས་པ་མེད་པར་མཉམ་པ་དང་། ཆོས་ཐམས་ཅད་དོན་དམ་པར་བླང་བ་མེད་པ་ དང་དོར་བ་མེད་པར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་དང་
103

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
མིག་ཡརོ་དང་བྲག་ཅ་དང་ཆུ་ཟླ་དང་གཟུགས་བརྙན་དང་སྤྲུལ་པ་ལྟ་བུར་རང་བཞིན་ གྱིས་གྲུབ་པས་སྟངོ ་པར་མཉམ་པ་ཉིད་དང་།ཆསོ ་ཐམས་ཅད་ལ་ཡང་དངསོ ་པ་ོདང་དངསོ ་པོ ར་མེད་པ་གཉིས་སུ་སྟེ་རང་བཞིན་གྱིས་གྲུབ་པ་མེད་པར་མཉམ་པ་ཉིད་ད།ོ །དེ་ཆསོ ་ཐམས་ ཅད་ཀྱི་རང་བཞིན་དེ་ལྟར་རབ་ཏུ་རྟགོ ས་པ་ན་ཤེས་རབ་རྣ་ོབ་སྟེ་མྱུར་ཞིང་།ཁ༽རྗེས་སུ་ མཐུན་པའི་ཀ༽ ས་བརྒྱད་པའི་མི་སྐྱེ་བའི་ཆོས་ལ་བཟོད་པ[ས]་དང་། ག༽ བྱང་ཆུབ་སེམས་ དཔའི་ས་དྲུག་པ་མངོན་དུ་གྱུར་བ་རྗེས་སུ་ཐོབ་སྟེ། ཞེས་གསུངས་པ་ལྟ་བུའ།ོ །དེའི་ ཕྱིར་འདིར་མཉམ་ཉིད་བཅུའི་ནང་ནས་ཆསོ ་རང་བཞིན་གྱིས་སྐྱེ་བ་མེད་པར་མཉམ་པ་ཉིད་ཁ་ོ ན་རིགས་པས་བསྟན་པ་ཉིད་ཀྱིས་ཆསོ ་མཉམ་པ་ཉིད་གཞན་རྣམས་བསྟན་པ་སླ་བར་ དགོངས་ཏེ། སློབ་དཔོན་ཀླུ་སྒྲུབ་གྱིས་དབུ་མའི་བསྟན་བཅོས་རྩ་བ་ཤེས་རབ་ཀྱི་དང་པོར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་ གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་ཉེ་བར་བཀོད་པ་ཡིན་ ནོ། །ནམ་ཡང་ཞེས་བྱ་བ་ནི་གཞར་ཡང་ཞེས་བྱ་བའི་དོན་ཏོ། །གང་ན་ཡང་ཞེས་བྱ་ བའི་སྒྲ་འགར་ཡང་གི་སྒྲའི་རྣམ་གྲངས་གང་དུ་མི་སྐྱེ་བའི་གཞི་སྟོན་པ་རྟེན་གྱི་ཚིག་གིས་ ནི་ཡུལ་དང་དུས་དང་གྲུབ་པའི་མཐའ་བཤད་དོ། །གཞི་དེ་གསུམ་གང་ཞིག་མི་སྐྱེ་བའི་གང་ དག་གི་སྒྲ་རྟེན་པའི་ཚིག་ནི་ཕྱི་དང་ནང་གི་དངསོ ་པ་ོབརྗདོ ་པའ།ོ།དེས་ན་བདག་ལས་ ཞེས་སགོ ས་ཀྱི་གཞུང་གི་དནོ ་ནི་ཕྱི་དང་ནང་གི་དངསོ ་པ་ོརྣམས་ནི་ཡུལ་དང་དུས་དང་གྲུབ་ པའི་མཐའ་འགར་ཡང་བདག་ལས་སྐྱེ་བ་སྲིད་པ་མ་ཡིན་ན་ོ ཞེས་འདི་ལྟར་སྦྱར་[བར] ཏེ་བཤད་པར་བྱའ།ོ །འདིར་མ་ཡིན་ཞེས་བྱ་བ་འདི་རྐང་པ་ཕྱི་མ་གཉིས་ཀྱིས་དམ་བཅའ་དང་། སྔ་མ་ 104

སེམས་བསྐྱེད་པ་དྲུག་པ།
གཉིས་ཀྱིས་རྟགས་བསྟན་པར་འཆད་པ་ལྟར་སོ་སོར་མི་གཅོད་པར། བདག་ལས་སྐྱེ་བ་ཡོད་མ་ཡིན། ཞེས་སྦྲེལ་ བར་བྱ་ཞེས་པ་སྟེ་གཞན་གསུམ་ལའང་དེ་ལྟར་སྦྲེལ་ལོ། རང་བཞིན་གྱི་སྐྱེ་བ་ཡོད་ན་དེའི་སྒྲུབ་བྱེད་དུ་མཐའ་ བཞིའི་སྐྱེ་བ་གང་རུང་ཁས་བླང་དགསོ ་པས་ཡདོ ་པ་ཉིད་ཀྱི་སྒྲུབ་བྱེད་རང་ལས་སྐྱེ་བ་དང་སྦྲེལ་ གྱི་ཡོད་པ་དང་ནི་མ་ཡིན་ཏེ། མཐའ་བཞིའི་སྐྱེ་བ་ཁེགས་ན་རང་བཞིན་གྱིས་སྐྱེ་བ་དེ་དགག་པ་ དོན་གྱིས་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་དངོས་པོ་རྣམས་ནི་ནམ་ཡང་གཞན་ལས་དང། གཉིས་ ཀ་ལས་དང། རྒྱུ་མེད་ལས་སྐྱེ་བ་སྲིད་པ་མ་ཡིན་ནོ། ཞེས་དམ་བཅའ་བ་གཞན་གསུམ་ཆར་ལ་ཡང་ སྦྱར་བར་བྱའ།ོ ། འཕགས་པའི་དམ་བཅའ་བ་བཞི་པ་ོ དེ་རྗེས་སུ་བརྗདོ ་ནས་རིགས་པས་ སྒྲུབ་པའི་ཕྱིར་བཤད་པ།
དེ་ཉིད་དེ་ལས་འབྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག །
གཉིས་ཀ་ལས་ཀྱང་མ་ཡིན་རྒྱུ་མེད་པར་ནི་ག་ལ་ཡོད། ། བདག་ལས་སྐྱེ་བ་མ་ཡིན་ཏེ་ཞེས་བྱ་བའི་དནོ ་འབྲས་བུ་གང་ཡིན་པ་དེ་ཉིད་དེ་ཡི་ང་ོབོ་ ཉིད་ལས་འབྱུང་བ་མིན་ཞེས་བྱ་བ་ཡིན་ཏེ། དེ་བཞིན་དུ་ལྷག་མ་ལ་ཡང་རང་གི་མཚན་ཉིད་ ཀྱིས་གྲུབ་པའི་རྒྱུ་གཞན་དག་ལས་ལྟ་འབྱུང་བ་ག་ལ་ཞིག་སྟེ་དེ་མེད་པ་དང། རང་གཞན་གཉིས་ཀ་ལས་ཀྱང་ འབྱུང་བ་མ་ཡིན་པ་དང། རྒྱུ་མེད་པར་ནི་འབྱུང་བ་ག་ལ་ཡདོ ་དེ་མེད་ད།ོ ཞེས་སྦྱར་བར་བྱའ།ོ །ཡང་དངསོ ་ པོ་རྣམས་བདག་ལས་མི་སྐྱེ་བ་འདི་རྒྱུ་མཚན་གང་ལས་ངེས་ཤེ་ན་འདི་ལྟར།
དེ་ནི་དེ་ལས་འབྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །
སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བ་རིགས་པའང་མ་ཡིན་ཉིད། ། དེ་ནི་ཞེས་བྱ་བ་ནི་སྐྱེ་བཞིན་པ་སྐྱེ་བའི་བྱ་བ་བྱེད་པ་པོ་སྟེ་མྱུ་གུ་ཞེས་བྱ་བའི་དོན་ 105

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཏོ། །དེ་ལས་ཞེས་བྱ་བ་ནི་སྐྱེ་བཞིན་པ་དེ་ཉིད་ཀྱི་བདག་གི་ངོ་བོ་ལས་ཞེས་བྱ་བའི་ དོན་ཏོ། །དེའི་ཕྱིར་མྱུ་གུའི་རང་གི་བདག་ཉིད་དེ་ཉིད་ལས་མྱུ་གུའི་རང་གི་བདག་ ཉིད་དེ་ཉིད་འབྱུང་བ་མ་ཡིན་ན་ོཞེས་བྱ་བ་འདི་ནི་འདིར་དམ་བཅའ་བའི་དནོ ་ཡིན་ ན།ོ །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བདག་ཉིད་ཡདོ ་པ་ཐབོ ་པ་དེ་ཉིད་མྱུ་གུའི་རང་གི་ བདག་ཉིད་ཡོད་བཞིན་པ་དེ་ཉིད་ལས་འབྱུང་བ་ལ་ཡོན་ཏན་ལྷག་པ་འགའ་ཡང་ ཡོད་པ་མ་ཡིན་ཏེ། མྱུ་གུ་རང་གི་ངོ་བོ་ ཡོད་པ་ཉིད་སྔར་རྒྱུའི་དུས་ནས་ཐོབ་ཟིན་པའི་ཕྱིར་ རོ། །བདག་ལས་སྐྱེ་བའི་ཕྱོགས་འདི་ནི་རིགས་པ་དང་འགལ་བ་ཡང་ཡིན་ནོ་ཞེས་ བཤད་པ་ནི། སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བ་རིགས་པའང་མ་ཡིན་ཉིད། །ཅེས་སྐྱེས་ ཟིན་གྱུར་པ་སླར་ཡང་སྟེ་སྐྱེས་ཟིན་པའི་འགོ ་ཏུ་ལྡབས་ནས་སྐྱེ་བར་རིགས་པ་མ་ཡིན་པ་ཉིད་ད་ོཅེས་བྱའ།ོ།འང་ གི་སྒྲས་ནི་རང་གི་རང་བཞིན་ལས་སྐྱེ་ན་དནོ ་མེད་དུ་འགྱུར་བར་མ་ཟད་ཅེས་པའ།ོ །འདི་ནི་བདག་སྐྱེ་རིགས་ པ་དང་འགལ་ཞེས་པ་དམ་བཅའ་བ་ཙམ་ཞིག་ཏུ་ཟད་པས་དེ་འགོག་པའི་རིགས་པ་སྟོན་པའི་ དབང་དུ་བྱས་ནས།
སྐྱེས་ཟིན་སླར་ཡང་སྐྱེ་བར་ཡོངས་སུ་རྟོག་པར་འགྱུར་ན་ནི། །
མྱུ་གུ་ལ་སོགས་རྣམས་ཀྱི་སྐྱེ་བ་འདིར་རྙེད་མི་འགྱུར་ཞིང་། ། ཞེས་བྱ་བ་སྨོས་ཏེ། སྐྱེས་ཟིན་པའི་ས་བོན་ཡང་ལྡབས་ནས་སྐྱེ་བར་འདོད་ན་ནི། རྒྱུ་ མཚན་གང་གིས་ས་བནོ ་འདི་ཡང་ལྡབས་ནས་སྐྱེ་བ་བཀག་ནས་མྱུ་གུ་སྐྱེ་བར་རྟགོ ་པར་བྱེད་ པར་འགྱུར་བ་སྟེ་མྱུ་གུ་སྐྱེ་བར་འདདོ ་པ་སླར་ཡང་ས་བནོ ་དེ་སྐྱེ་བ་ལ་གེགས་ཅི་ཞིག་ཡདོ ་དེ། མེད་པ་དེའི་ཕྱིར་མྱུ་གུ་དང་སྡངོ ་བུ་དང་སྦུབས་འཆའ་བ་ལ་སགོ ས་པ་རྣམས་འཇིག་རྟེན་ 106

སེམས་བསྐྱེད་པ་དྲུག་པ།
འདིར་གཏན་མི་སྐྱེ་བར་འགྱུར་རོ། །སྐྱོན་གཞན་ཡང་། ས་བོན་སྲིད་མཐར་ཐུག་པར་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར་། །
ཏེ། ཇི་སྐད་དུ་བཤད་པའི་རྒྱུ་སྐྱེས་ཟིན་པ་དེ་ཉིད་[ཀྱི་] སླར་ཡང་སྐྱེ་དགསོ ་པའི་ཕྱིར་ར།ོ །ཅི་སྟེ་ མྱུ་གུ་སྐྱེ་བ་ལ་ཕན་འདགོ ས་པའི་རྐྱེན་ཆུ་དང།དཔྱིད་ཀྱི་དུས་ལ་སགོ ས་པ་རྣམས་ཀྱིས་ནི་ ས་བོན་སྦང་རོ་ལྟ་བུར་རྣམ་པར་འགྱུར་བར་བྱེད་ཅིང་མྱུ་གུ་སྐྱེད་པར་བྱེད་ལ། མྱུ་གུ་དེ་ ཡང་རང་བྱེད་པ་པོ་སྟེ་སྐྱེད་པ་པོ་ས་བོན་དང་ལྷན་ཅིག་ཏུ་གནས་པར་འགལ་བ་ཉིད་ཀྱི་ ཕྱིར་ས་བོན་འཇིག་པར་ཏེ་འགག་པར་བྱེད་ཅིང་འབྱུང་བ་ཡིན་ཏེ། དེའི་ཕྱིར་ཇི་སྐད་ སྨྲས་པའི་རིགས་པ་དང་འགལ་བའི་ཉེས་པའི་སྐབས་མེད་ཅིང་།ས་བནོ ་དང་མྱུ་གུ་དག་ཀྱང་ རང་བཞིན་ནམ་ང་ོ བ་ོ གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་བདག་ལས་མི་སྐྱེ་བ་ཡང་མ་ཡིན་ན་ོ སྙམ་ན། འདི་ཡང་མི་རུང་སྟེ། གང་གི་ཕྱིར།
ཇི་ལྟར་དེ་ཉིད་ཀྱིས་དེ་རྣམ་པར་འཇིག་པར་བྱེད་པར་འགྱུར། ། ས་བོན་དང་མྱུ་གུ་[དག་] གཉིས་ཀྱི་རང་བཞིན་རྣམ་པ་ཐམས་ཅད་དུ་གཞན་མ་ཡིན་པ་གཅིག་ པ་ཉིད་ཀྱི་ཕྱིར། མྱུ་གུས་ཀྱང་ས་བནོ ་འདི་འཇིག་པར་བྱེད་པར་མི་རིགས་ཏེ། མྱུ་གུས་རང་ གི་བདག་ཉིད་མྱུ་གུ་འཇིག་པར་མི་བྱེད་པ་བཞིན་ནོ་སྙམ་དུ་བསམ་པའ།ོ ། སྐྱོན་གཞན་ ཡང་ཡོད་དེ།
བྱེད་རྒྱུ་ས་བོན་གྱི་ལས་ཐ་དད་མྱུ་གུའི་དབྱིབས་དང་ནི། །
ཁ་དོག་རོ་ནུས་སྨིན་པའི་ཐ་དད་ཁྱོད་ལ་མེད་པར་འགྱུར། །
ཏེ། ས་མྱུག་གཉིས་ཀྱི་ང་ོ བ་ོ དང་རང་བཞིན་ལ་རྣམ་པ་ཐམས་ཅད་དུ་ཁྱད་པར་མེད་པའི་ཕྱིར་ར།ོ །དེ་ལ་མྱུ་གུ་ 107

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
སྐྱེད་པར་བྱེད་པའི་ས་བནོ ་གྱི་ཁ་དགོ ་དང་དབྱིབས་ལ་སགོ ས་པ་ལས་ཐ་དད་པའི་མྱུ་གུའི་དབྱིབས་ནི་རིང་ པོ་དང་ཟླུམ་པོ་ལ་སོགས་པའ།ོ །ཁ་དོག་ནི་སེར་པོ་ལ་སོགས་པའ།ོ །རོ་ནི་མངར་བ་ ལ་སོགས་པའ།ོ །ནུས་པ་ནི་མཐུའི་ཁྱད་པར་ནུས་མཐུའི་བྱེ་བྲག་སྟེ། དཔེར་ན་གཞང་ འབྲུམ་གྱི་སྨན་ལུས་དང་ཉེ་བ་ཙམ་གྱིས་གཞང་འབྲུམ་གྱི་ནད་དེ་སེལ་བ་དང་། རྩི་སྨན་ ལ་སོགས་པ་རྣམས་བཅངས་པ་ཙམ་གྱིས་ནམ་མཁའ་ལ་འགྲོ་བ་ལྟ་བུའ།ོ །རྣམ་པར་ སྨིན་པ་ནི་རྐྱེན་མི་འདྲ་བ་ལས་རྫས་ཀྱི་ཁྱད་པར་ཡོངས་སུ་འགྱུར་བས་ཐོབ་པར་བྱ་བ་སྟེ། དཔེར་ན་འ་ོ མས་བཅུས་པ་སོགས་ལས་སྐྱུ་རུ་ར་དང་པི་པི་ལིང་ལ་སོགས་པ་རྣམས་མངར་བ་ ཉིད་དུ་འགྱུར་བ་ལྟ་བུའ།ོ །གལ་ཏེ་ས་བནོ ་དང་མྱུ་གུ་དག་གཞན་མ་ཡིན་པ་ཉིད་ཡིན་ ན་ནི་ས་བནོ ་གྱི་རང་གི་བདག་ཉིད་ལ་ཡདོ ་པ་ལྟར།མྱུ་གུ་ལ་ཡང་དབྱིབས་ལ་སགོ ས་ པ་ཐ་མི་དད་པར་དམིགས་པར་འགྱུར་བ་ཞིག་ན། དམིགས་པ་ཡང་མ་ཡིན་པ་དེའི་ ཕྱིར། སྒོག་སྐྱ་ལ་སོགས་པའི་ས་བོན་དག་ལས་ཆུ་ཤིང་ལ་སོགས་པའི་མྱུ་གུ་རྣམས་ ལྟར་གཞན་མ་ཡིན་པ་ཉིད་དུ་མི་རིགས་སོ། །ཅི་སྟེ་ས་བོན་གྱི་གནས་སྐབས་བཏང་ ནས་མྱུ་གུའི་གནས་སྐབས་གཞན་འཐབོ ་པས་སྟེ་གཞན་དུ་འགྱུར་བས་ས་མྱུག་གཉིས་གནས་སྐབས་ ཐ་དད་པ་ཙམ་ཡིན་པའི་ཕྱིར་ས་བནོ ་དེ་ཉིད་མྱུ་གུར་འགྱུར་བ་ཡིན་ན་ོསྙམ་ན།དེ་ལྟ་ན་ཡང་།
གལ་ཏེ་སྔར་གྱི་བདག་གི་དངོས་པོ་བསལ་ནས་དེ་ལས་གཞན། །
ངོ་བོ་འགྱུར་ན་དེ་ཚེ་དེ་ཡི་དེ་ཉིད་ཇི་ལྟར་འགྱུར། །
ཏེ། དེའི་གནས་སྐབས་ཀྱི་དངོས་པོ་[ནི་]དེ་ཉིད་དེའི་དངོས་པོ་ཉིད་ཡིན་པའི་ཕྱིར་དེ་དེའི་ངོ་བོ་ ལས་གཞན་མ་ཡིན་པ་ཉིད་ཅེས་བྱ་བའི་དནོ ་ཏ།ོ །རྟགོ ་པ་འདི་ལས་ས་བནོ ་དང་མྱུ་གུའི་ང་ོ
108

སེམས་བསྐྱེད་པ་དྲུག་པ།
བ་ོ རྣམ་པ་ཐམས་ཅད་དུ་གཞན་མ་ཡིན་པ་ཉིད་སྲིད་པ་མ་ཡིན་པས་འདིའི་གཞན་མ་ཡིན་ པ་ཉིད་ཉམས་པ་ཡིན་ནོ། །ཅི་སྟེ་ས་བོན་དང་མྱུ་གུ་དག་དབྱིབས་ལ་སོགས་པ་ཐ་ དད་ཀྱང་རྫས་ཐ་མི་དད་[དོ་] པས་མི་འགལ་ལོ་སྙམ་ན། དེ་ལྟར་མ་ཡིན་ཏེ། དབྱིབས་ལ་ སགོ ས་པ་མ་བཟུང་ན་ས་མྱུག་དེ་དག་གི་རྫས་ཀྱང་མ་བཟུང་བ་སྟེ་མི་འཛིན་པ འི་ཕྱིར་ར།ོ །
སྐྱོན་གཞན་ཡང་ཡོད་དེ། གལ་ཏེ་ཁྱོད་ཀྱི་ས་བོན་མྱུ་གུ་འདིར་གཞན་མ་ཡིན་ན། ། ས་བོན་བཞིན་དུ་མྱུ་གུ་ཞེས་བྱ་དེ་བཟུང་མེད་པ་འམ། ། ཡང་ན་དེ་དག་གཅིག་པས་ཇི་ལྟར་མྱུ་གུ་འདི་བཞིན་དུ། ། དེ་ཡང་གཟུང་དུ་ཡོད་འགྱུར་དེ་ཕྱིར་འདི་ནི་ཁས་མི་བླང་། །
ཇི་ལྟར་མྱུ་གུའི་གནས་སྐབས་སུ་ས་བནོ ་གྱི་བདག་ཉིད་རང་གི་ང་ོབསོ ་གཟུང་དུ་མེད་ པ་དེ་བཞིན་དུ། ས་བོན་ལས་ངོ་བོ་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་ས་བོན་གྱི་རང་གི་ བདག་ཉིད་ལྟར་མྱུ་གུའི་རང་གི་བདག་ཉིད་ཀྱང་གཟུང་དུ་ཡདོ ་པར་མི་འགྱུར་ར།ོ །ཡང་ ན་ས་མྱུག་དེ་དག་གི་ང་ོ བ་ོ རྣམ་པ་ཀུན་ཏུ་གཅིག་པས་ཇི་ལྟར་མྱུ་གུའི་གནས་སྐབས་སུ་མྱུ་གུ་འདི་གཟུང་ དུ་ཡོད་པ་དེ་བཞིན་དུ་མྱུ་གུའི་རང་གི་བདག་ཉིད་ལྟར་ས་བོན་དེ་ཡང་དབང་པོའ་ིཤེས་ པས་གཟུང་དུ་ཡོད་པར་འགྱུར་ཏེ། མྱུ་གུ་ལ་སོགས་པ་ལས་གཞན་མ་ཡིན་པ་ཉིད་ཀྱི་ ཕྱིར་རོ། །ཉེས་པར་ཐལ་བར་འགྱུར་བ་དེ་གཉིས་ཡོངས་སུ་སྤངབར་འདོད་པས་ནི་ས་ བོན་དང་མྱུ་གུ་དག་གི་ངོ་བོ་ལ་གཞན་མ་ཡིན་པ་ཉིད་དུ་ཁས་བླང་བར་བྱ་བ་ཡང་མ་ ཡིན་ནོ། །རིགས་པ་དེ་རྣམས་ལེགས་པར་རྟོགས་ན་ཆོས་ཐམས་ཅད་ཕན་ཚུན་ངོ་བོ་ཐ་དད་ལ། དེ་རྣམས་ཀྱི་
109

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཆོས་ཉིད་ཐམས་ཅད་ཕར་ཡིན་ཚུར་ཡིན་གྱི་གཅིག་ཏུ་འདོད་པ་དང་། གནས་སྐབས་སྔ་མའི་དུས་ཀྱི་ཆོས་ཉིད་ དེ་ཉིད་གནས་སྐབས་ཕྱི་མའི་དུས་ཀྱི་ཆོས་ཉིད་དེ་ཉིད་དུ་འདོད་པའི་ལོག་རྟོག་ཐམས་ཅད་ལྡོག་པར་འགྱུར་ ར།ོ། དེའི་ཕྱིར་དེ་ལྟར་དེ་ཁ་ོན་ཉིད་རྟགོ ས་པར་འདདོ ་པའི་གྲངས་ཅན་གྱི་ལུགས་སངས་རྒྱས་ པའི་ལུགས་ལས་གཞན་དུ་བརྟགས་པའི་བདག་ལས་སྐྱེ་བ་བཟློག་པ་སྟེ་བཀག་ནས། གྲུབ་ མཐའི་ལུགས་གཞན་དུ་བླ་ོ མ་སྦྱངས་པའི་འཇིག་རྟེན་[གྱི་]པའི་ཐ་སྙད་དུ་ཡང་བདག་ལས་ སྐྱེ་བར་རྟོག་པ་འདི་མི་འཐད་དོ་ཞེས་བསྟན་པའི་ཕྱིར་བཤད་པ།
གང་གི་རྒྱུ་ཞིག་ན་ཡང་དེ་ཡི་འབྲས་བུ་མཐོང་བའི་ཕྱིར། །
དེ་དག་གཅིག་པ་ཡིན་ཞེས་འཇིག་གྱིས་ཀྱང་ཁས་མི་ལེན། ། འདི་ལྟར་རྒྱུ་ས་བནོ ་ཞེས་བྱ་བ་ལ་འགགས་ཟིན་ཀྱང་འབྲས་བུ་མྱུ་གུ་ཞེས་བྱ་བ་མཐངོ ་ བ་དེའི་ཕྱིར།འཇིག་རྟེན་གྱིས་ཀྱང་ས་བནོ ་དང་མྱུ་གུ་དེ་དག་ང་ོབ་ོགཞན་མ་ཡིན་པ་སྟེ་ གཅིག་པ་ཉིད་དུ་མི་མཐངོ ་སྟེ།ང་ོབ་ོགཅིག་ཉིད་ཡིན་ན་ནི་རྒྱུ་ས་བནོ ་བཞིན་དུ་འབྲས་བུ་མྱུ་ གུ་ཡང་མཐོང་བར་མི་འགྱུར་བ་ཞིག་ན་མཐོང་བ་ཡང་ཡིན་ཏེ། དེའི་ཕྱིར་ས་མྱུག་དེ་ དག་ངོ་བོ་གཞན་མ་ཡིན་པ་ཉིད་མ་ཡིན་ནོ། །
གང་གི་ཕྱིར་དོན་དམ་པ་དང་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་ཕྱོགས་གཉི་ག་ལྟར་ཡང་ བདག་ལས་སྐྱེ་བ་རིགས་པ་དང་འགལ་བ།
དེའི་ཕྱིར་དངོས་པོ་བདག་ལས་འབྱུང་ཞེས་རབ་ཏུ་བརྟགས་པ་འདི། །
དེ་ཉིད་དང་ནི་འཇིག་རྟེན་དུ་ཡང་རིགས་པ་མ་ཡིན་ནོ། ། དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཀླུ་སྒྲུབ་གྱིས་བདག་སྐྱེ་འགོག་པ་ན་དོན་དམ་པ་དང་ཀུན་རྫོབ་ཀྱི་ཁྱད་
110

སེམས་བསྐྱེད་པ་དྲུག་པ།
པར་དུ་མ་མཛད་པ་སྟེ་མ་སྦྱར་བ ར། བདག་ལས་མ་ཡིན་ཞེས་བདག་ལས་ཁ༽ སྤྱིར་ཀ༽ སྐྱེ་ བ་ག༽བཀག་པ་ཡིན་ན།ོ།དེས་ན་སླབོ ་དཔནོ ་ལེགས་ལྡན་འབྱེད་ཀྱིས་གང་ཞིག་དངསོ ་པ་ོརྣམས་ ནི་དོན་དམ་པར་མ་ཡིན་ཏེ། ཡོད་པའི་ཕྱིར་སེམས་ཅན་བཞིན་ནོ་ཞེས་ཁྱད་པར་དུ་ བྱེད་པ་དེའི་དནོ ་དམ་པར་ཞེས་བྱ་བའི་ཁྱད་པར་དནོ ་མེད་ད་ོཞེས་བསམ་པར་བྱའ།ོ།
སྐྱོན་གཞན་ཡང་ཡོད་དེ། བདག་ལས་སྐྱེ་བར་འདོད་ན་བསྐྱེད་པར་བྱ་དང་སྐྱེད་བྱེད་དང་། ། ལས་དང་བྱེད་པ་པོ་ཡང་གཅིག་ཉིད་འགྱུར་ན་དེ་དག་ནི། ། གཅིག་ཉིད་མ་ཡིན་པས་ན་བདག་ལས་སྐྱེ་བར་ཁས་བླང་པར། ། བྱ་མིན་རྒྱ་ཆེར་བཤད་པའི་ཉེས་པར་ཐལ་བར་འགྱུར་ཕྱིར་རོ། །
དེ་ལ་སྐྱནོ ་དང་པ་ོནི་ཇི་སྐད་དུ་རྩ་ཤེ་ལ། རྒྱུ་དང་འབྲས་བུ་གཅིག་ཉིད་དུ།།ནམ་ཡང་འཐད་ པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཅིག་ཉིད་ན། །སྐྱེ་དང་བསྐྱེད་པ་གཅིག་ཏུ་ འགྱུར། །ཞེས་གསུངས་ས།ོ །རྒྱུ་འབྲས་ང་ོ བ་ོ གཅིག་པ་ཉིད་ནི་ཡདོ ་པ་མ་ཡིན་ཏེ། གལ་ཏེ་རྒྱུ་ འབྲས་ང་ོ བ་ོ གཅིག་ན་ཕ་དང་བུ་དག་གམ་མིག་དང་དེའི་རྣམ་པར་ཤེས་པ་དག་ཀྱང་གཅིག་ ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ར།ོ །ཞེས་པའ།ོ །སྐྱནོ ་གཉིས་པ་ནི་དེ་ཉིད་ཀྱི་ཕྱིར། རྩ་ཤེ་ལས། གལ་ཏེ་ཤིང་དེ་མེ་ཡིན་ན། །བྱེད་པ་པ་ོ དང་ལས་གཅིག་འགྱུར། །ཞེས་གསུངས་ས།ོ །དེ་ ལྟར་བཀག་པ་ན་ཕ་དང་བུ་དང་བྱེད་པ་པོ་དང་ལས་གཉིས་ཀྱང་ངོ་བོ་གཅིག་ཏུ་ཐལ་ཟེར་ན། འདོད་ལ། སྤྱིར་ གཅིག་ཏུ་ཐལ་ཟེར་ན།མ་ཁྱབ་བ་ོཞེས་སྨྲ་མདོ ་ཀྱང།སྔར་བཤད་པ་ལྟར་གྱི་རང་བཞིན་གཅིག་ཏུ་འདདོ ་ན་རྣམ་ འགྱུར་ཡང་གཅིག་ཏུ་ཕུལ་ནུས་པའི་རིགས་པས་སྤངོ ་མི་ནུས་ས།ོ །དེའི་ཕྱིར་ཇི་སྐད་བཤད་པ་དེ་ལྟ་བུ་ལ་
111

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
སགོ ས་པའི་སྐྱནོ ་དུ་ཐལ་བར་འགྱུར་བའི་འཇིགས་པ་ལས་ན་སྟེ་འཇིགས་པས་ བདེན་པ་ གཉིས་ཕྱིན་ཅི་མ་ལོག་པར་རྟོགས་པར་འདོད་པས་དངོས་པོ་རྣམས་བདག་ལས་སྐྱེ་ བར་ཁས་བླང་བར་མི་བྱའ།ོ །འདིར་རང་སྡེ་དངོས་པོར་སྨྲ་བ་རྣམས་ན་རེ་ དངོས་པོ་རྣམས་ བདག་ལས་འབྱུང་བར་མི་འགྱུར་ཏེ། བདག་ལས་སྐྱེ་བ་དོན་མེད་པའི་ཕྱིར། དེས་ན་བདག་ལས་ སྐྱེ་བ་མེད་པས་གཉིས་ཀ་ལས་སྐྱེ་བ་ཡང་མི་རིགས་སོ། །ཞེས་བྱ་བ་འདི་ངེས་པ་ཡིན་ལ་རྒྱུ་མེད་ནི་ གཅིག་ཏུ་ཆད་པས་ཕྱོགས་འདི་འགོག་པ་ནི་རིགས་པ་ཉིད་ཀྱང་ཡིན་ན། གང་འདི་སྐད་དུ། གཞན་དག་ལས་ལྟ་ག་ལ་ཞིག །ཅེས་གཞན་སྐྱེ་མེད་པར་སྨྲས་པ་དེ་ནི་མི་རིགས་ས།ོ །འདི་ ལྟར་རང་གི་མཚན་ཉིད་ཀྱིས་གཞན་དུ་འགྱུར་བའི་རྐྱེན་བཞི་པོ་རྒྱུ་དང་དམིགས་པ་དང་ དེ་མ་ཐག་པ་དང་དེ་བཞིན་དུ་བདག་པོ་སྟེ། རྐྱེན་རྣམས་དངོས་པོ་རྣམས་ཀྱི་སྐྱེད་ པར་བྱེད་པའ།ོ །ཞེས་བྱ་བའི་སྟེ་གསུངས་པའི་གསུང་རབ་ལ་ལྟོས་ནས་མི་འདོད་བཞིན་ དུ་ཡང་གཞན་ལས་སྐྱེ་བར་ཁས་བླང་བར་བྱའ།ོ །དེ་ལ་སྡེ་པ་ཁ་ཅིག་ན་རེ། རྒྱུའི་རྐྱེན་ ནི་མཛོད་ལས། རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། །ཞེས་གསུངས་པས་བྱེད་རྒྱུ་མ་གཏོགས་པའི་རྒྱུ་ལྔའ།ོ །དེ་ ལ་དམིགས་པར་བྱས་ན་དམིགས་པ་སྟེ། དམིགས་པ་ཆོས་རྣམས་ཐམས་ཅད་དོ། །ཞེས་གསུངས་ པས་ཅི་རིགས་པར་རྣམ་པར་ཤེས་པ་དྲུག་གི་དམིགས་པ་ཆསོ ་ཐམས་ཅད་ནི་དམིགས་ པའི་རྐྱེན་ན།ོ །སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག །ཅེས་ཕུང་པ་ོ ལྷག་ མ་མེད་པར་མྱ་ངན་ལས་འདས་པར་འཇུག་པའི་སེམས་ལས་གཞན་པའི་སེམས་དང་ སེམས་ལས་བྱུང་བ་སྔར་སྐྱེས་རྣམས་ནི་དེ་མ་ཐག་པའི་རྐྱེན་ནོ། །བྱེད་རྒྱུ་ཞེས་བྱ་བདག་པོར་ བཤད། །ཅེས་པ་ལྟར་བྱེད་རྒྱུ་ནི་བདག་པའོ ་ིརྐྱེན་ཡིན་ན་ོ ཞེའ།ོ །སྡེ་པ་གཞན་དག་ན་རེ། སྒྲུབ་ 112

སེམས་བསྐྱེད་པ་དྲུག་པ།
པར་བྱེད་པ་ནི་རྒྱུ་ཡིན་ན་ོ ཞེས་བྱ་བའི་མཚན་ཉིད་བསྟན་པ་ལས་ན། གང་ཞིག་གང་གི་ སྐྱེད་པར་བྱེད་པ་ས་བོན་གྱི་ངོ་བོར་གནས་པ་དེ་ནི་དེའི་རྒྱུའི་རྐྱེན་ཡིན་ལ། སྐྱེས་བུ་ རྒན་པོ་ལྡང་བ་ལྟར་སེམས་དང་སེམས་ལས་བྱུང་བ་རྒྱུ་ལས་སྐྱེས་བཞིན་པ་རྣམས་ རྟེན་མཁར་བ་དང་འདྲ་བའི་དམིགས་པ་གང་གིས་བསྐྱེད་པར་འགྱུར་བ་སྟེ་སྐྱེད་པ་དེ་ ནི་དེའི་དམིགས་པའི་རྐྱེན་ཏེ། སྐྱེ་བཞིན་པའི་ཆོས་ཀྱི་རྟེན་ཡིན་ནོ་ཞེས་བྱ་བའི་དོན་ ཏོ། །རྒྱུ་འགགས་མ་ཐག་པ་ནི་འབྲས་བུ་སྐྱེ་བའི་དེ་མ་ཐག་པའི་རྐྱེན་ཡིན་ཏེ། དཔེར་ན་ ས་བོན་འགགས་མ་ཐག་པ་མྱུ་གུ[འི་] འབྱུང་བའི་རྒྱུ་མཚུངས་པ་དེ་མ་ཐག་པའི་རྐྱེན་ ཡིན་པ་ལྟ་བུའ།ོ །གང་ཞིག་ཡོད་ན་གང་འབྱུང་བ་དེ་ནི་དེའི་བདག་པོའ་ིརྐྱེན་ཡིན་ ན་ོ ཞེའ།ོ །ཡང་རྐྱེན་གཞན་སྔར་སྐྱེས་པ་གང་དག་དང་ལྷན་ཅིག་སྐྱེས་པ་དང་ཕྱི་ནས་སྐྱེས་ པ་ལ་སོགས་པ་དེ་དག་ཀྱང་འདི་རྣམས་ཀྱི་ནང་དུ་འདུས་པ་ཡིན་ནོ། །དབང་ཕྱུག་ ལ་སོགས་པ་དག་ནི་རྐྱེན་མ་ཡིན་[ཏེ་] པ་དེའི་ཕྱིར། རྐྱེན་ལྔ་པ་ནི་ཡོད་པ་མ་ཡིན་ནོ། །ཞེས་ངེས་པར་འཛིན་པར་བྱེད་དོ་ཞེས་སྨྲའ།ོ །
གཞན་སྐྱེ་འདི་ནི་གཞག་པར་ནུས་པ་མ་ཡིན་ཏེ། རིགས་པ་དང་ལུང་དང་འགལ་ བའི་ཕྱིར་རོ། །ཕྱི་མ་ནི་ས་ལུ་ལྗང་པའི་མདོ་ལས། མིང་དང་གཟུགས་ཀྱི་མྱུ་གུ་དེ་ཡང་བདག་གིས་མ་བྱས་ གཞན་གྱིས་མ་བྱས་ཞེས་པ་ལྟ་བུའི་ལུང་མང་པོ་དང་འགལ་བའ།ོ །དེ་ལ་རིགས་པའི་དབང་དུ་བྱས་ ནས་བརྗོད་པ།
གཞན་ལ་བརྟེན་ནས་གལ་ཏེ་གཞན་ཞིག་འབྱུང་བར་འགྱུར་ན་ནི། ། འ་ོན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང་། །
113

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
སྟེ་རང་གིས་ངོ་བོས་གྲུབ་པའི་གཞན་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་མཐོང་བའམ་རིགས་ པ་ཡང་མ་ཡིན་ཏེ། དེའི་ཕྱིར་གཞན་སྐྱེ་འདི་ནི་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། རྩ་ ཤེ་ལས། རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་ འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་གཞན་སྐྱེ་ལ་ཧ་ཅང་ ཐལ་བའི་རིགས་པ་གསུངས་སོ། །གཞན་ཡང་།
ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ་་་་་་་་་་ རྒྱུར་གྱུར་པ་དང་རྒྱུ་མ་ཡིན་པར་གྱུར་པ་ཐམས་ཅད་ལས་ཀྱང་དངསོ ་པ་ོའབྲས་བུར་ གྱུར་པ་དང་འབྲས་བུར་མ་གྱུར་པ་ཐམས་ཅད་སྐྱེ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གང་གི་ཕྱིར།
སྐྱེད་པར་བྱེད་པ་མ་ཡིན་མ་ལུས་ལ་ཡང་གཞན་ཉིད་མཚུངས། །
པར་འདདོ ་ན་ཇི་ལྟར་སྐྱེད་པར་བྱེད་པའི་སཱ་ལུ་ས་བནོ ་རང་གི་འབྲས་བུ་སཱ་ལུའི་མྱུ་གུ་ ལས་གཞན་ཉིད་ཡིན་པ་དེ་བཞིན་དུ། སྐྱེད་པར་བྱེད་པ་མ་ཡིན་པ་མེ་དང་སོལ་བ་ དང་ནས་ཀྱི་ས་བོན་ལ་སོགས་པ་ཡང་ཡིན་ནོ། །ཇི་ལྟར་སཱ་ལུའི་ས་བོན་གཞན་དུ་ གྱུར་པ་ལས་སཱ་ལུའི་མྱུ་གུ་སྐྱེ་བ་དེ་བཞིན་དུ། མེ་དང་སོལ་བ་དང་ནས་ཀྱི་ས་བོན་ ལ་སགོ ས་པ་དག་ལས་ཀྱང་ས་ལུའི་མྱུ་གུ་སྐྱེ་བར་འགྱུར་ར།ོ །ཡང་ཇི་ལྟར་སཱ་ལུའི་མྱུ་གུ[འི]་ གཞན་དུ་གྱུར་པ་སཱ་ལུའི་ས་བནོ ་ལས་འབྱུང་བ་དེ་བཞིན་དུ།བུམ་པ་དང་སྣམ་བུ་ལ་ སགོ ས་པ་རྣམས་ས་ལུའི་ས་བནོ ་ལས་ཀྱང་སྐྱེ་བར་འགྱུར་བ་ཞིག་ན།དེ་ནི་མཐངོ ་བ་ཡང་མ་
ཡིན་ཏེ། དེའི་ཕྱིར་འདི་ཡང་ཡོད་པ་མ་ཡིན་ནོ། །
114

སེམས་བསྐྱེད་པ་དྲུག་པ།
འདིར་སྨྲས་པ། རྒྱུ་དང་འབྲས་བུ་གཉིས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་ ཉིད་ཀྱང་ཡདོ ་ལ་ཐམས་ཅད་ལས་ཐམས་ཅད་འབྱུང་བར་ཐལ་བ་ཡང་མ་ཡིན་ཏེ།རྒྱུ་ འབྲས་ས་ོ སརོ ་ངེས་པར་མཐངོ ་བའི་ཕྱིར་ར།ོ །འདིར་ངེས་པ་ནི་འདི་ཡིན་ཏེ། གང་གི་ཕྱིར།
རབ་ཏུ་བྱ་བར་ནུས་པ་དེའི་ཕྱིར་འབྲས་བུར་ངེས་བརྗོད་ཅིང་། ། གང་ཞིག་དེས་བསྐྱེད་ནུས་པ་དེ་ནི་གཞན་ནའང་རྒྱུ་ཡིན་ལ། ། རྒྱུད་གཅིག་གཏོགས་དང་སྐྱེད་པར་བྱེད་ལས་སྐྱེ་བ་དེ་ཡི་ཕྱིར། ། སཱ་ལུའི་མྱུ་གུ་ནས་ལ་སོགས་ལས་དེ་ལྟ་མིན་ཞེ་ན། །
འདིར་འབྲས་བུ་ཞེས་བྱ་བ་ནི། ནུས་པའི་དོན་ལ་ཀྲི་ཏྱའི་རྐྱེན་ཅན་ཏེ། དངོས་པོ་གང་ ཞིག་གང་གིས་རབ་ཏུ་བྱ་བར་ནུས་པ་དེ་ཉིད་དེའི་འབྲས་བུ་ཡིན་པར་ངེས་པར་བརྗདོ ་པ་ཡིན་ ལ། གང་ཞིག་འབྲས་བུ་འདི་བསྐྱེད་པར་ནུས་པ་དེ་ནི་ངོ་བོས་གྲུབ་པའི་གཞན་ཡིན་དུ་ ཟིན་ཀྱང་རྒྱུ་ཡིན་[ཏེ།] ལ། དེའི་ཕྱིར་རྒྱུར་ངེས་སོ། །དེས་ན་གཞན་ཉིད་ཁྱད་པར་ཅན་ཁོ་ ནས་རྒྱུ་དང་འབྲས་བུའི་དངསོ ་པོར་འཇགོ ་པ་ཡིན་གྱི།གཞན་ཉིད་ཀྱི་སྤྱི་གཞན་ཙམ་གྱིས་ ནི་རྒྱུ་འབྲས་སུ་འཇགོ ་པ་མ་ཡིན་ན།ོ།གཞན་ཡང།སཱ་ལུའི་མྱུ་གུ་ནི་རང་དང་རྒྱུད་གཅིག་ཏུ་གཏགོ ས་ པ་དང་སྐྱེད་པར་བྱེད་པ་སཱ་ལུའི་ས་བོན་དེ་ལས་ཀྱང་སྐྱེ་བ་ཡིན་གྱི་རྒྱུད་ཐ་དད་པར་ གཏོགས་པ་ནས་ཀྱི་ས་བོན་ལ་སོགས་པ[འམ།] ལས་མི་སྐྱེའ།ོ །རྒྱུད་གཅིག་ཏུ་གཏོགས་ ཀྱང་སྐྱེད་པར་བྱེད་པ་མ་ཡིན་པ་སྐད་ཅིག་མ་ཕྱི་མ་ལས་ཀྱང་སྐད་ཅིག་མ་སྔ་མ་སྐྱེ་ བ་མ་ཡིན་པས། རྒྱུད་གཅིག་པའི་སྔ་མས་ཕྱི་མ་སྐྱེད་པར་བྱེད་པ་ལས་སྐྱེ་བ་དེ་ཡི་ཕྱིར། སཱ་ལུའི་མྱུ་གུ་ནི་ ནས་ལ་སོགས་པ་ལས་ནས་ཀྱི་མྱུ་གུ་ལ་སོགས་པ་སྐྱེ་བ་དེ་ལྟར་སྐྱེ་བ་མིན་པས་ཐམས་ཅད་ལས་ཐམས་
115

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཅད་འབྱུང་བར་མི་འགྱུར་རོ་ཞེ་ན།
འདི་ནི་མི་རུང་སྟེ། འདི་ལྟར་གང་སཱ་ལུའི་མྱུ་གུའི་རྒྱུ་ནི་སཱ་ལུའི་ས་བོན་ཁོ་
ན་ཡིན་གྱི་གཞན་མ་ཡིན་ལ།སཱ་ལུའི་ས་བནོ ་གྱི་འབྲས་བུ་ནི་སཱ་ལུའི་མྱུ་གུ་ཁ་ོན་ཡིན་ གྱི་གཞན་མ་ཡིན་ནོ་ཞེས་བྱ་བའི་སཱ་ལུའི་ས་མྱུག་སོ་སོར་ངེས་པ་གང་ཡིན་པ་འདི་ཀོ་རྒྱུ་ མཚན་གང་ལས་ཡིན་ཞེས་རེ་ཞིག་འདི་ཉིད་རྒྱུ་དང་འབྲས་བུ་ངོ་བོ་ཉིད་ཀྱིས་གྲུབ་པར་སྨྲ་ བ་འདི་ལ་འདྲི་བར་བྱའ།ོ །སྨྲས་པ། ངེས་པ་མཐོང་བའི་ཕྱིར་རོ་ཞེ་ན། ཡང་ཅིའི་ཕྱིར་ དེ་ལྟར་ངེས་པ་མཐོང་ཞེས་བརྒལ་ཞིང་བརྟགས་པ་ན། གང་གི་ཕྱིར་ངེས་པ་མཐོང་ བ་དེའི་ཕྱིར་ངེས་པ་མཐོང་ངོ་ཞེས་བྱ་བ་དེ་ཙམ་ཞིག་སྨྲ་བ་འདིས་ནི་ངེས་པའི་རྒྱུ་ མ་བསྟན་པར་བཤད་ཟིན་པའི་ཉེས་པ་ཅུང་ཟད་ཀྱང་སྤང་བར་མི་ནུས་སོ། །ཞེས་རང་ གི་མཚན་ཉིད་ཀྱིད་གཞན་ཡིན་ཀྱང་ངེས་པ་མཐངོ ་བ་མི་འགལ་བའི་རྒྱུ་མཚན་མ་བསྟན་པས་སྐྱནོ ་སྤངོ ་གི་ལན་ མིན་ཞེས་པའ།ོ །གཞན་ཡང་རང་གིས་མཚན་ཉིད་ཀྱིས་གྲུབ་པའི་གཞན་ཉིད་རྒྱུ་འབྲས་ཡིན་མིན་ཀུན་ ལ་ཐུན་མོང་བ་ཁྱད་པར་དུ་ཡོངས་སུ་མ་བཅད་པ་ཤིན་ཏུ་གྲགས་པ་འདི་ཉིད། ཕྱིར་ རྒོལ་འདིའི་ཇི་ལྟ་བ་བཞིན་འདོད་པ་ལ་གནོད་བྱེད་དུ་ཡོད་པ་ཡིན་ནོ་ཞེས་བསྟན་ པའི་ཕྱིར་བཤད་པ་ནི།
ཇི་ལྟར་ནས་དང་གེ་སར་དང་ནི་ཀིང་ཤུ་ཀ་ལ་སོགས། ། སཱ་ལུའི་མྱུ་གུ་སྐྱེད་པར་བྱེད་པར་འདོད་མིན་ནུས་ལྡན་མིན། ། རྒྱུད་གཅིག་ཁོངས་སུ་གཏོགས་མིན་འདྲ་བ་མ་ཡིན་ཉིད་དེ་བཞིན། ། སཱ་ལུའི་ས་བོན་ཡང་ནི་དེ་ཡི་མིན་ཏེ་གཞན་ཉིད་ཕྱིར། །
116

སེམས་བསྐྱེད་པ་དྲུག་པ།
ཇི་ལྟར་ཏེ་དཔེར་ན་ནས་དང་པདྨ་ལ་སོགས་པའི་ཟེའུ་འབྲུ་གེ་སར་དང་ཀིང་ཤུ་ཀ འི་མེ་ཏོག་ལ་ སོགས་པ་རྣམས་གཞན་ཡིན་པའི་ཕྱིར་སཱ་ལུའི་མྱུ་གུ་སྐྱེད་པར་བྱེད་པར་མི་འདོད་ ཅིང་། སཱ་ལུའི་མྱུ་གུ་བསྐྱེད་པའི་ནུས་པ་དང་ལྡན་པ་མ་ཡིན་པ་དང་རྒྱུད་གཅིག་ཏུ་ གཏོགས་པ་མ་ཡིན་པ་དང་རིགས་འདྲ་བ འི་སྔ་མ་མ་ཡིན་པ་ཉིད་དེ་བཞིན་དུ། སཱ་ལུའི་ ས་བནོ ་ཡང་ས་ལུའི་མྱུ་གུ་དེ་ལ་བལྟསོ ་པའི་ཇི་སྐད་བཤད་པའི་ཁྱད་པར་[གྱིས་]བཞིས་ཁྱད་ པར་ཅན་དུ་འགྱུར་བ་མ་ཡིན་ཏེ། རང་གི་ངོ་ཉིད་ཀྱིས་གྲུབ་པའི་གཞན་ཉིད་ཡིན་པའི་ཕྱིར་ རོ། །འདི་ནི་དོན་གཞན་ལ་ཁྱད་པར་བཞི་ཡོད་མེད་ཀྱང་གཞག་པར་མི་ནུས་པའི་རིགས་པའ།ོ །
དེ་ལྟར་རེ་ཞིག་ཕྱིར་རྒོལ་གཞན་ལ་གྲགས་པའི་རང་གི་ངོ་ཉིད་ཀྱིས་གྲུབ་པའི་གཞན་ ཉིད་གྲུབ་གྲུབ་ལྟར་རྗེས་སུ་བརྗོད་ནས་སུན་འབྱིན་བྱས་པ་ཡིན་ནོ། །ད་ནི་རྒྱུ་དང་ འབྲས་བུ་དག་[གི་] ལ་ངོ་བོས་གྲུབ་པའི་གཞན་ཉིད་མི་སྲིད་པར་བཤད་པ།
མྱུ་གུ་ས་བོན་དང་ནི་དུས་མཉམ་ཡོད་པ་མ་ཡིན་ཏེ། ། གཞན་ཉིད་མེད་པར་ས་བོན་གཞན་པ་ཉིད་དུ་ག་ལ་འགྱུར། ། དེས་ན་མྱུ་གུ་ས་བོན་ལས་སྐྱེ་འགྲུབ་པར་འགྱུར་མིན་པས། ། གཞན་ལས་སྐྱེ་བ་ཡིན་ཞེས་བྱ་བའི་ཕྱོགས་འདི་གཏང་བར་བྱོས། །
འདི་ན་བྱམས་པ་དང་ཉེར་སྦས་ཡོད་བཞིན་པ་དག་ཁོ་ན་ཕན་ཚུན་ལྟོས་ནས་འདི་ ནི་འདི་ལས་ཞེས་གཞན་ཉིད་དུ་མཐོང་གི །ས་བོན་དང་མྱུ་གུ་དག་ནི་དེ་ལྟར་དུས་ཅིག་ ཅར་དམིགས་པ་ཡང་མ་ཡིན་ཏེ།ས་བནོ ་རྣམ་པར་མ་གྱུར་པར་མྱུ་གུ་མེད་པའི་ཕྱིར་ ར།ོ །གང་གི་ཚེ་དེ་ལྟར་ས་བནོ ་དང་དུས་མཉམ་དུ་མྱུ་གུ་ཡདོ ་པ་མ་ཡིན་པ་དེའི་ཕྱིར།
117

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ས་བནོ ་ལ་མྱུ་གུ་ལས་ང་ོབསོ ་གྲུབ་པའི་གཞན་ཉིད་ཡདོ ་པ་མ་ཡིན་ལ། དེ་ཡདོ ་པ་མ་ཡིན་པར་ ས་བོན་མྱུ་གུ་ལས་གཞན་པ་ཉིད་དུ་ག་ལ་འགྱུར་ཏེ་མི་འགྱུར་རོ། །ངོ་བོས་གྲུབ་པའི་གཞན་ཉིད་མེད་པ་ དེས་ན་གཞན་ས་བོན་ལས་ངོ་བོ་ཉིད་ཀྱིས་མྱུ་གུ་སྐྱེའ་ོ ཞེས་བྱ་བ་འདི་ཡོད་པ་མ་ཡིན་ནོ། ། དེའི་ཕྱིར་དངོས་པོ་རྣམས་གཞན་ལས་སྐྱེའ་ོཞེས་བྱ་བའི་ཕྱོགས་འདི་གཏང་བར་བྱའ།ོ ། དནོ ་འདི་ནི་རྩ་ཤེ་ལས། དངསོ ་པ་ོ རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སགོ ས་ལ་ཡདོ ་མ་ ཡིན།།བདག་གི་དངསོ ་པ་ོཡདོ ་མིན་ན།།གཞན་གྱི་དངསོ ་པ་ོག་ལ་ཡདོ །།ཅེས་བཤད་ པ་ཡིན་ནོ། །འདིར་རྐྱེན་ལ་སོགས་ལ་ཞེས་བྱ་བ་ནི་རྒྱུའམ་རྐྱེན་དག་གམ། རྒྱུ་དང་ རྐྱེན་གྱི་ཚོགས་པའམ་དེ་ལས་གཞན་ཡང་རུང་སྟེ། རང་བཞིན་རྣམ་པར་མ་གྱུར་པ་ ན་འབྲས་བུ་རྣམས་ཀྱི་རང་བཞིན་ཡོད་པ་མ་ཡིན་པ་ཁོ་ན་སྟེ་མ་སྐྱེས་པའི་ཕྱིར་རོ། ། དེ་མེད་ན་རྐྱེན་ལ་སགོ ས་པ་རྣམས་ལ་གཞན་ཉིད་ཡདོ ་པ་མ་ཡིན་ན།ོ །གང་ཡདོ ་པས་ ན་ཡོད་པའི་མཚན་ཉིད་དོ་ཞེས་བྱ་བ་འདི་ནི་བདུན་པ་ཡིན་ནོ། །གང་གི་ཚེ་གཞི་ ཡིན་པ་དེའི་ཚེ་ན་འབྲས་བུ་རྣམས་ཀྱི་རང་བཞིན་རྐྱེན་ལ་སོགས་པ་དག་ལ་འཁར་ གཞོང་དང་རྒྱ་ཤུག་ལྟར་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་གང་ན་ མེད་པ་དེ་ནི་དེ་ལས་སྐྱེ་བ་མ་ཡིན་ཏེ། དཔེར་ན། བྱེ་མ་དག་ལ་ཏིལ་མར་བཞིན་ཏེ། རྩ་ཤེ་ལས། ཅི་སྟེ་དེ་ན་མེད་པར་ཡང་། །རྐྱེན་དེ་དག་ལས་སྐྱེ་འགྱུར་ན། །རྐྱེན་མ་ཡིན་ པ་དག་ལས་ཀྱང་། །ཅི་ཡི་ཕྱིར་ན་སྐྱེད་མི་འགྱུར། །ཞེས་ཇི་སྐད་གསུངས་པ་ཡིན་ན།ོ ། དེའི་ཕྱིར་རྟེན་གྱི་ཕྱོགས་འདི་ནི་སློབ་དཔོན་ཉིད་ཀྱིས་ཚིགས་སུ་བཅད་པ་སྦྱར་བ་ ཁོ་ནས་ཆེས་ལེགས་པར་རྣམ་པར་ཕྱེ་བས་ཉེ་བར་མ་བཀོད་དོ། །
118

སེམས་བསྐྱེད་པ་དྲུག་པ།
འདིར་སྨྲས་པ། མྱུ་གུ་ས་བོན་དང་ནི་དུས་མཉམ་ཡོད་པ་མ་ཡིན་ཏེ། །ཞེས་ གང་སྨྲས་པ་དེ་ནི་རིགས་པ་ཡིན་ཏེ། ཇི་ལྟར་ ཏེ་དཔེར་ན་སྲང་གི་མདའི་ཕྱོགས་གཉིས་ཀྱི་ གཅིག་མཐོ་བ་དང་གཅིག་ཤོས་དམན་པ་སྟེ་དམའ་བ་དག་དུས་གཅིག་ཉིད་དུ་མཐོང་བ་དེ་ བཞིན་དུ་ས་བནོ ་འགག་བཞིན་པ་ན་མྱུ་གུ་སྐྱེ་བར་འགྱུར་ར།ོ།འདི་ལྟར་གང་ཁ་ོནའི་ ཚེ་ས་བོན་འགག་པ་དེའི་ཚེ་ཁོ་ནར་དུས་གཅིག་ཉིད་དུ་མྱུ་གུ་སྐྱེ་བ་ཡིན་ཏེ། དེའི་ ཕྱིར་ས་བོན་འགག་པ་དང་མྱུ་གུ་སྐྱེ་བ་གཉིས་དུས་གཅིག་པའི་ཕྱིར་ས་བོན་དང་མྱུ་ གུ་དག་ཀྱང་དུས་མཉམ་པར་འགྱུར་ལ། དེའི་ཕྱིར་གཞན་ཉིད་ཡིན་ནོ་ཞེས་བསྟན་ པའི་ཕྱིར་སྨྲས་པ་ནི།
ཇི་ལྟར་སྲང་གི་མདའ་གཉིས་མཐོ་བ་དང་ནི་དམའ་བ་དག ། དུས་མཉམ་མ་ཡིན་པར་ནི་མིན་པར་མཐོང་བ་དེ་བཞིན་དུ། ། བསྐྱེད་པར་བྱ་དང་སྐྱེད་བྱེད་དག་གི་སྐྱེ་འགག་འགྱུར་ཞེ་ན། ། ཞེས་བྱ་བ་སྟེ་དེའི་ཕྱིར་གཞན་ཉིད་མེད་པས་ཉེས་པ་མེད་ད་ོཞེ་ན།དེ་ལྟ་ན་ཡང་། གལ་ཏེ་གཅིག་ཚེ་ཡིན་ན་འདིར་དུས་གཅིག་མེད་དེ་ཡོད་མིན། །
གལ་ཏེ་སྲང་གི་དཔེས་བསྐྱེད་པར་བྱ་བ་མྱུ་གུ་དང་སྐྱེད་པར་བྱེད་པ་ས་བོན་གཉིས་ཀྱི་ སྐྱེ་བ་དང་འཇིག་པ་དུས་གཅིག་ཏུ་རྟོག་ན་དེ་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། གལ་ ཏེ་ཡང་སྲང་གི་དཔེར་མགོ་མཇུག་གཉིས་དུས་གཅིག་ཡིན་པས་མཐོ་དམན་གྱི་བྱ་བ་གཉིས་དུས་ གཅིག་པ་ཉིད་ཡིན་མདོ ་ཀྱི།དེ་ལྟ་ན་ཡང་དཔེ་དེས་མཚོན་པ་ལས་བྱུང་བའི་དནོ ་དངསོ ་ པ་ོ ལ་ས་མྱུག་དུས་གཅིག་ཉིད་མེད་པས་འདི་མི་རིགས་ས།ོ །ཇི་ལྟར་ཡདོ ་པ་མ་ཡིན་པ་
119

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
དེ་ལྟར་བསྟན་པའི་ཕྱིར་བཤད་པ། གལ་ཏེ་སྐྱེ་བཞིན་པ་དེ་སྐྱེ་ལ་ཕྱོགས་པས་ཡོད་མིན་ཞིང་། ། འགག་བཞིན་པ་ནི་ཡོད་ཀྱང་འཇིག་ལ་ཕྱོགས་པར་འདོད་གྱུར་པ། ། དེ་ཚེ་འདི་ནི་ཇི་ལྟ་བུར་ན་སྲང་དང་མཚུངས་པ་ཡིན། །
དེ་ལ་གལ་ཏེ་སྐྱེ་བཞིན་པ་ཞེས་བྱ་བ་དེ་ནི་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡིན་པས་མྱུ་གུའི་ ངོ་བོར་མ་འངོ ས་པ་ཡིན་ལ། འགག་བཞིན་པ་ཞེས་བྱ་བ་ནི་འགག་པ་ལ་མངོན་དུ་ ཕྱོགས་པའི་ཕྱིར་ད་ལྟར་བ་ཡིན་ཏེ། དེའི་ཕྱིར་ཡོད་པ་མ་ཡིན་པ་ཉིད་མ་སྐྱེས་པའི་ ཕྱིར་སྐྱེ་བ་ཡིན་ལ་ཡདོ ་པ་ཉིད་ད་ལྟར་བ་ཡིན་པས་འགག་པ་ཡིན་ན།ོ །གང་གི་ཚེ་མྱུ་ གུ་སྐྱེ་བ་ལ་ཕྱགོ ས་པའི་དུས་སུ་ས་བནོ ་འདི་ད་ལྟར་བ་ཡིན་པ་དང།མྱུ་གུ་མ་འངོ ས་པ་ཡིན་པ་དེའི་ཚེ། ས་མྱུག་གཉིས་པ་ོ འདི་ནི་ཇི་ལྟར་སྲང་གི་མཐ་ོ དམན་གཉིས་དང་མཚུངས་པར་འགྱུར་ཏེ་མི་འགྱུར་ ཏེ་སྲང་གི་མདའ་གཉིས་[ལ་]ནི་ད་ལྟར་བ་ཡིན་པའི་ཕྱིར། དེའི་མཐོ་དམན་གྱི་བྱ་བ་ དག་ཀྱང་དུས་གཅིག་པ་ཉིད་དུ་ཡོད་ཀྱི་ས་བོན་དང་མྱུ་གུ་ད་ལྟར་བ་དང་མ་འངོ ས་ པ་དག་ལ་ནི་དུས་གཅིག་མེད་པས། འདི་ནི་བྱ་བ་གཉིས་དུས་གཅིག་པས་ས་མྱུག་གཉིས་ཀྱང་ དུས་གཅིག་པ་དང། དེའི་དཔེར་སྲང་མདའི་མཐོ་དམན་གཉིས་བཀོད་པའི་དཔེ་མ་གྲུབ་པར་བསྟན་གྱི། བྱ་བ་ གཉིས་ལ་དུས་གཅིག་པ་སྲིད་ན་དུས་དེར་ཆསོ ་གཉིས་ཀྱང་ངེས་པར་དུ་དུས་མཉམ་ཞེས་སྲང་དང་མཚུངས་ པ་སྟནོ ་པ་མ་ཡིན་ན།ོ །ཅི་སྟེ་ཆསོ ་ས་མྱུག་གཉིས་ལྟ་བུ་དག་དུས་གཅིག་པ་ཉིད་མེད་མདོ ་ཀྱི། དེ་ལྟ་ན་ཡང་དེ[འི་]གཉིས་ཀྱི་བྱ་བ་དག་ལ་དུས་གཅིག་པ་ཉིད་ཡདོ ་ད་ོསྙམ་ན་དེ་ཡང་ མི་རུང་སྟེ། རྒོལ་བ་དེ་དག་གིས་ཁ༽ བྱ་བ་ཀ༽ ཆོས་ལས་ག༽ དོན་ཐ་དད་པར་ཁས་མ་ 120

སེམས་བསྐྱེད་པ་དྲུག་པ།
བླངས་པའི་ཕྱིར་དང།འདི་ནི་བྱ་བ་གཉིས་རང་བཞིན་གྱིས་གྲུབ་པ་འགགོ ་པའི་སྐབས་ཡིན་པའི་ཕྱིར་ར།ོ། སྐྱོན་གཞན་ཡང་ཡོད་དེ།
སྐྱེ་བ་འདི་ནི་བྱེད་པོ་མེད་པར་རིགས་པའི་ངོ་བོའང་མིན། ། སྐྱེ་བའི་བྱ་བ་གང་ཡིན་པ་ལ་བལྟསོ ་པ་དེའི་བྱེད་པ་པ་ོམྱུ་གུ་ནི་སྐྱེ་བ་ལ་ཕྱགོ ས་པའི་དུས་སུ་མ་ འངོ ས་པ་ཡིན་པའི་ཕྱིར། དུས་དེར་ཡོད་པ་མ་ཡིན་པ་ཉིད་དོ། །དེར་དེ་མེད་ན་ཡང་ རྟེན་བྱེད་པ་པོ་མྱུ་གུ་མེད་པར་བརྟེན་པ་སྐྱེ་བའི་བྱ་བ་འདི་ཡོད་པ་མ་ཡིན་པ་ལ་ཡོད་པ་མ་ ཡིན་པ་ནི་འགག་པ་དང་དུས་གཅིག་པར་ཅི་ལྟར་འགྱུར་ཏེ་མི་འགྱུར་བ་དེའི་ཕྱིར། བྱ་ བ་དག་དུས་གཅིག་པ་ཉིད་དུ་མི་རིགས་པ་ཁོ་ནའ།ོ །རྩ་ཤེ་ལས། གལ་ཏེ་དངོས་པོ་མ་ སྐྱེས་པ། །འགའ་ཞིག་གང་ན་ཡོད་གྱུར་ན། །དེ་ནི་སྐྱེ་འགྱུར་དངོས་པོ་དེ། །མེད་ན་ ཅི་ཞིག་སྐྱེ་བར་འགྱུར། །ཞེས་གསུངས་སོ། །འདིའི་དོན་ནི་འདི་ཡིན་ཏེ། མྱུ་གུ་ཞེས་ བྱ་བའི་དངོས་པོ་མ་སྐྱེས་པ་འགའ་ཞིག་སྐྱེ་བའི་སྔ་རོལ་ཏུ་འགའ་ཞིག་ན་ཡོད་པར་ གྱུར་ན་ནི་དེ་སྐྱེ་བར་འགྱུར་བ་ཞིག་ན།སྐྱེ་བའི་སྔ་རལོ ་དུ་ནི་འགའ་ཡང་འགའ་ཞིག་ ན་ཡོད་པར་བཞག་པར་མི་ནུས་ཏེ། མ་སྐྱེས་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བའི་བྱ་བའི་ རྟེན་དངསོ ་པ་ོསྐྱེ་བའི་སྔ་རལོ ་དུ་མེད་ན་སྟེ་མི་བདགོ ་ན་ཅི་ཞིག་སྐྱེ་བར་འགྱུར་ཞེས་ བྱ་བའ།ོ །དེ་ཞེས་བྱ་བའི་སྒྲ་དངོས་པོའ་ིཁྱད་པར་ཡིན་པས་གཞི་མཐུན་ནོ། །དངོས་ པོར་ཞེས་བྱ་བ་ནི་བདུན་པའ།ོ །མེད་ན་ཞེས་བྱ་བ་ཡང་དངོས་པོའ་ིཁྱད་པར་རོ། །ཅི་ ཞིག་གི་སྒྲ་ནི་སྐྱེ་བར་འགྱུར་ཞེས་བྱ་བ་འདི་དང་སྦྱར་བར་བྱ་སྟེ། དངོས་པོ་དེ་མེད་ ན་ཅི་ཞིག་སྐྱེ་བར་འགྱུར་ཏེ་ཅུང་ཟད་ཀྱང་སྐྱེ་བར་མི་འགྱུར་ར་ོཞེས་བྱ་བའི་དནོ ་ཏ།ོ།
121

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
གལ་ཏེ་སྲང་མདའི་མཐོ་དམན་གྱི་ཚུལ་གྱིས་སྐད་ཅིག་གང་ཁོ་ན་ལ་ས་བོན་འགག་ པ་དེ་ཉིད་ལ་མྱུ་གུ་སྐྱེའ་ོཞེས་འཕགས་པ་སཱ་ལུའི་ལྗང་པའི་མདོ་ལས་སྲང་གི་དཔེ་ འདི་ཉེ་བར་བཀོད་པ་མ་ཡིན་ནམ་དེའི་ཕྱིར་ས་མྱུག་གཉིས་སྲང་མདའི་མཐོ་དམན་དང་འདྲ་བར་ འདདོ ་པ་འགགོ ་པར་མི་རིགས་ས།ོ །ཞེ་ན། ཉེ་བར་བཀདོ ་པ་ནི་བདེན་མདོ ་ཀྱི། དེ་གཞན་ལས་ སྐྱེ་བར་བསྟན་པའི་ཕྱིར་མ་ཡིན་ཞིང་། རང་གི་མཚན་ཉིད་ཀྱི་སྐྱེ་བ་བསྟན་པའི་ཕྱིར་ ཡང་མ་ཡིན་ནོ།།འ་ོན་མདོ་དེ་ལས་ས་མྱུག་གཉིས་དུས་གཅིག་པ་སྲང་མདའི་མཐོ་དམན་གྱི་ཚུལ་དུ་མི་ སྟནོ ་ན།དཔེ་དེ་དུས་མཉམ་པ་ཅི་འདྲ་ཞིག་་ལ་དགངོ ས་ཞེ་ན།ཅིག་ཅར་དུ་བརྟེན་ནས་འབྱུང་བ་ མ་བརྟགས་པར་གྲུབ་པ་སྒྱུ་མ་ལྟ་བུ་ཡངོ ས་སུ་གསལ་བར་བྱ་བའི་ཕྱིར་ཏེ།ཇི་སྐད་དུ། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་འབྱུང་བ་མ་ཡིན་པ། །ཁྱོད་ཀྱིས་སྐྱེ་བ་ཐམས་ ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་གསུངས། །ཞེས་བཤད་དོ། །
འདིར་སྨྲས་པ། ས་བོན་དང་མྱུ་གུ་དག་དུས་ཅིག་ཅར་བ་ཉིད་མེད་པས་ངོ་བོ་ཉིད་ ཀྱིས་གཞན་ཉིད་མེད་པའི་ཕྱིར་གཞན་ལས་སྐྱེ་བ་མི་རིགས་ན། གང་དུ་རྒྱུ་འབྲས་ཅིག་ཅར་ བ་ཉིད་ཡོད་པ་དེར་གཞན་ཉིད་ཡོད་པས་གཞན་གྱི་སྐྱེ་བ་ཡོད་པར་འགྱུར་ཏེ། དཔེར་ ན་མིག་གི་རྣམ་པར་ཤེས་པ་དང་དེ་དང་ལྷན་ཅིག་འབྱུང་བ་ཚོར་བ་ལ་སོགས་པ་ རྣམས་ལྟ་བུའ།ོ།མིག་དང་གཟུགས་ལ་སགོས་པ་དག་དང་ཚོར་བ་ལ་སགོས་པ་ལྷན་ ཅིག་འབྱུང་བ་རྣམས་དུས་མཉམ་ཁ་ོ ནར་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ དེ་བཞིན་དུ།མིག་ལ་སགོ ས་པ་དག་དང་སེམས་ཀྱང་དུས་མཉམ་ཁ་ོནར་ཚོར་བ་ལ་ སགོ ས་པ་རྣམས་ཀྱི་རྐྱེན་ཉིད་དུ་འགྱུར་ར་ོཞེས་ཁ་ཅིག།སྨྲའ།ོ།དེ་ནི་ཡདོ ་པ་མ་ཡིན་ཏེ། 122

སེམས་བསྐྱེད་པ་དྲུག་པ།
ཅིའི་ཕྱིར་ཞེ་ན། གལ་ཏེ་མིག་གི་བློ་ལ་རང་གི་སྐྱེད་བྱེད་དུས་གཅིག་པ། ། མིག་ལ་སོགས་དང་ལྷན་ཅིག་འབྱུང་བ་འདུ་ཤེས་ལ་སོགས་ལས། ། གཞན་ཉིད་ཡོད་ན་ཡོད་ལ་འབྱུང་བས་དགོས་པ་ཅི་ཞིག་ཡོད། ། ཅི་སྟེ་དེ་མེད་ཅེ་ན་འདི་ལ་ཉེས་པ་བཤད་ཟིན་ཏོ། །
གལ་ཏེ་མིག་ལ་སོགས་པ་རྣམས་དང་འདུ་ཤེས་ལ་སོགས་པ་དུས་མཉམ་པ་རྣམས་ མིག་གི་བློ་ད་ལྟར་བའི་རྐྱེན་ཉིད་དུ་འདོད་ན། དེའི་ཚེ་འདུ་ཤེས་ལ་སོགས་པ་ཡོད་པ་ནི་ དེ་ལ་ལྟསོ ་པའི་གཞན་ཉིད་དུ་འགྱུར་མདོ ་ཀྱི།རྒྱུ་དུས་ནས་ཡདོ ་པ་ལ་སླར་ཡང་འབྱུང་བས་ དགོས་པ་ཅི་ཞིག་ཡོད་དེ་ཅུང་ཟད་ཀྱང་མེད་པས་སྐྱེ་བ་མེད་དོ། །ཅི་སྟེ་སྐྱེ་བ་མེད་པའི་ སྐྱནོ ་ཡངོ ས་སུ་སྤང་བར་འདདོ ་ནས་རྒྱུ་དུས་སུ་འབྲས་བུ་དེ་ཡདོ ་པ་ཉིད་དུ་ཁས་མི་ལེན་ན་ོ ཞེ་ན་ནི།དེའི་ཚེ་ཡང་ཡདོ ་པ་མ་ཡིན་པའི་བླ་ོལས་མིག་ལ་སགོ ས་པ་རྣམས་ང་ོབསོ ་གྲུབ་ པའི་གཞན་ཉིད་མ་ཡིན་ན་ོ ཞེས་ཉེས་པ་སྔར་བཤད་ཟིན་པ་ཁ་ོ ནའ།ོ །དེའི་ཕྱིར་དེ་ལྟར་ན་ རིགས་པ་འདིས་ནི་རྒྱུ་གཞན་ལས་འབྲས་བུ་སྐྱེ་བར་འདོད་པ་ན་གཞན་ཉིད་སྲིད་ཀྱང་རང་ བཞིན་གྱིས་སྐྱེ་བ་མི་སྲིད་ལ་དེ་མི་སྲིད་པའི་ཕྱིར་གཞན་ལས་སྐྱེ་བ་དང་གཉི་ག་མི་སྲིད་པར་ སྟནོ ་ཅིང་། རིགས་པ་སྔ་མས་ནི་རྒྱུ་འབྲས་ལ་སྐྱེ་བ་སྲིད་ཀྱང་རང་བཞིན་གྱིས་གཞན་ཉིད་ཡིན་པ་མི་ སྲིད་ལ། དེ་མི་སྲིད་པའི་ཕྱིར་གཞན་སྐྱེ་དང་གཉིས་ཀ་ཡང་མི་སྲིད་པས་རྣམ་པ་ཐམས་ ཅད་དུ་ཕྱི་རལོ ་གྱི་དནོ ་གཞན་སྐྱེ་ཡདོ ་པ་མ་ཡིན་པའི་ཕྱིར།ཕྱི་རལོ ་གྱི་དནོ ་གཞན་ལས་སྐྱེ་ བ་ཡདོ ་ཅེས་པ་ནི་བརྗདོ ་བྱའི་དནོ ་གྱིས་སྟངོ ་པས་སངོ ་སངོ ་ནས།དེ་ལྟར་བརྗདོ ་པའི་སྒྲ་ཙམ་འབའ་ ཞིག་ལྷག་མར་ལུས་པར་འགྱུར་ཏེ། དེའི་ཕྱིར་རྟོག་པ་འདི་ནི་མི་རུང་ངོ་། །
123

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ད་ནི་རྒྱུ་དང་འབྲས་བུ་གཉིས་ལས་རྒྱུ་ལ་ལྟོས་པའི་དུས་ཡོད་པ་མ་ཡིན་པར་ བསྟན་པའི་ཕྱིར་བཤད་པ།
སྐྱེད་པར་བྱེད་པ་བསྐྱེད་བྱ་གཞན་བསྐྱེད་པ་དེ་རྒྱུ་ཡིན་ན། ། ཡོད་པའམ་འནོ ་ཏེ་མེད་དང་གཉི་ག་གཉིས་བྲལ་ཞིག་བསྐྱེད་གྲང་། ། ཡོད་ན་སྐྱེད་བྱེད་ཅི་དགོས་མེད་ལའང་དེས་ནི་ཅི་ཞིག་བྱ། ། གཉིས་ཉིད་ལ་དེས་ཅི་བྱ་གཉིས་དང་བྲལ་ལའང་དེས་ཅི་བྱ། །
ཞེས་བྱ་བ་ནི། རེ་ཞིག་སྐྱེད་པར་བྱེད་པ[འི་] བསྐྱེད་བྱ་རང་ལས་ངོ་བོ་གཞན་ཉིད་བསྐྱེད་པ་ དེ་རྒྱུ་ཡིན་ན།བསྐྱེད་བྱ་འབྲས་བུ་རང་བཞིན་གྱིས་ཡདོ ་པར་འགྱུར་བའི་ཕྱིར།དེ་ཡདོ ་ན་དེ་ལ་སྐྱེད་ བྱེད་ཀྱི་རྐྱེན་ནི་དགོས་པ་མ་ཡིན་ཏེ། སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བར་རིགས་པའང་ མ་ཡིན་ཉིད། །ཅེས་བྱ་བ་ལ་སོགས་པས་ཉེས་པ་བཤད་ཟིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ ཕྱིར་དེ་ལ་རྐྱེན་དག་གིས་དགོས་པ་ཅུང་ཟད་ཀྱང་མེད་དོ། །བསྐྱེད་པར་བྱ་བ་འབྲས་ བུ་ཡདོ་པ་མ་ཡིན་པར་གྱུར་པ་ལ་ཡང་སྐྱེད་པར་བྱེད་པ་རྐྱེན་དེ་དག་གིས་ཅི་ཞིག་བྱ་ སྟེ། བོང་བུའི་རྭ་ལྟར་མེད་པའི་ཕྱིར་རོ། །ཇི་སྐད་དུ། །འབྲས་བུ་ཡོད་པར་གང་འདོད་ དང་།།འབྲས་བུ་མེད་པར་གང་འདདོ ་ལ།།ཁྱིམ་གྱི་དནོ ་དུ་ཀ་བ་སགོ ས།།བརྒྱན་པའི་ དོན་ཡང་མེད་པར་འགྱུར། །ཞེས་བཤད་དོ། །དབུ་མ་ལས་ཀྱང་། འབྲས་བུ་ངོ་བོ་ཉིད་ ཡོད་ན། །རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད། །འབྲས་བུ་ངོ་བོ་ཉིད་མེད་ན། །རྒྱུས་ནི་ཅི་ ཞིག་སྐྱེད་པར་བྱེད། །སྐྱེ་བ་ཡོད་པ་མ་ཡིན་ན། །རྒྱུ་ཉིད་འཐད་པར་མི་འགྱུར་རོ། །རྒྱུ་ ཉིད་འཐད་པ་ཡོད་མིན་ན། །འབྲས་བུ་གང་གི་ཡིན་པར་འགྱུར། །ཞེས་གསུངས་སོ། ། 124

སེམས་བསྐྱེད་པ་དྲུག་པ།
གཉིས་ཉིད་ཡིན་པར་དེ་ལ་རྐྱེན་རྣམས་ཀྱིས་ཅི་ཞིག་བྱ་སྟེ། བཤད་ཟིན་པའི་ཉེས་པར་ ཐལ་བར་འགྱུར་བའི་ཕྱིར་རོ། །གཉིས་ཀྱི་དངོས་པོ་ནི་གཉིས་ཉིད་ཡིན་ཞིང་གཉིས་ ཉིད་ལ་ཡོད་པ་ནི་གཉིས་ཉིད་དོ། །ཡོད་པ་དང་མེད་པའི་ངོ་བོ་ཅན་ཉིད་ནི་དུས་ གཅིག་གི་ཚེ་གཅིག་ལ་སྲིད་པ་ཡང་མ་ཡིན་པས།དེའི་རང་བཞིན་ཅན་གྱི་དངསོ ་པ་ོ ནི་ཡདོ ་པ་མ་ཡིན་ལ།ཡདོ ་པ་མ་ཡིན་པ་ཉིད་ཀྱི་ཕྱིར་དེ་ལ་སྐྱེད་པར་བྱེད་པའི་རྐྱེན་ དག་གིས་ཅི་ཞིག་བྱ། ཞེས་པ་མདོར་བསྡུས་ན། ཡོད་མེད་གཉིས་ཀ་ཚོགས་པ་ཉིད་ལ་རྐྱེན་དེས་ཅི་ཞིག་ བྱ་སྟེ། དེ་གཉིས་ཚོགས་པ་མི་སྲིད་པའི་ཕྱིར་རོ། །ཇི་སྐད་དུ་བསྟན་བཅོས་ལས། མྱ་ངན་འདས་ པ་དངོས་པོ་དང་། །དངོས་མེད་གཉིས་ཀར་ཇི་ལྟར་འགྱུར། །དེ་གཉིས་གཅིག་ལ་ ཡོད་མིན་ཏེ། །སྣང་བ་དང་ནི་མུན་པ་བཞིན། །ཞེས་བྱ་བ་དང་། དེ་བཞིན་དུ། བྱེད་པ་ པརོ ་གྱུར་མ་གྱུར་དང་། །གྱུར་མ་གྱུར་དེ་མི་བྱེད་ད།ོ །ཡིན་དང་མ་ཡིན་གྱུར་ཅིག་ལ། ། ཕན་ཚུན་འགལ་བས་ག་ལ་ཞིག །ཅེས་གསུངས་སོ། །གཉིས་ཀ་དང་བྲལ་བ་ཡོད་པ་ ཡང་མ་ཡིན། མེད་པ་ཡང་མ་ཡིན་པའི་འབྲས་བུ་གང་ཡིན་པ་གཉིས་ཀ་དང་བྲལ་བ་ དེ་ལ་ཡང་རྐྱེན་དེ་དག་གིས་ཅི་ཞིག་བྱ་སྟེ། ཡོད་པ་དང་མེད་པའི་ངོ་བོ་སྤངས་པའི་ འབྲས་བུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡོད་པ་དང་མེད་པ་ཉིད་མི་སྲིད་ན་ཡོད་པ་ ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་དེ་དག་བཀག་པས་ཅུང་ཟད་ཀྱང་ཁྱད་པར་ དུ་མི་འགྱུར་ར།ོ །གང་གི་ཚེ་འདི་གཉི་ག་མ་གྲུབ་པ་དེའི་ཚེ་ཡདོ ་པ་ཡང་མ་ཡིན་མེད་ པ་ཡང་མ་ཡིན་པ་མི་སྲིད་པ་ཉིད་ད།ོ །ཞེས་པ་མདརོ ་བསྡུས་ན། ཡདོ ་མེད་གཉིས་ཀ་དང་བྲལ་བ་དེ་ ལའང་རྐྱེན་དེ་ཅི་ཞིག་བྱ་སྟེ། དེ་གཉིས་གང་ཡང་མིན་པ་མི་སྲིད་པའི་ཕྱིར་རོ། །ཇི་སྐད་དུ། དངོས་མིན་
125

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
དངོས་པོ་མེད་མིན་པ། །མྱ་ངན་འདས་པར་གང་སྟོན་པ། །དངོས་མེད་པ་དང་དངོས་ པོ་དག །གྲུབ་ན་དེ་ནི་འགྲུབ་པར་འགྱུར། །ཞེས་གསུངས་སོ། །
གལ་ཏེ་གཞན་སྐྱེ་[བ་]རབ་ཏུ་གྲུབ་པར་བྱ་བའི་ཕྱིར་དུ་རིགས་པ་གང་དང་གང་ སྨྲས་པ་དེ་དང་དེ་ནི། བུད་ཤིང་སྐམ་པོ་མར་གྱིས་བྲན་པ་ལྟར་ཁྱོད་ཀྱི་བློའ་ིམེས་མ་ ལུས་པར་བསྲེགས་པས། ཁྱོད་ཀྱི་ཤེས་རབ་ཀྱི་མེ་སྤོར་བ་ལྷུར་བྱེད་པའི་རིགས་པའི་ བུད་ཤིང་བསྐུལ་བས་ཆོག་གོ་ད་དེ་བསྐུལ་མི་དགོས་སོ། །གལ་ཏེ་རིགས་པས་ཉེ་བར་མ་ བསྟན་པར་གཞན་སྐྱེ་བརྗདོ ་པར་འདདོ ་པའི་དནོ ་འགྲུབ་པར་མི་འགྱུར་པ་མ་ཡིན་ནམ་ ཞེ་ན། དེ་ནི་ཡོད་པ་མ་ཡིན་[ནོ་] ཏེ། དོན་གང་ཞིག་འཇིག་རྟེན་ཉིད་ལས་གྲུབ་པ་ དེར་ནི་རིགས་པ་གཞན་གྱི ས་ཅི་ཡང་བྱ་བ་མེད་དེ། འཇིག་རྟེན་གྱི་མཐོང་བ་ནི་ཤིན་ ཏུ་སྟོབས་དང་ལྡན་པའི་ཕྱིར་རོ་ཞེས་སྨྲས་པ།
གང་གིས་རང་ལྟ་ལ་གནས་འཇིག་རྟེན་ཚད་མར་འདོད་པས་ན། ། འདིར་ནི་རིགས་པ་སྨྲས་པ་ཉིད་ཀྱིས་ལྟ་ཀོ་ཅི་ཞིག་བྱ། ། གཞན་ལས་གཞན་འབྱུང་བ་ཡང་འཇིག་རྟེན་པ་ཡིས་རྟོགས་འགྱུར་ཏེ། ། དེས་ན་གཞན་ལས་སྐྱེ་ཡོད་འདིར་ནི་རིགས་པ་ཅི་ཞིག་དགོས། །
འཇིག་རྟེན་པ་ནི་ཐམས་ཅད་རང་གི་ལྟ་བ་ཁ་ོན་ལ་གནས་པ་ན་འཇིག་རྟེན་གྱི་མཐངོ ་བ་ཚད་ མར་འདདོ ་པས་ཤིན་ཏུ་སྟབོ ས་དང་ལྡན་པ་ཡིན་ཞིང་།ང་ོབ་ོཉིད་ཀྱིས་གྲུབ་པའི་རྒྱུ་གཞན་ཁ་ོན་ ལས་འབྲས་བུ་གཞན་སྐྱེ་བར་འཇིག་རྟེན་པ་རྣམས་ཀྱིས་མངནོ ་སུམ་དུ་ལྟ་བ་སྟེ་རྟགོ ས་པར་ཡང་འགྱུར་ བ་ཡིན་ལ།རིགས་པའི་འཐད་པ་ཉེ་བར་འགདོ ་པ་ཡང་དངསོ ་པ་ོམངནོ ་སུམ་དུ་གྱུར་པ་མ་ 126

སེམས་བསྐྱེད་པ་དྲུག་པ།
ཡིན་པ་ཁ་ོན་ལ་ནི་འགདོ ་འསོ ་ཀྱི་མངནོ ་སུམ་དུ་གྱུར་པ་ལ་ནི་མ་ཡིན་ཏེ།མངནོ ་སུམ་ཚད་མས་ གྲུབ་པའི་ཕྱིར་རོ། །དེའི་ཕྱིར་གཞན་སྐྱེའི་སྒྲུབ་བྱེད་ཀྱི་འཐད་པ་གཞན་མེད་པར་ཡང་། དངོས་པོ་ རྣམས་གཞན་ལས་སྐྱེ་བ་འགྲུབ་པས་གཞན་ལས་སྐྱེ་བ་ཡདོ ་པ་ཁ་ོནའ་ོཞེས་འདིར་རིགས་པ་གཞན་ བསྟན་པ་ལ་དགོས་པ་མེད་དེ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །ཞེ་ན། གང་ཞིག་བསྟན་བཅོས་ཀྱི་ དོན་ཕྱིན་ཅི་མ་ལོག་པར་མ་རྟོགས་ཤིང་། ཁ༽ ཐོག་མ་མེད་པ་[འི་] ནས་ཀ༽ འཁོར་ བ[ར་] ག༽ དངོས་པོ་བདེན་པར་འཛིན་པའི་བག་ཆགས་གཞག་པ་ཡོངས་སུ་སྨིན་པ་ལས་ བྱུང་བའི་དངོས་པོ་ལ་བདེན་པར་མངོན་པར་ཞེན་པ་ཡུན་རིང་མོ་ནས་འདྲིས་པའི་མཛའ་བོ་ དང་བྲལ་བ[ར་] སྟེ། འབྲལ་བར་བྱེད་པའི་ཐབས་རང་བཞིན་མེད་པའི་ཚུལ་ཡང་དང་ཡང་དུ་ཐོས་པ་ མི་བཟོད་པས། འཇིག་རྟེན་གྱིས་གནོད་པའི་རྡོལ་ཐབས་ཏེ་བླ་བརྡོལ་ལ་བརྟེན་པ་འདི་ ནི། འཇིག་རྟེན་གྱི་བྱུང་ཚུལ་ཤིན་ཏུ་མང་ཞིང་རྒྱ་ཆེ་བ་མ་བཤད་པར་འཇིག་རྟེན་གྱི་ གནོད་པའི་བླ་རྡོལ་ལས་བཟློག་པར་མི་ནུས་པས། འདི་འདྲ་བ་ཞིག་ལ་འཇིག་རྟེན་གྱི ས་ གནོད་དོ་ཞེས་དེའི་གནོད་པའི་ཡུལ་ཁྱད་པར་ཅན་དང་། ཡུལ་འདི་འདྲ་བ་ལ་འཇིག་རྟེན་གྱིས་མི་ གནོད་དོ། །ཞེས་མི་གནོད་པའི་ཡུལ་ཁྱད་པར་ཅན་བསྟན་པར་བྱ་བའི་ཕྱིར། རེ་ཞིག་བདེན་པ་ གཉིས་ཀྱི་རྣམ་པར་གཞག་པའི་དབང་དུ་བྱས་ནས་བཤད་པ།
དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། ། དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། ། ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། ། མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས། །
127

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
འདི་ནི་བདེན་པ་གཉིས་ཀྱི་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པར་མཁྱེན་པ་སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱིས། འདུ་བྱེད་སེམས་པ་སོགས་[དང་] ཁ༽ མྱུ་གུ་ལ་སོགས་ པ་ཀ༽ ནང་དང་ག༽ ཕྱི་རོལ་གྱི་དངོས་པོ་ཐམས་ཅད་ཀྱི་རང་གི་ངོ་བོ་རྣམ་པ་གཉིས་ ཉེ་བར་བསྟན་ཏེ།དེ་གང་ཞེ་ན་འདི་ལྟ་སྟེ།ཀུན་རྫབོ ་པའི་ང་ོབ་ོདང་དནོ ་དམ་[པའ།ོ]བདེན་ པའི་ངོ་བོའ།ོ །དེ་ལ་མྱུ་གུ་ལ་སོགས་པའི་དངོས་པོའ་ིངོ་བོ་དོན་དམ་པ་ནི། ཡང་དག་[པར་] པའི་ དོན་མངོན་སུམ་དུ་གཟིགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་ཇི་ལྟ་བ་འཇལ་བའི་ཡེ་ཤེས་གྱི་ ཡུལ་ཉིད་ཀྱིས་བདག་གི་རང་གི་ངོ་བོ་རྙེད་པ་ཡིན་གྱི། རང་གི་བདག་ཉིད་ཀྱིས་གྲུབ་ པ་སྟེ་བདེན་པར་གྲུབ་པ་མ་ཡིན་ཏེ། འདི་ནི་ངོ་བོ་གཉིས་བཤད་པའི་གཅིག་ཡིན་ནོ། །དོན་དམ་ ལས་གཞན་ཀུན་རྫབོ ་པའི་ང་ོ བ་ོ ནི། ས་ོ སའོ ་ིསྐྱེ་བ་ོ མ་རིག་པའི་རབ་རིབ་ཀྱི་ལིང་ཐགོ ་གིས་ བླའོ ་ིམིག་མ་ལུས་པར་ཁེབས་པ་རྣམས་ཀྱིས་མཐངོ ་བ་བརྫུན་པ་མཐངོ ་བའི་སྟབོ ས་ལས་ བདག་གི་ང་ོབ་ོཡདོ ་པ་རྙེད་པ་ཡིན་ཏེ།བྱིས་པ་རྣམས་ཀྱིས་མཐངོ ་བའི་ཡུལ་དུ་གྱུར་ པ་ཇི་ལྟ་བ་དེ་ལྟ་བུའི་རང་བཞིན་དུ་གྲུབ་པར་སྣང་བ་དེ་བཞིན་དུ་རང་གི་ངོ་བོས་གྲུབ་པ་ ནི་མ་ཡིན་ཏེ་ང་ོབ་ོགཉིས་ཀྱི་གཅིག་ཡིན་ན།ོ།དེའི་ཕྱིར་དངསོ ་པ་ོཐམས་ཅད་རང་བཞིན་དེ་ གཉིས་འཛིན་པ་ཡིན་ན།ོ །སྔར་བཤད་པའི་རང་བཞིན་ནམ་ང་ོབ་ོདེ་གཉིས་ལས་ཀྱང་མཐངོ ་ བ་ཡང་དག་པ་རིགས་ཤེས་ཀྱིས་རྙེད་པའི་ཡུལ་གང་ཡིན་པ་དེ་ནི་དེ་ཉིད་དེ། དེ་ནི་དོན་ དམ་པའི་བདེན་པའ་ོཞེས་བྱ་བའི་དོན་ཏོ།།དེའི་རང་གི་ངོ་བོ་ནི་རབ་རིབ་མཐུ་ཡིས་ཞེས་ སོགས་ཀྱི་སྐབས་སུ་བཤད་པར་བྱའ།ོ །ཤེས་བྱ་ཁ༽ མཐོང་བ་ཀ༽ བརྫུན་པ[འི་] ག༽ ཐ་སྙད་པའི་ ཚད་མས་རྙེད་པའི་ཡུལ་གང་ཡིན་པ་དེ་ནི་ཀུན་རྫབོ ་ཀྱི་བདེན་པའ།ོ །ཞེས་སྟནོ ་པས་གསུངས་ས།ོ ། 128

སེམས་བསྐྱེད་པ་དྲུག་པ།
དེའི་ཕྱིར་དེ་ལྟར་བདེན་པ་གཉིས་རྣམ་པར་གཞག་ནས། མཐོང་བ་བརྫུན་པ་ཀུན་ རྫོབ་རྣམས་ལ་ཡུལ་ཡུལ་ཅན་གཉིས་ལས་འཇིག་རྟེན་པའི་ཤེས་པ་ལ་ལྟོས་ནས་མཐོང་བ་ཡང་དག་ པ་དང་བརྫུན་པ་ཉིད་ལས་ཡུལ་ཅན་ཡང་དག་པ་དང་ལོག་པ་གཉིས་[ཉིད་] ཡོད་པས་དེས་ གཟུང་བར་བྱ་བའི་དནོ ་དང་།ཤེས་པ་གཉིས་ཉིད་བསྟན་པར་བྱ་བའི་ཕྱིར་བཤད་པ།
མཐོང་བ་བརྫུན་པའང་རྣམ་པ་གཉིས་འདོད་དེ། ། དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། ། སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། ། དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །
དེ་ལ་དབང་པོ་གསལ་བ་ཅན་ནི་རབ་རིབ་དང་བྲལ་ཞིང་མིག་སེར་ལ་སོགས་པས་ ཉམས་པར་མ་བྱས་པ་སྟེ་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་དབང་པོ་དང་། དེ་ལ་བརྟེན་པའི་ཤེས་ པ་རྣམ་པ་དེ་ལྟ་བུའི་ཕྱི་རོལ་གྱི་ཡུལ་ཕྱིན་ཅི་མ་ལོག་པར་འཛིན་པ་རྣམས་སོ། །སྐྱོན་ དང་ལྡན་པའི་དབང་པོ་ཅན་རྣམས་ཀྱི་བསླད་པའི་ཤེས་པ་ནི། འཕྲལ་གྱིས་འཕྲུལ་རྒྱུས་མ་བསླད་ པའི་ཤེས་པ་དེ་ལས་བཟློག་པ་དག་གོ །དེ་ལ་ཁ༽ དབང་པོ་ལེགས་པར་གྱུར་པ་རྣམས་ ཀྱི་ཤེས་པ་ལ་ལྟསོ ་ནས་ཀ༽སྐྱནོ ་དང་ལྡན་པའི་དབང་པ་ོཅན་རྣམས་ཀྱི་ཤེས་པ་གང་ ཡིན་པ་དེ་ནི་ག༽ ལགོ ་པར་ཤེས་པར་འདདོ ་ད།ོ །ཇི་ལྟར་འཇིག་རྟེན་པ་འདི་དག་གི་ཤེས་ པ་ཕྱིན་ཅི་ལགོ ་པ་དང་ཕྱིན་ཅི་མ་ལགོ ་པ་ཉིད་[ཀྱི་]ལ་བལྟསོ ་པའི་སྒ་ོནས་ཡུལ་ཅན་ཕྱིན་ཅི་ ལོག་མ་ལོག་རྣམ་པ་གཉིས་སུ་ཕྱེ་བ་ཡིན་པ་དེ་བཞིན་དུ། ཡུལ་ཡང་ཡིན་ནོ་ཞེས་བསྟན་ པའི་ཕྱིར་བཤད་པ།
129

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། ། གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། ། འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། ། འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་གཞག །
དེ་ལ་དབང་པ་ོལ་གནདོ ་པའི་རྐྱེན་ནང་ན་ཡདོ ་པ་ནི་རབ་རིབ་དང་མིག་སེར་ལ་སགོ ས་པ་དག་ དང་ད་དུ་ར་ཟོས་པ་དང་རིམས་ལ་སོགས་པ་རྣམས་ནི། དབང་པོ་ལ་གནོད་པའི་རྐྱེན་ ནང་ན་ཡོད་པ་ཡིན་ནོ། །ཏིལ་མར་དང་ཆུ་དང་མེ་ལོང་དང་བྲག་ཕུག་ལ་སོགས་པ་ ནས་བརྗོད་པའི་སྒྲ་ལ་སོགས་པ་རྣམས་དང་། ཁ༽ ཉི་མའི་འདོ ་ཟེར་བྱེ་མ་སྐྱ་བོའ་ིཡུལ་ དང་ཀ༽དུས་ཁྱད་པར་ཅན་[དང་]སསོ ་ཀ་ག༽ཉེ་བར་གྱུར་པ་ལ་སགོ ས་པ་[རྣམས་ནི་]
ཅ༽ དབང་པོ་ལ་གནོད་པའི་རྐྱེན་ཕྱི་རོལ་ན་ཡོད་པ་ཡིན་ཏེ། ང༽ དེ་དག་ནི་དབང་ པོ་ལ་གནོད་པར་བྱེད་པ་ནང་ན་ཡོད་པ་དག་མེད་པར། ཆ༽ རིམ་པ་བཞིན་དུ་གཟུགས་ བརྙན་དང་བྲག་ཅ་དང་སྨིག་རྒྱུ་ལ་ཆུ་ལ་སགོ ས་པར་འཛིན་པའི་རྒྱུར་འགྱུར་ར།ོ །དེ་ བཞིན་དུ་མིག་འཕྲུལ་མཁན་ལ་སོགས་པས་རབ་ཏུ་སྦྱར་བའི་སྔགས་དང་སྨན་ལ་ སོགས་པ་དག་ཀྱང་ཤེས་པར་བྱའ།ོ །ཡིད་ཀྱི་དབང་པོ་ལ་གནོད་པར་བྱེད་པ་ནི་སྔགས་ དང་སྨན་ལ་སགོ ས་པ་དེ་དག་དང་རྒྱུ་མཚན་ཡང་དག་པ་མ་ཡིན་པས་བྱས་པའི་གྲུབ་[པའི་] མཐའ་ལགོ ་པ་ལ་སགོ ས་པ་དག་དང་རྗེས་སུ་དཔག་པ་ལྟར་སྣང་བ་དག་སྟེ།རྨི་ལམ་ལ་ སོགས་པ་རྣམས་ཀྱི་རྣམ་པར་གཞག་པ་ནི་འཆད་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ འཇིག་རྟེན་གྱིས་དབང་པོ་ལ་གནོད་པའི་རྐྱེན་སྔར་ཇི་སྐད་དུ་བཤད་པ་ལྟར་གྱི་འཕྲལ་ 130

སེམས་བསྐྱེད་པ་དྲུག་པ།
གྱི་འཁྲུལ་རྒྱུ་མེད་པ[ར་] འི་དབང་པོ་སྟེ་ཤེས་པ་དྲུག་ཅར་གྱིས་གཟུང་བར་བྱ་བའི་ཀུན་རྫོབ་ པའི་དོན་དང། དེ་ལས་བཟློག་པའི་དོན་ལ་ཡང་དག་དང་ལོག་པར་རྟོག་པ་སྟེ་འཇོག་པ་དེ་ནི་འཇིག་ རྟེན་པའི་ཤེས་པ་ཉིད་ལ[ས་] ལྟོས་ནས་བདེན་པ་ཡིན་[གྱི་] ཏེ། དེ་དག་སྣང་བ་ལྟར་གྱི་དོན་དུ་ ཡདོ་པ་ལ་འཇིག་རྟེན་པའི་ཤེས་པས་གནདོ་པ་མེད་པ་དང་ཡདོ་པའི་ཕྱིར་ར།ོ།འཕགས་པ་ལ་ལྟསོ་ནས་ ནི་ཡང་ལོག་གཉིས་ཡོད་པ་མ་ཡིན་ནོ། །གཟུགས་བརྙན་ལ་སོགས་པ་གང་ཞིག་དབང་པོ་ རྣམས་ལ་གནོད་པ་ཡོད་པ་ན་ཡུལ་གྱི་ངོ་བོ་ཉིད་དུ་སྣང་བ་དེ་ནི་འཇིག་རྟེན་ཉིད་ ལ་ལྟོས་ནས་ལོག་པ་ཡིན་ནོ། །
ད་ནི་བཤད་ཟིན་པའི་ཡིད་ཀྱི་གནདོ ་པས་ཞེན་ཡུལ་ལ་འཁྲུལ་བ་སྤྱིར་བསྟན་པའི་དནོ ་དེ་ཉིད། མཚན་གཞི་བྱེ་བྲག་པ་ལ་དཔེར་བརྗོད་པའི་ཚུལ་གྱིས་ཉེ་བར་བསྟན་པའི་ཕྱིར་བཤད་པ།
མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། ། རྣམས་ཀྱི་བདག་ཉིད་ཇི་བཞིན་བརྟགས་པ་དང་། ། སྒྱུ་མ་སྨིག་རྒྱུ་སོགས་ལ་བརྟགས་པ་གང་། ། དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །
མི་ཤེས་རྨོངས་པའི་དབང་དུ་སོང་བའི་མུ་སྟེགས་ཅན་ཡིད་ལ་ཕྱིན་ཅི་ལོག་གི་གྲུབ་མཐའ་ངན་པ་དང། གཏན་ཚིག་ལྟར་སྣང་གི་གནདོ ་པ་ཡདོ ་པ་འདི་དག་ནི།དེ་ཁ་ོན་ཉིད་ལ་འཇུག་པར་འདདོ ་པས་ སྐྱེ་བ་ོམ་བྱང་བ་གནག་རྫི་དང་བུད་མེད་ལ་སགོ ས་པ་ཡན་ཆད་ལ་གྲགས་པའི་དངསོ ་ པོ་སྐྱེ་བ་དང་། འཇིག་པ་ལ་སགོ ས་པ་ཕྱིན་ཅི་མ་ལགོ ་པ་ཡང་དག་པར་ངེས་པར་མ་ བཟུང་བར། འཇིག་རྟེན་པ་རྣམས་ལས་ཕུལ་དུ་བྱུང་བར་འགྲོ་བར་འདོད་པས་དཔེར་ན་ཤིང་
131

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ལ་འཛེགས་པས་ཡལ་ག་སྔ་མ་བཏང་ནས་ཡལ་ག་ཕྱི་མ་བཟུང་པ་ལྟར། ལྟུང་བ་ཆེན་ པོས་ལྟ་བ་ངན་པའི་རི་སུལ་དག་ཏུ་ལྟུང་བར་འགྱུར་ཞིང་། བདེན་པ་གཉིས་ལེགས་ པར་མཐོང་བ་དང་བྲལ་བས་འབྲས་བུ་ཐར་པ་ཁ༽ མི་ཀ༽ ཐོབ་པར་ག༽ འགྱུར་རོ། །དེའི་ ཕྱིར་མུ་སྟེགས་ཅན་འདི་དག་གིས་རང་རང་གི་གཞུང་ལས་བྱུང་བའི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཅ༽ གང་བརྟགས་པ་ང༽ཡནོ ་ཏན་གསུམ་ལ་སགོ ས་པ་ཆ༽དེ་དག་ནི་འཇིག་རྟེན་གྱི་ཀུན་ རྫོབ་ཏུ་ཡང་ཡོད་པ་མ་ཡིན་པ་ཉིད་དོ། །
དེ་ཁོ་ན་ཉིད་ཀྱི་དོན་ཐ་སྙད་པའི་ཤེས་པས་མི་འཇོག་པ་དེའི་ཕྱིར་འདིར། མིག་ནི་རབ་རིབ་ཅན་གྱིས་དམིགས་པ་ཡིས། ། རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། ། དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། ། དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །
གཞན་ལས་སྐྱེ་བ་དགག་པ་བཤད་པ་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ལྟ་བ་ཁ་ོ ན་ ལ་གནས་ནས་དགག་པ་བྱེད་པ་ནི་མ་ཡིན་ན།ོ །འ་ོ ན་ཅི་ཞེ་ན། འཕགས་པ་རྣམས་ཀྱི་དེ་ཁ་ོ ན་ཉིད་ཀྱི་གཟིགས་པ་ཁས་བླངས་ནས་དནོ ་དམ་པར་འགགོ ་པ་ཡིན་ན།ོ །གང་གི་ཚེ་གཞན་སྐྱེ་ [བ་]དགག་པ་འདི་ལ་དོན་དམ་གྱི་ཁྱད་པར[དུ་] སྦྱོར་བ་ཡིན་པ་དེའི་ཚེ། ཇི་ལྟར་རབ་ རིབ་ཅན་རྣམས་ཀྱི་སྐྲ་ལ་སགོ ས་པའི་ང་ོབ་ོལ་དམིགས་པས་རབ་རིབ་མེད་པའི་ཤེས་ པ་ལ་སྐྲ་ཤད་སོགས་མི་སྣང་བ་ལ་མི་གནོད་པ་དེ་བཞིན་དུ། ཟག་པ་མེད་པའི་ཡེ་ཤེས་དང་ བྲལ་བ་སོ་སོའ་ིསྐྱེ་བོ་རྣམས་ཀྱི་ཤེས་པ་མ་རིག་པས་བསླད་པས་ཀྱང་གཟིགས་པ་ཟག་པ་ 132

སེམས་བསྐྱེད་པ་དྲུག་པ།
མེད་པ འི་བློ་ལ་གནོད་པ་མ་ཡིན་པས། རྣམ་པ་དེ་ལྟ་བུའི་ཡུལ་ལ་དོན་དམ་པར་གཞན་སྐྱེ་ བཀག་པ་ལ་འཇིག་རྟེན་[གྱིས་] པའི་ངརོ ་གཞན་སྐྱེ་གྲུབ་ཏུ་ཆུག་ཀྱང་གནདོ ་པ་མ་ཡིན་ན།ོ །དེའི་ ཕྱིར་དེ་ལྟར་ཕ་རལོ ་པ་ོནི་དམ་པ་མཁས་པ་དག་གིས་བཞད་གད་དུ་བྱ་བ་འསོ ་པ་ཉིད་ དུ་འགྱུར་ར།ོ །དེའི་ཕྱིར་འདིས་ནི་བདེན་པ་གཉིས་ཡིན་པ་དང་། ཀུན་རྫབོ ་དང་དནོ ་ དམ་པའི་དབྱེ་བས་དངོས་པོ་རྣམས་ཀྱི་ངོ་བོ་གཉིས་སུ་བརྗོད་པ་ཡིན་ནོ། །
དེ་ལ་འཇིག་རྟེན་གྱི་ཀུན་རྫབོ ་ཀྱི་བདེན་པ་བསྟན་པར་བྱ་བའི་ཕྱིར་བཤད་པ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། ། དེས་གང་བཅོས་མ་བདེན་པར་སྣང་དེ་ནི། ། ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། ། བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའ།ོ །
དེ་ལ་འདིས་སེམས་ཅན་རྣམས་དངོས་པོ་ཇི་ལྟར་གནས་པའི་དངོས་པོ་སྟེ་རང་བཞིན་ལྟ་ བ་ལ་རྨོངས་པར་བྱེད་པས་ན་གཏི་མུག་སྟེ། མ་རིག་པ་དངོས་པོའ་ིརང་གི་ངོ་བོ་རང་ བཞིན་གྱིས་ཡོད་པ་མ་ཡིན་པ་ལ་རང་བཞིན་ཡོད་པར་སྒྲོ་འདོགས་པར་བྱེད་པ། ཡིན་ལུགས་ ཀྱི་རང་བཞིན་མཐོང་བ་ལ་སྒྲིབ་པའི་བདག་ཉིད་ཅན་ནི་ཀུན་རྫོབ་བོ། །སྒྲིབ་བྱེད་ཀུན་ རྫོབ་བདེན་འཛིན་དེ འི་མཐུ ས་སྔོན་པོ་ལ་སོགས་པ་གང་ཞིག་བདེན་པར་སྣང་ཞིང་རང་ བཞིན་གྲུབ་པ་མེད་བཞིན་དུ་རང་བཞིན་དུ་སོ་སོར་སྣང་བར་བཅོས་པའི་བཅོས་མ་སེམས་ཅན་ རྣམས་ལ་བདེན་པར་སྣང་བ་དེ་ནི།སྔར་བཤད་པའི་འཇིག་རྟེན་ཕྱིན་ཅི་ལགོ ་ཏུ་གྱུར་པའི་ཀུན་ རྫབོ ་[ཏུ་]དེའི་ངརོ ་བདེན་པས་འཇིག་རྟེན་གྱི་ཀུན་རྫབོ ་ཀྱི་བདེན་པ་སྟེ།དེ་ནི་རྟགོ ས་པས་
133

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
བཅོས་པས་བཅོས་མ་རྟེན་ཅིང་འབྲེལ་བར་འབྱུང་ངོ་། །བརྟེན་ནས་འབྱུང་བ་གཟུགས་ བརྙན་དང་བྲག་ཅ་ལ་སགོ ས་པ་ཅུང་ཟད་ཅིག་ནི་བརྫུན་ཡང་མ་རིག་པ་དང་ལྡན་པ་ རྣམས་ལ་རྫུན་པར་སྣང་ལ།སྔནོ ་པ་ོལ་སགོ ས་པའི་གཟུགས་དང་སེམས་དང་ཚོར་བ་ལ་ སགོ ས་པ་ཅུང་ཟད་གཅིག་ནི་བདེན་པར་སྣང་སྟེ།ཆསོ ་རྣམས་ཀྱི་ཡིན་ལུགས་ཀྱི་རང་བཞིན་ ནི་མ་རིག་པས་བསླད་པ་དང་ལྡན་པའི་ཤེས་པ་རྣམས་ལ་རྣམ་པ་ཐམས་ཅད་དུ་མངནོ ་སུམ་ དུ་མི་སྣང་ང་ོ།།དེའི་ཕྱིར་རང་བཞིན་དེ་དང་གང་ཞིག་ཀུན་རྫབོ ་ཏུ་ཡང་བརྫུན་པ་ནི།བརྡ་ ལ་བྱང་བའི་འཇིག་རྟེན་གྱི་ཀུན་རྫབོ ་ཀྱི་ངརོ ་བྱད་བཞིན་གྱི་གཟུགས་བརྙན་ལྟ་བུ་དེ་བྱད་བཞིན་ཡིན་པ་དེ་རྫུན་ པས། དེ་ལ་ལྟོས་པའི་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ནོ། །དེ་ལྟར་ན་ཁ༽ རེ་ཞིག་སྲིད་པའི་ ཡན་ལག་[གིས་] རྟེན་འབྲེལ་བཅུ་གཉིས་ཀྱིས་ཡོངས་སུ་བསྡུས་པ་ཉོན་མོངས་པ་ཅན་གྱི་ མ་རིག་པའི་དབང་གིས་སྟེ་དེའི་ངོར་ཀ༽ ཀུན་རྫོབ་ཀྱི་བདེན་པ་ཞེས་པའི་ཚིག་ཟུར་གྱི་བདེན་ པ་ནི་ ག༽ རྣམ་པར་གཞག་གོ ། གང་གི་ངོར་མི་བདེན་པའི་གང་ཟག་དེ་ལ་གསུམ་སྟེ། ཉན་ཐོས་ དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉནོ ་མངོ ས་པ་ཅན་གྱི་གཟིགས་པ་ སྤངས་པ། འདུ་བྱེད་ཁ༽ གཟུགས་བརྙན་ཀ༽ ལ་སོགས་པའི་ཡོད་པ་ཉིད་དང་འདྲ་ བར་ག༽ བཞིན་དུ་རང་བཞིན་གྱིས་སྟོང་ཡང་དེར་་སྣང་བ་མངོན་སུམ་དུ་གཟིགས་པ་རྣམས་ལ་ནི་ བཅསོ ་མའི་རང་བཞིན་གྱི་བདེན་པ་ཡིན་གྱི་བདེན་པ་མ་ཡིན་ཏེ།བདེན་པར་མངནོ ་པར་ རློམ་པ་སྟེ་ཞེན་པ་མེད་པའི་ཕྱིར་རོ། །
དངོས་པོ་འདི་དག་ཀྱང་བྱིས་པ་རྣམས་ལ་ནི་རང་བཞིན་མེད་བཞིན་དུ་དེར་སྣང་བས་སླུ་ བར་བྱེད་པ་ཡིན་ལ། དེ་དག་ལས་གཞན་པ་སྔར་བཤད་པའི་གང་ཟག་གསུམ་པོ་དེ་རྣམས་ལ་ 134

སེམས་བསྐྱེད་པ་དྲུག་པ།
ནི། སྒྱུ་མ་ལ་སོགས་པ་ལྟར་བཅོས་མར་གྱུར་པའི་དངོས་པོའ་ིརྟེན་ཅིང་འབྲེལ་བར་འབྱུང་བ་ ཉིད་ཀྱིས་ནི་ཀུན་རྫོབ་ཙམ་དུ་འགྱུར་གྱི་བདེན་པར་མི་འགྱུར་རོ། །དེ་ཡང་ཤེས་བྱའི་སྒྲིབ་ པའི་མཚན་ཉིད་ཅན་གྱི་ཉནོ ་མངོ ས་ཅན་མ་ཡིན་པའི་མ་རིག་པ་ཙམ་ཀུན་ཏུ་སྤྱདོ ་པའི་ཕྱིར། མ་རིག་པ་དང་དེའི་བག་ཆགས་ཀྱིས་བསླད་པའི་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་གྱི་རྗེས་ ཐོབ་ལ་གནས་པའི་འཕགས་པ་རྣམས་ལ་སྣང་གི་འཕགས་པ་སྣང་བ་མེད་པའི་སྤྱོད་ཡུལ་ མངའ་བ་མཉམ་གཞག་ལ་གནས་པ་རྣམས་ལ་ནི་སྣང་བ་མ་ཡིན་ན།ོ །སངས་རྒྱས་རྣམས་[ལ་] ཀྱིས་ནི་ཆོས་ཐམས་ཅད་ཀྱི་དོན་དམ་པ་དང་ཀུན་རྫོབ་པའི་རྣམ་པ་ཐམས་ཅད་[དུ་]མངོན་དུ་ གྱུར་པར་རྫགོ ས་པར་ཏེ་མ་ལུས་པར་བྱང་ཆུབ་པར་རྟགོ ས་པའི་ཕྱིར།སེམས་དང་སེམས་ལས་ བྱུང་བའི་རྣམ་རྟགོ ་གི་རྒྱུ་བ་ཐམས་ཅད་གཏན་ལགོ ་པར་འདདོ ་པས་མཉམ་གཞག་དང་རྗེས་ཐབོ ་ ཀྱི་སྣང་བའི་རྟགོ ་པ་ཡདོ ་མེད་རེས་འཇགོ ་མེད་པ་ཡིན་ན།ོ །དེ་ལྟར་ན་རེ་ཞིག་བཅམོ ་ལྡན་འདས་ དེས་ཀུན་རྫོབ་ཀྱི་བདེན་པ་དང་ཀུན་རྫོབ་ཙམ་དུ་གསུངས་པ་ཡིན་ནོ། །
དེ་ལ་སོ་སོའ་ིསྐྱེ་བོ་རྣམས་ཀྱི ས་དོན་དམ་པ ར་གྲུབ་པར་བཟུང་བའི་བུམ་སོགས་གང་ ཡིན་པ་དེ་ཉིད། སྔར་བཤད་པའི་འཕགས་པ་གསུམ་པོ་རྗེས་ཐོབ་ཀྱི་སྣང་བ་དང་བཅས་པའི་ སྤྱདོ ་ཡུལ་ཅན་རྣམས་ཀྱི་ཀུན་རྫབོ ་ཙམ་ཡིན་ལ།རྟེན་འབྲེལ་ཀུན་རྫབོ ་པ་དེའི་རང་བཞིན་ སྟོང་པ་ཉིད་གང་ཡིན་པ་དེ་ནི་འཕགས་པ་དེ་རྣམས་ཀྱི་དོན་དམ་པའ།ོ །སངས་རྒྱས་ རྣམས་ཀྱི་དོན་དམ་པ་ནི་དུས་རྟག་ཏུ་རང་བཞིན་ཉིད་ལ་མཉམ་པར་བཞག་པ་ཆོས་ཉིད་ཡིན་ ཞིང་། དེ་ཡང་དེ་ཁོ་ན་ཉིད་གཟིགས་པའི་ངོར་སླུ་བ་མེད་པ་ཉིད་ཀྱིས་དོན་དམ་པའི་བདེན་ པ་ཡིན་ལ། དེ་ནི་དེ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ནོ། །ཀུན་རྫོབ་ཀྱི་
135

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
བདེན་པ་ནི་སླུ་བར་བྱེད་པ་ཉིད་ཀྱི་ཕྱིར་དོན་དམ་པའི་བདེན་པ་མ་ཡིན་ནོ། །དེའི་ ཕྱིར་དེ་ལྟར་ཀུན་རྫབོ ་ཀྱི་བདེན་པ་བསྟན་ནས།དནོ ་དམ་པའི་བདེན་པ་བསྟན་པར་ འདོད་པས་དོན་དམ་པའི་བདེན་པ་དེ་ནི་སྒྲས་བརྗོད་དུ་མེད་པའི་ཕྱིར་དང་། སྒྲ་དེའི་རྗེས་སུ་ འབྲང་བའི་ཤེས་པའི་ཕྱིར་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་དངོས་སུ་ཏེ་མངོན་སུམ་དུ་བསྟན་ པར་མི་ནུས་པས།ཉན་པར་འདདོ ་པ་རྣམས་ལ་ཁ༽ས་ོསྐྱེ་རང་གིས་མྱངོ ་བ་ཉིད་དུ་ཀ༽ དེའི་རང་བཞིན་གསལ་བར་བྱ་བའི་ཕྱིར་ག༽ དཔེ་བཤད་པ།
རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། ། ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། ། དེ་ཉིད་བདག་ཉིད་གང་དུ་མིག་དག་པས། ། མཐོང་དེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །
མིག་རབ་རིབ་ཀྱི ས་བསླད་པའི་མཐུས་རབ་རིབ་ཅན་གྱིས་རང་གི་ལག་ན་ཐོགས་པའི་ བསེ་རུ་ལ་སོགས་པའི་བཟའ་བཏུང་གི་སྣོད་ཀྱི་ནང་ན། སྐྲ་ཤད་དང་སྦྲང་མ་ལ་སོགས་པའི་ ཚོགས་ཡངོ ས་སུ་འགྱུར་བཞིན་པར་མཐངོ ་བ་དེས་དེ་བསལ་བར་འདདོ ་ནས་སྣདོ ་དེ་ ལ་ཡང་དང་ཡང་དུ་བསྒྲེ་བཟླགོ ་བྱེད་པའི་ཚེགས་ཐབོ ་པར་རིག་སྟེ། འདི་ཅི་བྱེད་པ་ ཞིག་སྙམ་ནས་མིག་དག་པའི་རབ་རིབ་མེད་པས་དེའི་གན་དུ་ཕྱིན་ནས།སྐྲ་ཤད་ལ་སགོ ས་ དེ་དག་ཉིད་ཀྱི་བདག་ཉིད་གང་དུ་མཐངོ ་བའི་ཡུལ་དེར་མིག་གཏད་ཀྱང་སྐྲ་ཤད་ཀྱི་རྣམ་པ་དེ་ དག་མ་དམིགས་ཤིང་།སྐྲ་ཤད་དེའི་རྟེན་ཅན་དངསོ ་པ་ོདང་དངསོ ་པ་ོམེད་པ་དང་སྐྲ་ ཤད་དང་སྐྲ་ཤད་མ་ཡིན་པ་དང་མཐནོ ་ཀ་ལ་སགོ ས་པའི་ཁྱད་པར་དག་ཏུ་རྟགོ ་པར་ 136

སེམས་བསྐྱེད་པ་དྲུག་པ།
བྱེད་པ་ཡང་མ་ཡིན་ནོ། །ཡང་གང་གི་ཚེ་རབ་རིབ་ཅན་གྱིས་རབ་རིབ་མེད་པ་ལ་སྐྲ་ ཤད་མཐོང་ངོ་ཞེས་རང་གིས་བསམ་པ་སྟོན་པར་བྱེད་པ་དེའི་ཚེ། རབ་རིབ་ཅན་དེའི་ རྣམ་པར་རྟོག་པ་བསལ་བར་འདོད་པས་རབ་རིབ་ཅན་གྱི་དམིགས་པའི་ངོར་བྱས་ ནས་འདི་ན་སྐྲ་ཤད་དག་ཡོད་པ་མ་ཡིན་ནོ་ཞེས་དགག་པ་ལྷུར་བྱེད་པའི་ཚིག་སྨྲ་ མོད་ཀྱི། སྨྲ་བ་པོ་འདི་ལ་སྐྲ་ཤད་དེ་ལ་སྐུར་པ་འདེབས་པ་ཡོད་པ་མ་ཡིན་ནོ། །རབ་རིབ་ ཅན་གྱིས་མཐངོ ་བའི་སྐྲ་ཤད་དག་གི་དེ་ཁ་ོན་ཉིད་ནི་གང་ཞིག་རབ་རིབ་མེད་པས་མཐངོ ་ བ་དེ་ཡིན་གྱི་ཅིག་ཤོས་རབ་རིབ་ཅན་གྱིས་དེ་ནི་མ་ཡིན་ནོ། །དཔེ་གཉིས་པོ་དེ་བཞིན་དུ་དོན་ གྱི་སྐབས་འདིར་ཤེས་པར་གྱིས་ཤིག །ཤེས་པར་བྱེད་ཚུལ་ནི་མ་རིག་པའི་རབ་རིབ་ཀྱིས་གནོད་པ་ བྱས་པ་སྟེ་བློ་བསླད་པས་དེ་ཁོ་ན་ཉིད་མ་མཐོང་བ་དག་གིས། ཕུང་པོ་དང་ཁམས་དང་ སྐྱེ་མཆེད་ལ་སོགས་པའི་རང་གི་ངོ་བོ་དམིགས་པ་གང་ཡིན་པ་དེ་ནི། ཕུང་སོགས་དེ་ དག་གི་ངོ་བོ་ཀུན་རྫོབ་པ་སྟེ་རབ་རིབ་ཅན་གྱིས་སྐྲ་ཤད་དམིགས་པ་ལྟ་བུ འ།ོ །གལ་ཏེ་ཕུང་པོ་ ལ་སགོ ས་པཔའི་དེ་ཉིད་མ་མཐངོ ་བས་དམིགས་པ་དེ་དག་ཉིད།མ་རིག་པའི་བག་ཆགས་ཤེས་ སྒྲིབ་དང་བྲལ་བ་སངས་རྒྱས་བཅམོ ་ལྡན་འདས་རྣམས་ཀྱིས།རབ་རིབ་ཅན་མ་ཡིན་པ འི་མིག་གི ས་སྐྲ་ཤད་མ་མཐངོ ་བའི་ཚུལ་དུ་ཕུང་སགོ ས་ཀྱི་རང་བཞིན་གང་གིས་གཟིགས་ པ འི་ཡུལ་དེ་ནི་དེ་དག་གི་དོན་དམ་པའི་བདེན་པའ།ོ །
གལ་ཏེ་གཉིས་སྣང་ཐམས་ཅད་ནུབ་པ་རྣམ་པ་དེ་ལྟ་བུའི་རང་བཞིན་ནི་མཐངོ ་བ་མེད་ པ་ཉིད་མ་ཡིན་ནམ་དེའི་ཕྱིར་ཇི་ལྟར་སངས་རྒྱས་དེ་དག་གིས་དནོ ་དམ་བདེན་པ་གཟིགས་ཤེ་ ན།དེ་ཁ་ོན་ཉིད་ཀྱི་གཟིགས་ངརོ ་གཉིས་སྣང་ནུབ་པས་གཉིས་ཀྱི་ཚུལ་གྱིས་མི་གཟིགས་པ་ནི་བདེན་མདོ ་
137

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཀྱི། འནོ ་ཀྱང་དེ་མ་གཟིགས་པའི་ཚུལ་གྱིས་དེ་དག་གིས་གཟིགས་ས་ོ ཞེས་བརྗདོ ་ད།ོ ། དེའི་ཤེས་བྱེད་ནི་ཇི་སྐད་དུ་འཕགས་པ་བདེན་པ་གཉིས་ལ་འཇུག་པ་ལས། ལྷའི་བུ་གལ་ ཏེ་དནོ ་དམ་པར་ན་དནོ ་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་ཡུལ་གྱི་རང་ བཞིན་དུ་འགྱུར་ན་ནི།དེ་དནོ ་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲ་ོསྟེ་ ཀུན་རྫབོ ་ཀྱི་བདེན་པ་ཉིད་དུ་འགྱུར་ར།ོ །འནོ ་ཀྱང་ལྷའི་བུ་དནོ ་དམ་པར་ན་དནོ ་དམ་ པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ། བྱེ་བྲག་མེད་པ། མ་སྐྱེས་པ། མ་ འགགས་པ། སྨྲ་བར་བྱ་བ་དང་། སྨྲ་བ་དང་། ཤེས་པར་བྱ་བ་དང་། ཤེས་པ་དང་བྲལ་ བའ།ོ །ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཇི་ལྟར་དོན་ དམ་པའི་བདེན་པའ་ོཞེས་བརྗདོ ་པ་ལྟར་ནི་མ་ཡིན་ན།ོ །ཆསོ ་ཐམས་ཅད་ནི་བརྫུན་ཏེ་ སླུ་བའི་ཆསོ ་ས།ོ །ལྷའི་བུ་དནོ ་དམ་པའི་བདེན་པ་ནི་བསྟན་པར་མི་ནུས་ས།ོ །དེ་ཅིའི་ ཕྱིར་ཞེ་ན། གང་གིས་སྟོན་པ་དང་། ཅི་སྟོན་པ་དང་། གང་ལ་སྟོན་པའི་ཆོས་དེ་དག་ ཐམས་ཅད་ནི་དོན་དམ་པར་རབ་ཏུ་མ་སྐྱེས་པའ།ོ །རབ་ཏུ་མ་སྐྱེས་པའི་ཆོས་རྣམས་ ཀྱིས་ནི་རབ་ཏུ་མ་སྐྱེས་པའི་ཆསོ ་རྣམས་བཤད་པར་མི་ནུས་ས།ོ །ཞེས་རྒྱ་ཆེར་གསུངས་ པ་ལྟ་བུའ།ོ །མད་ོ སྔ་མའི་དནོ ་ནི་དནོ ་དམ་པ་གཟིགས་པའི་ངརོ ་དནོ ་དམ་བདེན་པ་དེ། ཕུང་སགོ ས་ཀུན་རྫབོ ་ པ་མ་མཐངོ ་བའི་ཚུལ་གྱིས་གཟིགས་པ་མིན་པར་ཕུང་སགོ ས་ལུས་ཀྱི་དང་ངག་གི་སྤྱདོ ་ཡུལ་དང།ཡིད་ཀྱི་ཡུལ་ དུ་འགྱུར་བ་ལྟར་ཡུལ་དུ་འགྱུར་ན་ནི།དེ་ཁ་ོན་ཉིད་མངནོ ་སུམ་དུ་གཟིགས་པའི་ངརོ ་སྤྲསོ ་དང་མ་བྲལ་བས།དནོ ་ དམ་བདེན་པར་མི་འགྱུར་གྱི་ཀུན་རྫབོ ་ཀྱི་སྤྲསོ ་པར་འགྱུར་ར་ོཞེས་པ་སྟེ།དེ་ལ་ལྷར་བྱས་ན་མ་གཟིགས་པའི་ཚུལ་ 138

སེམས་བསྐྱེད་པ་དྲུག་པ།
གྱིས་གཟིགས་པའི་ཤེས་བྱེད་དུ་འགྲའོ །ོ །མད་ོ གཉིས་པའི་དནོ ་ནི་དནོ ་དམ་པ་མངནོ ་སུམ་དུ་གཟིགས་པའི་ངརོ ་ནི། དོན་དམ་བདེན་པ་བྱེ་བྲག་མེད་པ་ནི་ཁྱད་པར་མི་འདྲ་བ་མང་པོ་མེད་པའ།ོ གཞན་གསུམ་ནི་གོ་སླའ།ོ །དེ་ནས་ ལྷའི་བུ་དནོ ་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་མཆགོ ་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ གྱི་བར་ལས་འདས་པ་ཡིན་ཏེ།ཇི་ལྟར་དནོ ་དམ་པའི་བདེན་པའ་ོཞེས་བརྗདོ ་པ་ལྟར་ནི་མ་ཡིན་ན།ོ།ཆསོ ་ཐམས་ ཅད་ནི་བརྫུན་ཏེ་སླུ་བའི་ཆོས་སོ། །ཞེས་དྲངས་པའི་དོན་ནི། ཡིན་ཏེའི་བར་གྱིས་དོན་དམ་བདེན་པ་ཐམས་ཅད་ མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པར་བསྟན་པ་དེའི་ཡུལ་ལས་འདས་ཚུལ།ཇི་ལྟར་ནས་མ་ཡིན་ནའོ ་ིབར་ གྱིས་སྟནོ ་ཏེ།ཇི་ལྟར་འདི་དནོ ་དམ་པའི་བདེན་པའ་ོཞེས་བརྗདོ ་པ་ན་སྒྲ་དེའི་རྗེས་འབྲང་གི་རྟགོ ་པ་ལ།ཡུལ་ཡུལ་ ཅན་སོ་སོ་བ་གཉིས་སུ་ཆད་པར་སྣང་བ་ལྟར་ཐམས་ཅད་མཁྱེན་པའི་ཇི་ལྟ་བ་མཁྱེན་པ་དེ་ལ་དེ་ལྟར་སྣང་བའི་ ཚུལ་གྱིས་དེའི་ཡུལ་ལས་འདས་པ་སྟེ།གཉིས་སྣང་གི་ཆསོ ་ཐམས་ཅད་ནི་རྫུན་པ་སླུ་བའི་ཆསོ ་ཡིན་པས།དེ་ཁ་ོན་ ཉིད་ཀྱི་མི་སླུ་བ་འབའ་ཞིག་གཟིགས་པའི་ངརོ ་དེ་མེད་ཅེས་པའ།ོ །དེ་རྣམས་ཐམས་ཅད་དེ་ཁ་ོ ན་ཉིད་མངནོ ་སུམ་ དུ་གཟིགས་པའི་ངརོ ་ཕུང་སགོ ས་ཀུན་རྫབོ ་པ་མི་སྣང་བའི་ཁུངས་ས།ོ །དེའི་ཕྱིར་དེ་ཁ་ོ ན་ཉིད་ལ་མངནོ ་ སུམ་དུ་མཉམ་པར་གཞག་པའི་ཁ༽ དེའི་ཀ༽ ཡུལ་ཅན་ག༽ ངོར་དངོས་པོ་དང་དངོས་པོ་མེད་ པ་དང་། རང་གི་དངོས་པོ་དང་གཞན་གྱི་དངོས་པོ་དང་། བདེན་པ་དང་བདེན་པ་ མ་ཡིན་པ་དང་། རྟག་པ་དང་ཆད་པ་དང་། རྟག་པ་དང་མི་རྟག་པ་དང་། བདེ་བ་ དང་སྡུག་བསྔལ་དང་། གཙང་བ་དང་མི་གཙང་བ་དང་། བདག་དང་བདག་མེད་པ་ དང་། སྟོང་པ་དང་མི་སྟོང་པ་དང་། མཚན་ཉིད་དང་མཚན་གཞི་དང་། གཅིག་ཉིད་ དང་གཞན་ཉིད་དང་། སྐྱེ་བ་དང་འགག་པ་ལ་སོགས་པའི་ཁྱད་པར་གཉིས་ཆོས་ཀྱི་སྤྲོས་ པ་དག་སྲིད་པ་མ་ཡིན་ཏེ། སྤྲོས་པ་དེ[འི་] དག་གི་རང་གི་ངོ་བོ་དེར་མ་དམིགས་པའི་
139

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཕྱིར་ར།ོ །དེའི་ཕྱིར་དེ་ལྟར་ན་དེ་ཁ་ོ ན་ཉིད་བསམ་པ་ལ་དངསོ ་སུ་ན་འཕགས་པ་རྣམས་ ཁ་ོན་ཚད་མ་ཡིན་གྱི་འཕགས་པ་མ་ཡིན་དག་ནི་དངསོ ་སུ་མ་ཡིན་པས།གཞན་སྐྱེ་འཕགས་ པའི་དོན་དམ་གྱི་གཟིགས་ངོར་བཀག་པ་ལ་འཇིག་རྟེན་གྱིས་གནོད་པ་ཡོད་པ་མ་ཡིན་ནོ། །
ཅི་སྟེ་གཞན་སྐྱེ་དནོ་དམ་པར་བཀག་པ་ལ་འཇིག་རྟེན་གྱི་གནདོ་པ་བརྗདོ་པར་འདདོ་ པས། དེ་ཁོ་ན་ཉིད་རྣམ་པར་དཔྱོད་པ འི་སྐབས་སུ་དེ་ཁོ་ན་ཉིད་ལ་འཇིག་རྟེན་གྱི་མཐོང་ བ་ཡང་ཚད་མ་ཉིད་དུ་ཁས་ལེན་ན། དེ་ལྟ་ཡིན་དང་།
གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། ། འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། ། ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། ། བླུན་པོ་ཚད་མར་རིགས་པའང་མ་ཡིན་ནོ། །
འཇིག་རྟེན་གྱི་མཐོང་བ་དེ་ཁོ་ན་ཉིད་ལ་ཚད་མ་ཉིད་དུ་ཁས་བླངས་པ་ཡིན་པ་དང་། འཇིག་ རྟེན་རང་དགའ་བ་དེ་ཉིད་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་ཡིན་པའི་ཕྱིར་དང་། དེ་ཡང་ འཁོར་བ་ཐོག་མེད་པ་ཡིན་པས་མ་རིག་པ་སྤངས་པ་ཡིན་པར་ཁས་བླང་བར་བྱ་དགོས་ན། གང་གི་ཕྱིར་འཇིག་རྟེན་རང་དགའ་བའི་བླུན་པོ་ནི་དེ་ཁོ་ན་ཉིད་ལ་ཚད་མར་རིགས་པ་ཡང་ མ་ཡིན་ན།ོ།གང་ལ་གང་གི་ཡུལ་ཅན་གྱི་མི་ཤེས་པ་ཡདོ་པ་དེ་ནི་དེ་ལ་ཚད་མ་ཉིད་ མ་ཡིན་པར་མཐོང་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ལ་སོགས་པ་བརྟག་པ་ལ་དེ་མི་ ཤེས་པ་རྣམས་ལྟ་བུའ།ོ །མིག་ལ་སོགས་པ་དག་ཁོ་ནས་དེ་ཁོ་ན་ཉིད་ངེས་པའི་ཕྱིར། འཕགས་པའི་ལམ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཚུལ་ཁྲིམས་དང་། ཐོས་པ་དང་། 140

སེམས་བསྐྱེད་པ་དྲུག་པ།
བསམ་པ་དང་། བསྒོམ་པ་ལ་སོགས་པའི་བསྒྲིམ་པ་འབྲས་བུ་དང་བཅས་པ་མ་ཡིན་ པར་ཡང་འགྱུར་བ་ཞིག་ན་དེ་ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར།
རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །
དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། ། ཇི་སྐད་བཤད་པའི་ཚུལ་འདི་ལས་ན་དེ་ཁ་ོན་ཉིད་[ཀྱི་]ལ་དཔྱདོ ་པའི་སྐབས་སུ་དེ་ཁ་ོན་ ཉིད་ལ་ཁ༽ འཇིག་རྟེན་ཀ༽ རྣམ་པ་ཐམས་ཅད་དུ་ག༽ གྱི་མཐོང་བ་ཚད་མ་མ་ཡིན་ཞིང་། དེ་ཁོ་ན་ཉིད་ཀྱི་སྐབས་སུ་འཇིག་རྟེན་གྱིས་གནོད་པ་ཡང་མ་ཡིན་ནོ། །
འ་ོན་ཅི་ལྟར་འཇིག་རྟེན་གྱིས་གནོད་པར་འགྱུར་ཞེ་ན། བཤད་པ། འཇིག་རྟེན་དོན་ནི་འཇིག་རྟེན་གྲགས་ཉིད་ཀྱིས། ། གལ་ཏེ་སེལ་ན་འཇིག་རྟེན་གྱིས་གནོད་འགྱུར། །
དཔེར་ན་ཁ་ཅིག་གིས་ངའི་རྫས་ཕྲོགས་སོ་ཞེས་སྨྲས་པ་དང་། ཅིག་ཤོས་ཀྱིས་དེ་ལ་ བརྒལ་ཞིང་བརྟགས་པ་སྟེ་དྲིས་པ་རྫས་དེ་ཅི་ཞིག་ཡིན།དེས་བུམ་པའ་ོཞེས་སྨྲས་པ་ལ། གཞན་དེས་བུམ་པ་ནི་རྫས་མ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར་རྨི་ལམ་གྱི་བུམ་པ་བཞིན་ ན་ོཞེས་དེ་དེས་སུན་འབྱིན་པར་བྱེད་པ་དེ་ལྟ་བུ་ལ་སགོ ས་པའི་ཡུལ་ལ་འཇིག་རྟེན་ པའི་དནོ ་འཇིག་རྟེན་པའི་གྲགས་པ་ཉིད་ཀྱིས་སེལ་བར་བྱེད་པ་ལ་འཇིག་རྟེན་གྱིས་ གནོད་པར་འགྱུར་གྱི། གང་གི་ཚེ་འཕགས་པའི་དོན་དམ་གྱི་གཟིགས་པ་ལ་གནས་ཏེ། སྐྱེ་བོ་དོན་དམ་ལ་མཁས་པ་ཚད་མར་བྱས་ནས་དེ་ཁོ་ན་ཉིད་གཏན་ལ་འབེབས་པར་བྱེད་པ་དེའི་ ཚེ་ནི་འཇིག་རྟེན་གྱི་གནདོ ་པ་ཡདོ ་པ་མ་ཡིན་ན།ོ །མཁས་པས་ཕྱགོ ས་འདིས་གཞན་
141

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཡང་དཔྱད་པར་བྱའ།ོ །ཞེས་གསུངས་པ་ནི། ང་ནི་བུམ་པའི་བདག་པོ་དང་ལྷས་བྱིན་ནི་འཕྲོག་མཁན་མ་ ཡིན་ཏེ།ཞེས་པ་དང།ངའི་ཞིང་སྟེང་དུ་སྐྱེས་ས་ོབྱས་པ་ན།མྱུ་གུ་ནི་སྐྱེ་བ་མེད་དེ་གཞལ་བྱ་ཡིན་པའི་ཕྱིར་ཞེས་ པ་དང། རྨི་ལམ་གྱི་གང་ཟག་དང་མྱུ་གུ་བཞིན་ཞེས་སྨྲ་བ་ད་ལྟ་དབུ་མའི་རིགས་པ་ཆེན་པོར་འདོད་པ་རྣམས་ ལ་འཇིག་རྟེན་གྱིས་གནོད་པར་བསྟན་ནོ། །
དེ་ལྟར་འཇིག་རྟེན་གྱི་གྲགས་པ[ས་] འི་ངོར་གཞན་ལས་སྐྱེ་བ་ཁས་བླངས་ ནས་ཀྱང་འཇིག་རྟེན་གྱི་གནདོ ་པ་ཡངོ ས་སུ་སྤངས་ཏེ།ད་ནི་འཇིག་རྟེན་གྱི་མཐངོ ་བ་ལ་ ཡང་གཞན་ལས་སྐྱེ་བ་ཡོད་པ་མ་ཡིན་པས་དེའི་ལྟ་བ་ལ་གནས་ནས་ཀྱང་གཞན་ ལས་སྐྱེ་བ་དགག་པར་འདོད་པ་ལ་འཇིག་རྟེན་གྱི་གནོད་པ་མ་ཡིན་ནོ་ཞེས་བསྟན་ པའི་ཕྱིར་བཤད་པ།
གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། ། བདག་གིས་བུ་འདི་བསྐྱེད་ཅེས་སྨྲ་བྱེད་ཅིང་། ། ཤིང་ཡང་བཙུགས་སོ་སྙམ་དུ་རྟོག་དེས་ན། ། གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །
འཇིག་རྟེན་པ་རྣམས་ཕའོ ་ིདབང་པསོ ་མངནོ ་པར་གསལ་བར་བྱས་པ་སྟེ་ཕའོ ་ིདབང་པ་ོཅན་འགའ་ ཞིག་ཉེ་བར་སྟནོ ་པ་ན་བུ་འདི་བདག་གིས་བསྐྱེད་ད་ོཞེས་སྨྲ་བར་བྱེད་[ད།ོ]ལ།དེ་ལྟར་ བྱེད་ཀྱང་ཕ་འདི ས་ཕོའ་ིརྣམ་པ་དེ་ལྟ་བུ་ཞིག་རང་གི་ལུས་ལས་བཏོན་ནས་བུ་དེའི་མའི་ ཁོང་དུ་འཛུད་པ་ནི་མ་ཡིན་[ཏེ།]ནོ།།འ་ོན་ཅི་ཞེ་ན།བུ་དེའི་ལུས་ཀྱི་ས་བོན་དུ་གྱུར་པ འི་མི་གཙང་བ་ཙམ་ཞིག་[ག]ོ མ་དེའི་མངལ་དུ་ལྡུགས་པའ།ོ །གང་གི་ཕྱིར་ཕ་འདི་བུ་དེའི་ལུས་ 142

སེམས་བསྐྱེད་པ་དྲུག་པ།
ཀྱི་རྒྱུ་བླུགས་ནས་རང་གི་བུ་བཏོན་པར་བྱེད་པ་དེའི་ཕྱིར། ས་བོན་དང་བུ་གཉིས་རང་ གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་ཉིད་དུ་འཛིན་པ་མ་ཡིན་ནོ་ཞེས་བྱ་བར་འཇིག་རྟེན་དུ་ གསལ་བར་ངེས་པ་ཡིན་ན།ོ།དེའི་ཕྱིར་ས་བནོ ་གྱི་མི་གཙང་བ་དང་བུ་གཉིས་དང།ནས་ཀྱི་ས་བནོ ་དང་ མྱུ་གུ་གཉིས་ལ་སོགས་པ་ལ་གཞན་ལས་སྐྱེ་བར་འཛིན་པ་འཇིག་རྟེན་ལས་ཀྱང་མེད་དོ། །གལ་ཏེ་རང་གི་ངོ་བོ་ ཉིད་ཀྱིས་གྲུབ་པའི་གཞན་ཉིད་དུ་འཛིན་པ་ཡིན་ན་ནི། གང་ཟག་གཞན་ལྟར་བུ་དེ་ཡང་བསྟན་ ནས་འདི་ངས་བསྐྱེད་དོ་ཞེས་ཉེ་བར་སྟོན་པར་བྱེད་པར་མི་འགྱུར་རོ། །དེ་བཞིན་དུ་ལྗོན་ཤིང་ གི་ས་བོན་[དང་] ཙམ་བཏབ་ནས་དེ་ལས་ལྗོན་ཤིང་སྐྱེས་པ་ན། ལྗོན་ཤིང་འདི་ངས་བཙུགས་སོ་སྙམ་དུ་ རྟོག་པ་དེས་ན། འཇིག་རྟེན་གྱི་ངོར་གཞན་ལས་སྐྱེ་བ་མེད་པ་སོགས་སྔ་མ་བཞིན་དུ་དེ་དག་དག་ལ་ཡང་ སྦྱར་བར་བྱའ།ོ །
དེའི་ཕྱིར་དེ་ལྟར་དངསོ ་པ་ོརང་བཞིན་གྱིས་གྲུབ་པ་མེད་པར་ཇི་སྐད་བཤད་པའི་ཚུལ་ལ། བརྟེན་ཅིང་འབྲེལ་བར་འབྱུང་བ་རྟག་པ་དང་ཆད་པ་མེད་པར་གྲུབ་པའི་སྒ་ོ ནས་རྟག་ ཆད་ཀྱི་མཐར་མི་ལྟུང་བའི་ཡོན་ཏན་བསྟན་པའི་ཕྱིར་བཤད་པ།
གང་ཕྱིར་མྱུ་གུ་ས་བོན་ལས་གཞན་མིན། ། དེ་ཕྱིར་མྱུག་ཚེ་ས་བོན་ཞིག་པ་མེད། ། གང་ཕྱིར་གཅིག་ཉིད་ཡོད་མིན་དེ་ཕྱིར་ཡང་། ། མྱུག་ཚེ་ས་བོན་ཡོད་ཅེས་བརྗོད་མི་བྱ། །
གལ་ཏེ་མྱུ་གུ་ས་བོན་ལས་རང་བཞིན་གྱིས་གྲུབ་པའི་གཞན་ཉིད་ཡིན་ན་ནི། ས་མྱུག་གཉིས་རྒྱུ་ འབྲས་སུ་མི་རུང་བའི་ཕྱིར། ཐེ་ཚོམ་མེད་པར་མྱུ་གུ་ཡོད་བཞིན་དུ་ཡང་ས་བོན་རྒྱུན་ཆད་ 143

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
པར་འགྱུར་ཏེ། གང་གི་ཕྱིར་ས་མྱུག་འབྲེལ་མེད་དུ་སོང་བས། མྱུ་གུ་ཡོད་ཀྱང་ས་བོན་གྱི་རིགས་བརྒྱུད་ མ་ཆད་པ་ལ་མི་ཕན་ཏེ། དཔེར་ན། བ་མེན་ཡོད་པས་བ་ལང་ཤི་བར་གྱུར་ཀྱང་རིགས་རྒྱུན་མ་ ཆད་པ་ལ་ཕན་པ་ནི་མ་ཡིན་ལ། ས་ོ སའོ ་ིསྐྱེ་བ་ོ ཡདོ ་པས་འཕགས་པ་རྣམས་མྱ་ངན་ལས་ འདས་པ་ཡང་མིན་པ་ལ་ཕན་པ་མ་ཡིན་པ་བཞིན་ན།ོ །དེ་ལྟར་མྱུ་གུ་ས་བནོ ་ལས་རང་བཞིན་གྱིས་གྲུབ་ པའི་གཞན་ཉིད་མེད་པའི་ཕྱགོ ས་ལ།དེ་གཉིས་རྒྱུ་འབྲས་སུ་མི་འགལ་བ་དེའི་ཕྱིར་མྱུ་གུའི་རང་གི་ བདག་ཉིད་[ལྟར་]ཡདོ ་པའི་ཚེ་ས་བནོ ་དེའི་རིགས་བརྒྱུད་ཆད་པར་འགྱུར་བ་མ་ཡིན་[ཏེ།]པས། དེ་ལྟར་ན་ཆད་པ་སྤངས་པ་ཡིན་ན།ོ །གང་གི་ཕྱིར་ས་མྱུག་གཉིས་གཅིག་ཉིད་དུ་མེད་པས་ས་ བནོ ་གང་ཡིན་པ་དེ་ཉིད་མྱུ་གུར་འཕསོ ་པ་མ་ཡིན་པས།མྱུ་གུའི་དུས་ན་ས་བནོ ་མི་འཇིག་ པ་བཀག་པའི་ཕྱིར། མྱུ་གུའི་ཚེ་ས་བོན་ཡོད་ཅེས་བརྗོད་པར་མི་བྱ་བས་རྟག་པ་ཡང་བཀག་པར་ འགྱུར་ར།ོ །ཇི་སྐད་དུ་མད་ོ རྒྱ་ཆེར་རལོ ་པ་ལས། ས་བནོ ་ཡདོ ་ན་མྱུ་གུ་ཇི་བཞིན་ཏེ། །ས་བནོ ་ གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་ མིན་ཆད་མིན་ཆསོ ་ཉིད་ད།ོ །ཞེས་གསུངས་པ་ལྟ་བུའ།ོ །དེ་དག་གི་དནོ ་ནི་ས་བནོ ་ཡདོ ་ན་ ཞེས་བྱ་བ་ནི་ས་བནོ ་ཡདོ ་པར་གྱུར་པ་ན་ཞེས་བྱ་བའི་དནོ ་ཏ།ོ །ས་བནོ ་གྱི་རྒྱུ་ཅན་མྱུ་ གུ་ཡང་ཇི་ལྟ་བ་བཞིན་དུ་འབྱུང་ངོ། །དེ་འབྱུང་བ་ནི་ས་བོན་ལས་གཞན་ཉིད་དུ་སྟེ་ནས་འབྱུང་ བ་མི་རུང་[ངོ་] བས། ས་མྱུག་གཉིས་གཅིག་གོ་ཞེ་ན། གསུངས་པ། ས་བོན་གང་ཡིན་མྱུ་གུ་ དེ་ཉིད་མིན། །ཡང་༼ཁ དེའི་རྒྱུ་མཚན་ཅིའི་ཕྱིར་༼ཀ མྱུ་གུ་ས་བོན་ལས་གཞན་ནས་འབྱུང་བ་མིན་ ཀྱང་ས་བནོ ་དེ་ཉིད་དུ་མྱུ་གུ་དེར་མི་འགྱུར་བ་སྟེ་འཕསོ ་པ་མིན་ན་ོ༼ག ཞེ་ན།དེའི་ཕྱིར།དེ་ ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །ཞེས་བྱ་བ་གསུངས་སོ། །གང་གི་ཕྱིར་མྱུ་གུ་དེ་ས་ 144

སེམས་བསྐྱེད་པ་དྲུག་པ།
བོན་ལས་རང་བཞིན་གྱིས་གྲུབ་པའི་དེ་ཉིད་དང་གཞན་ཉིད་ཀྱི་གཉི་གའི་ཕྱོགས་མི་སྲིད་པ་ དེའི་ཕྱིར། མྱུ་གུ་དེ་ས་བོན་དེ་ལས་གཞན་དང་གཞན་མ་ཡིན་པ་ཉིད་མི་རིགས་སོ། །དེ་ ལྟར་ཕྱགོ ས་གཉིས་ཆར་ཡང་བཀག་པ་ན་མྱུ་གུའི་རང་བཞིན་དེ་རྟག་པ་དང་ཆད་པ་མེད་ པ་སྟེ་བྲལ་བ འི་ཆསོ ་ཉིད་དུ་ཡངོ ས་སུ་གསལ་བར་བྱས་པར་འགྱུར་ར།ོ །འདིར་དནོ ་གྱི་ དེ་ཁོ་ན་ཉིད་ནི་ས་བོན་དང་མྱུ་གུ་གཉིས་ལ་རང་བཞིན་འགའ་ཞིག་ཡོད་པར་གྱུར་ ན་ནི། དེ་གཉིས་གཅིག་པའམ་གཞན་པ་ཉིད་དུ་འགྱུར་བ་ཞིག་ན་གང་གི་ཚེ་དེ་དག་ ལ་རང་བཞིན་ཉིད་ཡདོ ་པ་མ་ཡིན་པ་དེའི་ཚེ་རྨི་ལམ་དུ་དམིགས་པའི་ས་བནོ ་དང་ མྱུ་གུ་དག་ལྟར་གཅིག་པ་ཉིད་དམ་གཞན་ཉིད་དུ་ག་ལ་འགྱུར་ཞེས་བྱ་བ་འདི་ཡིན་ པར་རིག་པར་བྱའ།ོ །
དོན་འདི་ཉིད་མདོ་དེ་ཉིད་ལས། འདུ་བྱེད་རྣམས་ནི་མ་རིག་རྐྱེན་ཅན་ཏེ། །འདུ་ བྱེད་དེ་དག་དེ་ཉིད་དུ་ཡོད་མིན། །འདུ་བྱེད་མ་རིག་པ་གཉིས་སྟོང་པ་སྟེ། །རང་ བཞིན་གྱིས་ནི་གཡོ་བ་དང་བྲལ་བའ།ོ །ཞེས་བྱ་བས་བཤད་པ་ནི་རྐང་པ་དང་པོས་ནི་འདུ་ བྱེད་མ་རིག་པ་ལ་བརྟེན་ནས་འབྱུང་བའི་གཏན་ཚིགས་དང། གཉིས་པས་ནི་འདུ་བྱེད་དེ་ཁོ་ན་ཉིད་དུ་ཡོད་པ་ མིན་ཞེས་པའི་བསྒྲུབ་བྱ་དང། གསུམ་པས་ནི་རྒྱུ་འབྲས་གཉིས་ཀ་སྟོང་པར་བསྟན་ལ། བཞི་པས་ནི་སྟོང་ཚུལ་ སྟོན་ཏེ། གཡོ་བ་ནི་མངོན་པར་འདུ་བྱེད་པ་ཡིན་ལ། དེ་དང་བྲལ་བ་ནི་འདུ་བྱེད་ཀྱིས་སྟོང་པའ།ོ །དེ་ཡང་རང་ བཞིན་གྱིས་གྲུབ་པ་དང་བྲལ་ལོ་ཞེས་དགག་བྱའི་ཁྱད་པར་བསྟན་ཏེ། དེ་ཁོ་ན་ཉིད་དུ་མེད་པ་དང་དོན་འདྲའ།ོ ། མདོ་དེའི་དོན་བསྟན་བཅོས་རྩ་ཤེ་ལས་ཀྱང་། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་པ། །དེ་ཕྱིར་རྟག་མིན་ཆད་པའང་
145

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
མིན། །ཞེས་གསུངས་སོ། །
ཇི་ལྟར་རང་བཞིན་གྱིས་ཆསོ ་འགའ་ཡང་སྐྱེ་བ་མེད་ད་ོཞེས་བྱ་བ་འདི་ནི་གདནོ ་
མི་ཟ་བར་ཁས་བླང་བར་བྱ་དགོས་སོ། །དེ་ལྟར་མ་ཡིན་ཏེ། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །
དེ་ལ་སྐུར་པས་དངོས་པོ་འཇིག་པའི་ཕྱིར། ། སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། ། དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །
གལ་ཏེ་གཟུགས་དང་ཚོར་བ་ལ་སགོ ས་པའི་དངསོ ་པ་ོརྣམས་ཀྱང་རང་གི་མཚན་ཉིད་ དེ་རང་གི་ང་ོབ་ོ[དང་]ཉིད་ཀྱིས་གྲུབ་པའི་རང་བཞིན།རྒྱུ་དང་རྐྱེན་དག་གིས་བསྐྱེད་པར་ འགྱུར་ན་ནི། དེ་གང་གི་ཚེ་ན་རྣལ་འབྱོར་པ་འདིས་དངོས་པོ་རྣམས་རང་བཞིན་གྱིས་ སྟོང་པར་མངོན་སུམ་དུ་མཐོང་ཞིང་ཆོས་ཐམས་ཅད་རང་བཞིན་མེད་པར་མངོན་སུམ་ དུ་རྟོགས་པ་དེའི་ཚེ། ངེས་པར་ཇི་ལྟར་སྐྱེས་པའི་དངོས་པོའ་ིརང་བཞིན་དེ་ལ་སྐུར་པ་ བཏབ་པ འི་ཚུལ་གྱི ས་སྟོང་པ་ཉིད་རྟོགས་པར་འགྱུར་ཏེ། མཉམ་གཞག་གིས་གཟུགས་སོགས་ རྣམས་མ་དམིགས་པ་དགོས་ལ། དེ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་ན་མཉམ་གཞག་གིས་དམིགས་དགོས་ པ་ལས་མ་དམིགས་པའི་ཕྱིར། དེའི་ཚེ་དངོས་པོ་རྣམས་མེད་པར་འགྱུར་རོ། །དེ་མེད་ན་ནི་དངོས་པོ་དེ་རྣམས་ མཉམ་གཞག་གི་སྔར་ཡདོ ་པ་ཕྱིས་མེད་པའི་ཞིག་པར་འགྱུར་ར།ོ །དེའི་ཕྱིར་དེ་ལྟར་འཇིག་པ་ལ་མཉམ་གཞག་ ཉིད་རྒྱུར་འགྲོ་དགོས་པས་ཇི་ལྟར་ཐོ་བ་ལ་སོགས་པ་དག་བུམ་པ་ལ་སོགས་པ་རྣམས་ཀྱི་ འཇིག་པའི་རྒྱུ་ཡིན་པ་དེ་བཞིན་དུ། སྟོང་པ་ཉིད་མཐོང་བ་ཡང་[ཀྱང་]དངོས་པོའ་ིརང་ 146

སེམས་བསྐྱེད་པ་དྲུག་པ།
བཞིན་འཇིག་པ་དང་དེ་ལ་སྐུར་པའི་རྒྱུར་འགྱུར་བ་ཞིག་ན་དེ་ནི་རུང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་དངསོ ་པ་ོརྣམས་ཀྱི་རང་གི་མཚན་ཉིད་ཀྱིས་གྲུབ་པ་ནི་ཡདོ ་པ་མིན་པས།དུས་ཐམས་ ཅད་ཀྱི་ཚེ་རང་བཞིན་གྱིས་སྐྱེ་བར་ཁས་བླང་བར་མི་བྱའ།ོ །ཇི་སྐད་དུ། འཕགས་པ་དཀནོ ་ མཆོག་བརྩེགས་པའི་མདོ་ལས།འདོ་སྲུངས་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ ལ་ཡང་དག་པར་ས་ོ སརོ ་རྟགོ ་པ་ནི། གང་སྟངོ ་པ་ཉིད་ཀྱིས་ཆསོ ་རྣམས་སྟངོ ་པར་མི་ བྱེད་དེ། ཆོས་རྣམས་ཉིད་སྟོང་པ་དང་། གང་མཚན་མ་མེད་པས་ཆོས་རྣམས་མཚན་ མ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་མཚན་མ་མེད་པ་དང་། གང་སྨོན་པ་མེད་ པས་ཆསོ ་རྣམས་སྨནོ ་པ་མེད་པར་མི་བྱེད་དེ།ཆསོ ་རྣམས་ཉིད་སྨནོ ་པ་མེད་པ་དང་། གང་མངོན་པར་འདུ་བྱ་བ་མེད་པས་ཆོས་རྣམས་མངོན་པར་འདུ་བྱེད་པ་མེད་པར་ མི་བྱེད་དེ།ཆསོ ་རྣམས་ཉིད་མངནོ ་པར་འདུ་བྱེད་པ་མེད་པ་དང་།གང་མ་སྐྱེས་པས་ ཆསོ ་རྣམས་སྐྱེས་པ་ཉིད་དུ་མི་བྱེད་དེ།ཆསོ ་རྣམས་ཉིད་མ་སྐྱེས་པ་དང་།གང་མ་བྱུང་ བས་ཆོས་རྣམས་མ་བྱུང་བར་མི་བྱེད་དེ། ཆོས་རྣམས་ཉིད་མ་བྱུང་བ་དང་། ཞེས་རྒྱ་ ཆེར་གསུངས་པ་ལྟ་བུའ།ོ །གང་ཞིག་གཞན་གྱི་དབང་གི་ང་ོ བ་ོ ཁས་བླངས་ནས་དེ་ལ་ བརྟེན་པའི་སྟངོ ་པ་ཉིད་གཟུང་བ་དང་འཛིན་པ་མེད་པའི་མཚན་ཉིད་མི་རྟག་པ་ཉིད་ ལ་སགོ ས་པ་ལྟར་དེ་ཉིད་དང་གཞན་ཉིད་དུ་བརྗདོ ་པར་བྱ་བ་མ་ཡིན་པར་སེམས་པ་ དེའི་ལྟར་ན། སྟོང་པ་ཉིད་ཁོ་ནས་ཆོས་ཐམས་ཅད་སྟོང་པ་ཡིན་གྱི། རང་བཞིན་ཉིད་ ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །བཞི་བརྒྱ་པ་ལས། སྟོང་མིན་སྟོང་ལྡན་ མཐོང་མིན་ཏེ། །མྱང་འདས་བདག་གིར་གྱུར་ཅིག་ཅེས། །ལོག་ལྟས་མྱ་ངན་མི་འདའ་
147

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་བཤད་ལ། བསྟན་བཅོས་ ལས་ཀྱང་།སྟངོ ་ཉིད་ལྟ་བ་ཐམས་ཅད་ནི།།ངེས་པར་འབྱིན་པར་རྒྱལ་བས་གསུངས།། གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་གསུངས་སོ། །
འདིར་སྨྲས་པ། དོན་དམ་པར་སྐྱེ་བ་མེད་པས་བདག་དང་གཞན་ལས་སྐྱེ་བ་ དགག་ལ་རག་མོད། གཟུགས་དང་ཚོར་བ་ལ་སོགས་པ་གང་དག་མངོན་སུམ་དང་ རྗེས་སུ་དཔག་པ འི་ཚད་མ་དག་གིས་དམིགས་པ་དེ་དག་གི་རང་བཞིན་ནི་གདོན་ མི་ཟ་བར་གཞན་ལས་སྐྱེ་བར་འགྱུར་རོ། །ཅི་སྟེ་དེ་ལྟར་རང་བཞིན་གྱིས་སྐྱེ་བའི་གཞན་སྐྱེ་ ཀུན་རྫོབ་ཏུ་མི་འདོད་ན་ནི་བདེན་པ་གཉིས་ཅི་སྟེ་བརྗོད་དེ། རང་གིས་མཚན་ཉིད་ཀྱིས་སྐྱེ་ བ་ཀུན་རྫོབ་ཏུ་མེད་ན་ཡང་དག་ཀུན་རྫོབ་མེད་པར་འགྱུར་ལ། དེའི་ཚེ་ཀུན་རྫོབ་བདེན་པ་མི་སྲིད་པས་དོན་ དམ་བདེན་པ་གཅིག་ཁོ་ནར་འགྱུར་རོ། །དེ་ཕྱིར་གཞན་ལས་སྐྱེ་བ་མེད་པ་ཉིད་དོ། ། འདི་ལ་བཤད་པར་བྱ་སྟེ། རང་གིས་ཁས་ལེན་པའི་བདེན་པའི་དོན་ནི་མི་བསླུ་བ་ཡིན་པས། མི་བསླུ་ བའི་བདེན་པ་ཁོ་ནར་འགྱུར་བས། འདི་བདེན་མོད་ཀྱི་དོན་དམ་པ་སྟེ་དེ་ཁོ་ན་གཟིགས་པའི་ངོ ར་ ན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཡོད་པ་མ་ཡིན་ཏེ། དེའི་ངོར་ནི་དོན་དམ་བདེན་ པ་ཉག་གཅིག་ཏུ་གསུངས་པའི་ཕྱིར། གལ་ཏེ་སྔར་གྱི་ལུང་གིས་མྱང་འདས་གཅིག་པུ་བདེན་གྱི་འདུ་བྱེད་གཞན་ རྫུན་པར་གསུངས་པས་འདུས་བྱས་རྣམས་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཀྱང།མྱང་འདས་དནོ ་དམ་པའི་བདེན་ པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མ་ཡིན་ནམ་སྙམ་ན། དེའི་བདེན་པ་ནི་མདོ་ཉིད་ལས། དགེ་སློང་དག་ བདེན་པ་དམ་པ་འདི་ནི་གཅིག་སྟེ། འདི་ལྟ་སྟེ། མི་སླུ་བའི་ཆོས་ཅན་མྱ་ངན་ལས་ འདས་པའ།ོ །འདུ་བྱེད་ཐམས་ཅད་ནི་རྫུན་པ་སླུ་བའི་ཆོས་ཅན་ནོ་ཞེས་འབྱུང་བའི་ 148

སེམས་བསྐྱེད་པ་དྲུག་པ།
ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་ པ་ལ་འཇུག་པར་བྱ་བའི་ཐབས་ཡིན་པའི་ཕྱིར། བདག་དང་གཞན་དག་ལས་སྐྱེ་བ་ མ་དཔྱད་པར་འཇིག་རྟེན་པའི་ལུགས་ཀྱིས་ཐ་སྙད་བྱེད་པ་བཞིན་དུ། དབུ་མ་པས་ཀྱང་ཁས་ ལེན་པར་བྱེད་པ་ཡིན་ནོ། །འདི་ལྟ་སྟེ།
གང་ཕྱིར་དངོས་པོའ་ིའདི་དག་རྣམ་དཔྱད་ན། ། དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་དུ། ། གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། ། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །
འདི་ལྟར་གཟུགས་དང་ཚོར་བ་ལ་སོགས་པ འི་དངོས་པོ་འདི་དག་ནི་ཅི་བདག་ལས་ སྐྱེ་བ་ཞིག་གམ། ཅི་གཞན་ལས་སྐྱེ་བ་ཞིག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྣམ་ པར་དཔྱད་པ་ན། དེ་ཁོ་ན་ཉིད་ཀྱི་༼ཁ དོན་དམ་པར་མ་སྐྱེས་པ་དང་མ་འགགས་པའི་ ཕྱིར་༼ཀ རང་བཞིན་ཅན་ལས་༼ག ཚུ་རལོ ་ཏེ་གཞན་དུ་གྱུར་པའི་ཆ་སྐྱེ་བ་ལ་སགོ ས་ པ་ཅན་ལ་གནས་པ་མ་ཡིན་ཏེ། དེའི་ཕྱིར་བདག་དང་གཞན་ལས་ཞེས་བྱ་བ་དེ་ལྟ་ བུ་ལ་སོགས་པའི་རྣམ་པར་དཔྱོད་པ་འཇུག་པ་མེད་པར་བྱས་ཏེ། འཇིག་རྟེན་པས་ ཡོངས་སུ་མཐོང་བ་འདི་ཡོད་ན་འདི་འབྱུང་ངོ་ཞེས་བྱ་བ་འདི་ཙམ་ཞིག་གཞན་ལ་ རག་ལས་པའི་འཇུག་པའི་སྒོ་ནས་ཁས་བླང་བར་བྱ་སྟེ། འཕགས་པ་ལྷས། ཇི་ལྟར་ ཀླ་ཀློ་སྐད་གཞན་གྱིས། །གཟུང་བར་མི་ནུས་དེ་བཞིན་དུ། །འཇིག་རྟེན་པ་ཡིས་མ་ རྟགོ ས་པར།།འཇིག་རྟེན་གཟུང་བར་ནུས་མ་ཡིན།།ཞེས་ཇི་སྐད་དུ་བཤད་པ་ལྟ་བུའ།ོ།
149

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
བསྟན་བཅོས་རྩ་ཤེ་ལས་ཀྱང་། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་ མི་འགྱུར། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་ གསུངས་ས།ོ །དེ་ཁ་ོ ན་ཉིད་ལ་དཔྱདོ ་པའི་རིགས་པས་ཀུན་རྫབོ ་པ་རྣམས་ལ་རྣམ་པར་དཔྱད་པ་བྱས་ ན་ནི། འཇིག་རྟེན་པའི་ཐ་སྙད་ཐམས་ཅད་ཉམས་པར་འགྱུར་ཏེ། ཇི་སྐད་དུ་མདོ་ལས། དཔེར་ན་ཤིང་དང་རྒྱུད་ལ་བརྟེན་བྱས་ལ། །ལག་པ་རྩོལ་བ་བྱས་པ་གསུམ་ཚོགས་ ན།།སྒྲགོ ་བྱེད་པི་ཝང་གླིང་བུ་ལ་སགོ ས་ལས།།དེ་དག་ལས་སྐྱེས་སྒྲ་ཡང་འབྱུང་བར་ འགྱུར།།དེ་ནས་མཁས་པ་ལ་ལས་བརྟག་བྱས་ཏེ།།དེ་ནི་གང་ནས་འངོ ས་ལ་གར་སངོ ་ ཞེས། །ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་བརྟག་བྱས་ན། །སྒྲ་ཡི་འངོ ་བའམ་འགྲོ་བ་ རྙེད་མི་འགྱུར། །དེ་ལྟར་རྒྱུ་དག་དང་ནི་རྐྱེན་དག་ལས། །འདུ་བྱེད་གྱུར་པ་ཐམས་ཅད་ འབྱུང་བ་སྟེ། །ཡང་དག་མཐོང་བ་རྣལ་འབྱོར་པ་ཡིས་ནི། །འདུ་བྱེད་སྟོང་པ་གཡོ་བ་ མེད་པར་མཐངོ ་།།ཕུང་པ་ོདག་དང་སྐྱེ་མཆེད་ཁམས་རྣམས་ནི།།ནང་ཡང་སྟངོ ་ལ་ཕྱི་ རོལ་སྟོང་པ་སྟེ། །སེམས་ཅན་བདག་གིས་སྟོང་ཞིང་གནས་མེད་ལ། །ཆོས་ཀྱི་མཚན་ ཉིད་ནམ་མཁའི་ངོ་བོ་ཉིད། །ཅེས་རྒྱ་ཆེར་གསུངས་པ་ལྟ་བུའ།ོ །
ཅི་སྟེ་ཡང་དེ་ལྟར་དངོས་པོ་ལ་མངོན་པར་ཞེན་པའི་བདོག་པ་ཐམས་ཅད་ ཀུན་ནས་གཅོད་པ་ན་བྲེད་ཤ་ཐོན་པ་ཐ་སྙད་ཀྱི་བདེན་པ་ལ་མངོན་པར་ཞེན་པ་ འདི་གང་ཞིག་ཀུན་ནས་ཉནོ ་མངོ ས་པ་དང་རྣམ་པར་བྱང་བའི་རྒྱུར་གྱུར་པ་རྫས་[ཀྱི་] ཏེ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་བདག་ཉིད་འགའ་ཞིག་སྐྱེ་བར་འགྱུར་བར་བྱ་དགོས་ སོ་ཞེས་སྨྲ་ན། དེ་ལྟ་ན་ཡང་དེ་སྐད་དུ་སྨྲ་བ་ལ་ནི་ཚིག་ཙམ་ཞིག་ལྷག་མ་ལུས་པར་ 150

སེམས་བསྐྱེད་པ་དྲུག་པ།
འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །
བདག་དང་གཞན་ལས་སྐྱེ་བ་རིགས་མིན་པའི། ། རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། ། ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །
ཇི་ལྟར་དེ་ཁོ་ན་ཉིད་དོན་དམ་པ་ལ་དཔྱོད་པའི་སྐབས་སུ། ཇི་སྐད་བཤད་པའི་རིགས་ པས་གཟུགས་སོགས་བདག་དང་གཞན་ལས་སྐྱེ་བ་མི་རུང་བ་དེ་བཞིན་དུ། ཐ་སྙད་དུ་ ཡང་རིགས་པ་དེ་ཉིད་ཀྱིས་སྐྱེ་བར་མི་རིགས་པས་ཁྱོད་ཀྱིས་དངོས་པོ་རྣམས་[ཀྱི་] སྟེ་ རང་བཞིན་གྱིས་སྐྱེ་བ་ཚད་མ་གང་གིས་འགྲུབ་པར་འགྱུར་ཏེ་མི་འགྱུར་རོ། །དེའི་ཕྱིར་རང་གི་ མཚན་ཉིད་ཀྱི་སྐྱེ་བ་ནི་བདེན་པ་གཉིས་ཆར་དུ་ཡང་ཡདོ ་པ་མ་ཡིན་ན་ོཞེས་མི་འདདོ ་ བཞིན་དུ་ཡང་གདོན་མི་ཟ་བར་ཁས་བླང་བར་བྱའ།ོ །གང་དག་༼ཁ བདག་ལས་མ་ ཡིན་གཞན་ལས་མིན། །ཞེས་བྱ་བ་ལ་སགོ ས་པས་སྐྱེ་བ་སགོ ས་བཀག་པ་ནི། ༼ཀ སླབོ ་དཔནོ ་ཀླུ་ སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་༼ག གཟུང་འཛིན་རྫས་ཐ་དད་པའི་ཀུན་བརྟགས་པའི་ང་ོབ་ོཉིད་ཀྱི་ སྐྱེ་བ་སགོ ས་ཁ་ོན་བཀག་པ་ཡིན་གྱི།གཞན་གྱི་དབང་གི་ང་ོབ་ོབདེན་པ་བཀག་པ་ནི་མ་ཡིན་ ན་ོསྙམ་དུ་སེམས་པ་དེ་དག་གི་འདདོ ་པ་འདི་ཡང་གཏན་ཚིགས་མེད་པར་མི་འགྲུབ་ པས།སླབོ ་དཔནོ ་ཆསོ ་སྐྱངོ ་སགོ ས་དེ་སྐད་དུ་སྨྲ་བ་དེ་དག་ནི་བརྒལ་ཞིང་བརྟག་པར་བྱ་བ་ ཁོ་ན་ཡིན་[ནོ་] ཏེ། ཆོས་ཐམས་ཅད་དོན་དམ་པར་མ་གྲུབ་པ་དང། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ བཤད་པ་རྣམས་སྒྲ་ཇི་ལྟ་བ་བཞིན་དུ་རིགས་པས་འགྲུབ་པས། སྒྲ་ཇི་བཞིན་པ་ལ་གནོད་པ་མེད་པའི་ཕྱིར་རོ། །
151

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
འ་ོན་ནི་གལ་ཏེ་༼ཁ བདེན་པ་གཉིས་ཆར་དུ་ཡང་༼ཀ རང་གི་མཚན་ཉིད་ ཀྱི ས་གྲུབ་པའི་སྐྱེ་བ་༼ག ཡདོ ་པ་མ་ཡིན་པ་དེའི་ཕྱིར། ཅི་ལྟར་ན་གཟུགས་ལ་སགོ ས་པ་རྣམས་ མེད་པར་འགྱུར་ལ། དེ་ལྟ་ན་གཟུགས་ལ་སོགས་པ་དེ་དག་གི་རང་གི་ངོ་བོ་མིག་ལ་སོགས་པའི་ཤེས་པ་ ལ་འཇིག་རྟེན་དུ་དམིགས་པར་མི་འགྱུར་ཏེ། དེ་ལྟ་མ་ན་ཡིན་རི་བོང་གི་རྭ་ལ་སོགས་པ་ཡང་མིག་ལ་ སགོ ས་པའི་ཤེས་པ་ལ་སྣང་བར་་འགྱུར་ཏེ། རྒྱུ་མཚན་ཀུན་ནས་མཚུངས་པའི་ཕྱིར་ཞེ་ན། དེའི་ལན་བཤད་པ།
དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། ། ཚོགས་ལ་ལྟོས་རྣམས་མ་གྲགས་པ་ཡང་མིན། ། ཇི་ལྟར་དེར་ནི་གཟུགས་བརྙན་སོགས་སྟོང་ལས། ། ཤེས་པ་དེ་ཡི་རྣམ་པར་སྐྱེ་འགྱུར་ལྟར། ། དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང་། ། སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །
དངསོ ་པ་ོཐམས་ཅད་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟངོ ་ནའང།དེས་སྟངོ ་པའི་རྒྱུ་དང་འབྲས་ བུ་ཐ་དད་པ་མེད་པར་གནས་པ་ཡིན་ལ། རྫུན་པ་༼ཁ གཟུགས་བརྙན་ ༼ཀ རང་ བཞིན་མེད་པའི་༼ག རྒྱུ་དང་འབྲས་བུའི་རྣམ་པར་གཞག་པ་ཡང་ཇི་ལྟར་གྲགས་པ་ཤེས་ བཞིན་དུ་མཁས་པ་སུ་ཞིག་གཟུགས་དང་ཚོར་བ་ལ་སགོ ས་པ་རྒྱུ་དང་འབྲས་བུ་ལས་ ཐ་དད་པ་མེད་པར་གནས་པ་རྣམས་ཡདོ་པ་ཙམ་ཞིག་ཏུ་དམིགས་པས་རང་བཞིན་ དང་བཅས་པར་ངེས་པར་བྱེད། དེའི་ཕྱིར་ཡོད་པར་དམིགས་ཀྱང་རང་བཞིན་གྱིས་ སྐྱེ་བ་མེད་དོ། །གཟུགས་བརྙན་གྱིས་དཔེས་གཏན་ལ་འབེབས་པ་ནི། ཇི་སྐད་དུ་ཡབ་སྲས་མཇལ་བའི་ 152

སེམས་བསྐྱེད་པ་དྲུག་པ།
མདོ་ལས། མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་ བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་གསུངས་སོ། །
དེ་ཉིད་ཀྱི་ཕྱིར། བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར། ། དེ་དག་རྟག་པ་མ་ཡིན་ཆད་པའང་མིན། །
གང་གི་ཕྱིར་དེ་ལྟར་དངོས་པོ་རྣམས་གཟུགས་བརྙན་གྱི་རྣམ་པ་ལྟར་རང་བཞིན་ གྱིས་ཡོད་པས་སྟོང་པ་དེ་ཉིད་ཀྱི་ཕྱིར། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ ཆར་དུ་ཡང་རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པའི་ཕྱིར། གཟུགས་སོགས་དེ་དག་ རང་བཞིན་གྱིས་གྲུབ་པའི་རྟག་པ་མ་ཡིན་པ་དང་།དེར་མ་ཟད་མྱུག་ཚེ་ས་བནོ ་ཞིག་པ་མེད་པའི་སྐབས་སུ་ བཤད་པ་ལྟ་བུའི་ཆད་པ་མེད་པ་ཉིད་དོ། །དངོས་པོ་རང་བཞིན་གྱིས་གྲུབ་པ་ཁས་བླངས་པས་སྔར་ཡོད་ ཀྱི་དངོས་པོ་ཕྱིས་མེད་པའམ་ཞིག་པའི་མི་རྟག་པར་འདོད་ནའང་ཆད་ལྟར་འགྱུར་ཏེ། ཇི་སྐད་དུ་བསྟན་ བཅོས་རྩ་ཤེ་ལས། གང་ཞིག་ངོ་བོ་ཉིད་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་ བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་བྱ་བ་དང་། དེ་ བཞིན་དུ།དངསོ ་པ་ོརང་བཞིན་གྱིས་ཡདོ ་པར་ཁས་ལེན་ན་དེ་རྟག་མི་རྟག་གང་དུ་འདདོ ་ཀྱང།རྟག་ཆད་ཀྱི་ མཐར་ལྟུང་བའི་ལྟ་བ་ཡིན་པ་ནི།རྩ་ཤེ་ལས།དངསོ ་པ་ོཡདོ ་པར་ཁས་བླངས་ན།།རྟག་དང་ཆད་ པར་ལྟ་བར་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། ། ཞེས་བྱ་བ་ལ་སགོ ས་པ་གསུངས་པ་ལྟ་བུའ།ོ །དེ་བཞིན་དུ་རྩ་ཤེ་ལས། ཇི་ལྟར་སྟནོ ་པས་ སྤྲུལ་པ་ནི། །རྫུ་འཕྲུལ་ཕུན་ཚོགས་ཀྱིས་སྤྲུལ་ཞིང་། །སྤྲུལ་པ་དེ་ཡང་སྤྲུལ་པ་ན། །སླར་
153

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཡང་གཞན་ནི་སྤྲུལ་པ་ལྟར། །དེ་བཞིན་བྱེད་པོ་དེ་ལས་གང་། །བྱས་པའང་སྤྲུལ་པའི་ རྣམ་པ་བཞིན། །དཔེར་ན་སྤྲུལ་པས་སྤྲུལ་གཞན་ཞིག །སྤྲུལ་པ་མཛད་པ་དེ་བཞིན་ན།ོ ། ཉནོ ་མངོ ས་ལས་དང་ལུས་རྣམས་དང་།།བྱེད་པ་པ་ོདང་འབྲས་བུ་དག།དྲི་ཟའི་གྲངོ ་ ཁྱེར་ལྟ་བུ་དང་། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །ཞེས་སྟོན་པས་སྤྲུལ་པ་ཞིག་སྤྲུལ་ལ་དེས་ཀྱང་ གཞན་ཞིག་སྤྲུལ་པའི་དཔེ[ས་] དེ་བཞིན་དུ། བྱེད་པ་པོ་དང་ལས་དང་དེས་བྱས་པ་རྣམས་ཀྱང་དེ་རྣམས་ དང་འདྲ་བས་རང་བཞིན་གྱིས་མ་གྲུབ་པ་ལ་བྱ་བྱེད་ཐམས་ཅད་འཇོག་པས། རང་བཞིན་མེད་པ་ལས་ རང་བཞིན་མེད་པ་རྣམས་སྐྱེ་བར་བསྟན་པས་ཆད་ལྟ་མེད་པར་བསྟན་ཏོ། །
དེའི་ཕྱིར་དེ་ལྟར་བདེན་པ་གཉིས་ཀར་ཡང་རང་བཞིན་མེད་པས་རྟག་པ་དང་ ཆད་པ་ལྟ་བ་རྒྱང་རིང་དུ་སྤངས་པ་འབའ་ཞིག་ཏུ་མ་ཟད་ཀྱི། ལས་རྣམས་འགགས་ ནས་ཡུན་རིང་དུ་ལོན་ཡང་ལས་རྣམས་ཀྱི་འབྲས་བུ་དང་འབྲེལ་བ་ནི། ཀུན་གཞིའི་ རྣམ་པར་ཤེས་པ[འི་] དང་སེམས་ཀྱི་རྒྱུན་དང་ཆུད་མི་ཟ་བ་དང་ཐོབ་པ་ལ་སོགས་པར་ ཡང་ཡངོ ས་སུ་རྟགོ ་པ་མེད་པར་ཡང་འཐད་པ་ཡིན་ན།ོ །ཞེས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ ཐ་སྙད་དུ་ཡང་མེད་པའི་ཕྱགོ ས་ལ་རྟག་ཆད་ཀྱི་ལྟ་བ་རྒྱང་རིང་དུ་བསྲིངས་པའི་ཡནོ ་ཏན་ཡདོ ་པར་མ་ཟད་ཀུན་ གཞི་ལ་སགོ ས་པ་ཁས་མ་བླངས་ཀྱང་ལས་འབྲས་ཀྱི་འབྲེལ་བ་ཤིན་ཏུ་འཐད་པའི་ཡནོ ་ཏན་ཡདོ ་པར་བསྟན་ན།ོ །
དངོས་པོ་རང་བཞིན་གྱིས་གྲུབ་པ་མེད་པར་འདོད་པའི་ཕྱོགས་ལ། ཀུན་གཞི་སོགས་ཁས་མ་བླངས་ ཀྱང་ལས་འབྲས་ཀྱི་འབྲེལ་བ་འཐད་ཚུལ་ ཇི་ལྟར་ཡིན་ཞེ་ན།
གང་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། །
དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་ནུས་ཕྱིར། །
154

སེམས་བསྐྱེད་པ་དྲུག་པ།
ལ་ལར་ལས་འགགས་ཡུན་རིང་ལོན་ལས་ཀྱང་། །
འབྲས་བུ་ཡང་དག་འབྱུང་བར་རིག་པར་གྱིས། ། གང་གི་ལྟར་ན་ལས་དང་དེའི་འབྲས་བུའི་བར་དུ་ཡུན་རིང་པོར་ཆོད་པའི་དགེ་མི་དགེའི་ལས་ལས་ཀྱང། བདེ་བ་དང་སྡུག་བསྔལ་སོགས་ཀྱི་འབྲས་བུ་འབྱུང་བ་ནི་རང་གི་སྡེ་པ་གོང་འགོ ་ཐམས་ཅད་འདོད་ལ། དེ་ལ་ ལས་དེ་འབྲས་བུ་འབྱིན་པའི་སྔ་ལགོ ས་བར་དུ་གནས་ན་ནི་རྟག་པར་འགྱུར་ལ།རྟག་པས་དནོ ་བྱེད་པར་མི་ནུས་ པས་ལས་ལས་འབྲས་བུ་འབྱུང་བའི་འབྲེལ་བ་མི་འཐད་ད།ོ །ལས་དེ་བྱས་པའི་སྐད་ཅིག་གཉིས་པར་འགགས་ པ་སྟེ་ཞིག་ན་ནི། མཚམས་དེ་ནས་འབྲས་བུ་དངོས་སུ་འབྱིན་པའི་སྔ་ལོགས་ཀྱི་བར་དུ་ལས་དེ་ནི་མེད་ལ། འགགས་ཟིན་པའི་ལས་ཏེ་ལས་ཞིག་པ་ཡང་དངསོ ་པརོ ་མེད་པས་ལས་དེ་ལས་འབྲས་བུ་ཇི་ལྟར་ འབྱུང་བར་འགྱུར་ཞེས་བརྩད་པའི་ལན་དུ། ལས་བྱས་པའི་སྐད་ཅིག་གཉིས་པར་འགགས་ཟིན་ པའི་སྔ་ལོགས་ཀྱི་ལས་འགག་པ་ལ་མངོན་དུ་ཕྱོགས་པའི་ཚེ། ལས་ཀྱི་ནུས་པ་གཞག་པར་བྱ་བའི་ ཕྱིར་སེམས་ཙམ་པ་ཁ་ཅིག ཀུན་གཞིའི་རྣམ་པར་ཤེས་པ[འམ་] རྟོག་པར་བྱེད་ལ། ཁ་ཆེ་བྱེ་བྲག་ སྨྲ་བ་ལས་གཞན་པའི་བྱེ་བྲག་སྨྲ་བ་ཁ་ཅིག་བུ་ལོན་གྱི་དཔང་རྒྱ་སྟེ་དེའི་ཡི་གེ་དང་འདྲ་བའི་ལས་ གཉིས་ལས་ཆསོ ་གཞན་པ་ཆུད་མི་ཟ་བ[འམ་] ཞེས་པ་ལྡན་མིན་འདུ་བྱེད་དུ་གྱུར་པ་ཞིག་འདདོ ་ད།ོ ། ཡང་བྱེ་བྲག་སྨྲ་བའི་ནང་ཚན་ཁ་ཅིག་ནི་ལས་གཉིས་ཀྱི་ཐོབ་པ[འམ་] ཞེས་པ་དེ་གཉིས་ལས་དོན་གཞན་ དུ་གྱུར་པའི་ལྡན་མིན་ཞིག་རྟོག་པར་བྱེད་དོ། །མདོ་སྡེ་པ་སོགས་ཁ་ཅིག་ནི་ ལས་ཀྱི་བག་ཆགས་ཀྱི་ བསྒོས་པའི་རྣམ་པར་ཤེས་པའི་རྒྱུན་རྟོགས་པར་བྱེད་དོ། །
དབུ་མ་ཐལ་འགྱུར་བ་གང་གི་ལྟར་ན་ལས་རང་གི་བདག་ཉིད་ཀྱིས་མ་སྐྱེས་པ་དེའི་ ལྟར་ན་ནི།ལས་དེ་རང་བཞིན་གྱིས་འགག་པ་ཡདོ ་པ་མ་ཡིན་ཞིང་།ལས་རང་བཞིན་གྱིས་མ་ཞིག་ 155

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
པ་ལས་ཀྱང་འབྲས་བུ་འབྱུང་བ་མི་སྲིད་པ་ཡང་མ་ཡིན་པས། ཀུན་གཞི་སགོ ས་ཁས་མ་བླངས་ ཀྱང།སེམས་ཅན་གྱི་རྒྱུད་ལ་ལར་ལས་གཉིས་བྱས་པ་འགགས་ནས་བསྐལ་པ་མང་པརོ ་ལས་རྣམས་ཀྱི་ནུས་ པ་མི་འཇིགས་པས།ཕྱགོ ས་འདི་ལ་ནི་ལས་དང་འབྲས་བུའི་འབྲེལ་བ་ཆེས་ཤིན་ཏུ་འཐད་ པར་འགྱུར་རོ། །ལན་འདེབས་ཚུལ་དེ་ཉིད་འཕགས་པའི་བཞེད་པ་ཡང་ཡིན་ཏེ་ཇི་སྐད་དུ། བསྟན་ བཅསོ ་རྩ་ཤེ་ལས།གང་ཕྱིར་ལས་ནི་སྐྱེ་བ་མེད།།འདི་ལྟར་རང་བཞིན་མེད་དེའི་ཕྱིར།། གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་ར།ོ །ཞེས་གསུངས་པ་ལྟ་བུའ།ོ ། མདོ་ལས་ཀྱང་། མི་ཡི་ཚེ་ཚད་ལོ་བརྒྱ་སྟེ། །དེ་སྲིད་འཚོ་ཞེས་བརྗོད་མོད་ཀྱི། །ལོ་ལ་ ཕུང་པོར་སྤུངས་པ་མེད། །སྒྲུབ་པ་དེ་ཡང་དེ་དང་མཚུངས། །ཟད་པ་མེད་ཅེས་གང་ སྨྲས་དང་། །ལས་ཟད་ཅེས་ནི་གང་སྨྲས་པ། །སྟོང་པའི་ཚུལ་དུ་ཟད་པ་མེད། །ཐ་སྙད་ ཚུལ་དུ་ཟད་པར་བསྟན། །ཞེས་འབྱུང་ངོ་། །སྔར་ལས་འགགས་པ་ལས་འབྲས་བུ་འབྱུང་བར་ཇི་ སྐད་བསྙད་པའི་དོན་ཉིད་དཔེའི་སྒོ་ནས་བཤད་པ།
རྨི་ལམ་དམིགས་པའི་ཡུལ་དག་མཐོང་ནས་ནི། ། སད་ཀྱང་བླུན་ལ་ཆགས་པ་སྐྱེ་འགྱུར་བ། ། དེ་བཞིན་འགགས་ཤིང་རང་བཞིན་ཡོད་མིན་པའི། ། ལས་ལས་ཀྱང་ནི་འབྲས་བུ་ཡོད་པ་ཡིན། །
ཇི་སྐད་དུ།སྲིད་པ་འཕ་ོབའི་མད་ོལས།རྒྱལ་པ་ོཆེན་པ་ོའདི་ལྟ་སྟེ།དཔེར་ན་མི་ཞིག་ ཉལ་བའི་རྨི་ལམ་ན་ཡུལ་གྱི་བུད་མེད་བཟང་མོ་དང་ལྷན་ཅིག་སྤྱོད་པ་རྨིས་ལ། དེ་ ཉལ་བ་ལས་སད་ནས་ཡུལ་གྱི་བུད་མེད་བཟང་མོ་དྲན་ན། རྒྱལ་པོ་ཆེན་པོ་འདི་ཅི་ 156

སེམས་བསྐྱེད་པ་དྲུག་པ།
སྙམ་དུ་སེམས། གང་རྨི་ལམ་གྱི་ཡུལ་གྱི་བུད་མེད་བཟང་མོ་དང་ལྷན་ཅིག་སྤྱོད་པ་ རྨིས་ལ། དེ་ཉལ་བ་ལས་སད་ནས་ཡུལ་གྱི་བུད་མེད་བཟང་མོ་དེ་དྲན་པའི་མི་དེ་ མཁས་པའི་རང་བཞིན་ཅན་ཡིན་ནམ།གསལོ ་པ།བཅམོ ་ལྡན་འདས་དེ་ནི་མ་ལགས་ ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་བུད་མེད་བཟང་མོ་ཡང་མ་ མཆིས་ཤིང་མི་དམིགས་ལགས་ན།དེ་དང་ཡངོ ས་སུ་སྤྱདོ ་པ་ལྟ་ག་ལ་མཆིས་ཏེ།འདི་ ལྟར་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་ལགས་སོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའ་ིསྐྱེ་བོ་ཐོས་ པ་དང་མི་ལྡན་པ་ཡང་མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་བར་གྱུར་ པའི་གཟུགས་རྣམས་ལ་མངོན་པར་ཞེན་ཏེ། མངོན་པར་ཞེན་པར་གྱུར་ནས་ཆགས་ པ་བསྐྱེད་པར་བྱེད་དོ། །ཆགས་ནས་འདོད་ཆགས་ལས་བྱུང་བ་དང་། ཞེ་སྡང་ལས་ བྱུང་བ་དང་།གཏི་མུག་ལས་བྱུང་བའི་ལས་ལུས་དང་ངག་དང་ཡིད་ཀྱིས་མངནོ ་པར་ འདུ་བྱེད་དོ། །ལས་དེ་མངོན་པར་འདུ་བྱས་པར་གྱུར་ནས་འགག་གོ །འགགས་པ་ན་ ཤར་ཕྱགོ ས་སུ་བརྟེན་དེ་གནས་པ་མ་ཡིན་པ་ནས་ཕྱགོ ས་མཚམས་རྣམས་སུ་མ་ཡིན་ ན་ོཞེས་བྱ་བའི་བར་དང་།ཞེས་གསུངས་ཏེ་ཐསོ ་པ་དང་མི་ལྡན་པ་ནི་དེ་ཁ་ོན་ཉིད་སྟནོ ་པ་ཐསོ ་པ་ལས་ དེ་ཉིད་རྟགོ ས་པ་མེད་པའ།ོ །མངནོ ་པར་ཞེན་པ་ནི་བདེན་ཞེན་ན།ོ །ཆགས་པ་ལས་བྱུང་བའི་ལས་གསུམ་ནི། དགེ་ མི་དགེའི་ལས་གཉིས་ཀ་དང། ཞེ་སྡང་ལས་བྱུང་བའི་ལས་ནི་མི་དགེ་བ་དང་། གཏི་མུག་ལས་བྱུང་བ་ལ་ཡང་ ལས་གཉིས་ཀ་གསགོ ་པ་ཡདོ ་ད།ོ །ལས་བྱས་མ་ཐག་ཏུ་འགགས་པ་ནི་ཐ་སྙད་དུ་དང། ལྷག་མས་ནི་འགག་པ་ང་ོ བ་ོ ཉིད་ཀྱིས་གྲུབ་པ་བཀག་གོ །དུས་གཞན་ཇི་ཙམ་ཞིག་ན་འཆི་བའི་དུས་དང་ཉེ་བར་གནས་
157

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
པའི་ཚེ་དེ་དང་སྐལ་བ་འདྲ་བའི་ལས་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་མིའི་ཡུལ་གྱི་བུད་མེད་བཟང་མ་ོ ལྟ་ བུར་ཡིད་ལས་དེ་ཉིད་ལ་མངོན་དུ་ཕྱོགས་པར་འགྱུར་རོ། །ཞེས་གསུངས་ཏེ། སྐལ་བ་འདྲ་བ་ སྟེ་ཕུང་པོ་རིགས་མཐུན་ཚེ་འདིར་གནས་པའི་ལས་ཟད་ནས། ཚེ་འདིའི་རྣམ་ཤེས་ཐ་མ་འགག་པའི་ཚེ། ཆགས་ ལྡན་སད་མ་ཐག་ཏུ་རྨི་ལམ་གྱི་མཛེས་མ་དྲན་ཏེ། ཡིད་དེ་ལ་ཕྱོགས་པ་བཞིན་དུ་འཆི་ཁའི་ཚེ་ཚེ་ཕྱི་མར་གང་ སྨིན་པའི་ལས་ཀྱི་ནུས་པ་སད་པའི་ལས་དེ་ལ་ཡིད་ཕྱོགས་པར་འགྱུར་གྱི་དྲན་པ་མིན་ནོ། །རྒྱལ་པོ་ཆེན་པོ་ དེ་ལྟར་རྣམ་པར་ཤེས་པ་ཐ་མ་འགག་ཅིང་སྐྱེ་བའི་ཆར་གཏགོ ས་པའི་རྣམ་པར་ཤེས་ པ་དང་པོ་ཡང་ན་ནི་ལྷ་དག་གི་ནང་དུ་ཞེས་བྱ་བ་ནས་ཡང་ན་ནི་ཡི་དྭགས་རྣམས་ སུ་འབྱུང་བར་འགྱུར་རོ་ཞེ་བྱ་བའི་བར་དང་། ཞེས་གསུངས་ཏེ་ཐ་མ་འགག་པ་ནི་ཚེ་འདིའི་འ།ོ ། སྐྱེ་བའི་ཆར་གཏགོ ས་པའི་རྣམ་ཤེས་དང་པ་ོའབྱུང་བ་ལ་ལྷ་དག་གི་ནང་དུ་ཞེས་སགོ ས་གསུངས་ཤིང།བར་སྲིད་ འགྲོ་བ་དྲུག་པོ་མིན་པས་སྐྱེ་སྲིད་ཡོད་ཀྱང་མ་གསུངས་པ་མང་བར་སྣང་བས། གཙོ་བོར་སྐྱེ་འཆིའི་དབང་དུ་ བྱས་པའི་ལས་འབྲས་བུ་དང་འབྲེལ་ཚུལ་གཏན་ལ་དབབ་པར་བཞེད་པའ།ོ །དེ་ནས་རྒྱལ་པ་ོ ཆེན་པ་ོ རྣམ་ པར་ཤེས་པ་དང་པ་ོདེ་འགགས་མ་ཐག་ཏུ་གང་ལ་རྣམ་པར་སྨིན་པ་མྱངོ ་བར་འགྱུར་ བར་མངོན་པ་དེ་དང་སྐལ་བ་འདྲ་བའི་སེམས་ཀྱི་རྒྱུན་འབྱུང་ངོ་། །རྒྱལ་པོ་ཆེན་པོ་ དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་ཡང་མེད་ ལ་འཆི་འཕོ་བ་དང་སྐྱེ་བར་མངོན་པ་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་དེ་ལ་གང་རྣམ་ པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕ་ོ བ་ཞེས་བྱ། གང་རྣམ་པར་ཤེས་པ་དང་པ་ོ འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱའ།ོ །རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་འགག་པའི་ 158

སེམས་བསྐྱེད་པ་དྲུག་པ།
ཚེ་ཡང་གང་དུ་ཡང་མི་འགྲོའ།ོ །རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་ འབྱུང་བའི་ཆ་ཡང་གང་ནས་ཀྱང་མི་འངོ་ངོ་།།དེ་ཅིའི་ཕྱིར་ཞེ་ན།རང་བཞིན་གྱིས་ དབེན་པའི་ཕྱིར་ར།ོ །རྒྱལ་པ་ོ ཆེན་པ་ོ དེ་ལ་རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ ཐ་མས་སྟངོ ་ང་ོ།།འཆི་འཕ་ོབ་ནི་འཆི་འཕ་ོབས་སྟངོ ་ང་ོ།།ལས་ནི་ལས་ཀྱིས་སྟངོ ་ང་ོ།། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང་ངོ་། །སྐྱེ་བ་ནི་སྐྱེ་བས་ སྟངོ ་ལ་ལས་རྣམས་ཆུད་མི་ཟ་བར་ཡང་མངནོ ་ན་ོཞེས་བྱ་བ་གསུངས་ཏེ་སྐྱེ་སྲིད་དུ་ཉིང་ མཚམས་སྦྱར་བའི་སྔནོ ་ལས་ཀྱི་འབྲས་བུ་བདེ་སྡུག་ཅིག་མྱངོ ་བས།དེ་མྱངོ ་བའི་རྣམ་ཤེས་ཀྱི་རྒྱུན་སྐྱེ་སེམས་དང་ པོ་ལས་སྐྱེ་བ་དང། འཆི་འཕོ་བ་དང་སྐྱེ་བ་ཐ་སྙད་དུ་ཡོད་ལ། དོན་དམ་པར་མེད་པ་དང་དེའི་རྒྱུ་མཚན་རང་ བཞིན་གྱིས་དབེན་ཞེས་པ་ནི་དགག་བྱ་ལ་ཁྱད་པར་སྦྱར་བ་སྟེ་རྣམ་ཤེས་ཐ་མ་སོགས་རང་རང་གིས་སྟོང་པར་ གསུངས་པ་ལ་སྦྱར་བར་བྱའ།ོ །དེ་ལྟར་བསྟན་པ་ན་ལས་འབྲས་ཡོད་པ་མིན་པར་བཟུང་གིས་དོགས་ནས་ལས་ རྣམས་ཆུད་མི་ཟ་བར་གསུངས་པ་ལྟ་བུའ།ོ །
ཅི་སྟེ་གལ་ཏེ་ལས་རང་བཞིན་གྱིས་མ་སྐྱེས་པ་ལ་རང་བཞིན་གྱིས་ཟད་པ་མེད་ པས་རྣམ་པར་སྨིན་པར་འདོད་ན། དེ་ལྟ་ཡིན་དང་། ཇི་ལྟར་མ་འགགས་པའི་ཕྱིར་ རྣམ་པར་སྨིན་པ་འབྱུང་བ་དེ་བཞིན་དུ། རྣམ་པར་སྨིན་པར་བྱས་ཟིན་པ་ལས་ཀྱང་ རྣམ་པར་སྨིན་པ་ཡིན་པ་དང་། དེ་ལ་ལས་ཟད་པ་མེད་པའི་ཕྱིར། རྣམ་པར་སྨིན་ ཟིན་པ་ལས་ཀྱང་ཡང་རྣམ་པར་སྨིན་པར་འགྱུར་བའི་ཕྱིར་ཐུག་པ་མེད་པའི་སྐྱནོ ་དུ་ འགྱུར་རོ་སྙམ་ན། དེ་ནི་ཡོད་པ་མ་ཡིན་ཏེ།
ཇི་ལྟར་ཡུལ་ནི་ཡོད་ཉིད་མིན་མཚུངས་ཀྱང་། །
159

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
རབ་རིབ་ཅན་གྱིས་སྐྲ་ཤད་རྣམ་པར་ནི། ། མཐོང་གི་དངོས་གཞན་རྣམ་པར་མ་ཡིན་ལྟར། ། དེ་བཞིན་སྨིན་ལས་སླར་སྨིན་མིན་ཤེས་གྱིས། །
དཔེར་ན་ཡུལ་ཡོད་པ་མ་ཡིན་པར་འདྲ་བཞིན་དུ་རབ་རིབ་ཅན་གྱི་མིག་གི ས་ཡོད་ པ་མ་ཡིན་པའི་སྐྲ་ཤད་ལ་སོགས་པའི་ངོ་བོ་མཐོང་གི །དེ་ལས་གཞན་པའི་དངོས་ པོའ་ི རྣམ་པ་བོང་བུའི་རྭ་དང་མོ་གཤམ་གྱི་བུ་ལ་སོགས་པ་དག་ནི་མཐོང་བ་མ་ཡིན་ པ་དེ་བཞིན་དུ། ལས་[ཀྱི་]རང་བཞིན་གྱིས་མ་འགགས་པར་མཚུངས་བཞིན་དུ། རྣམ་ པར་སྨིན་མ་ཟིན་པ་ལ ས་སྨིན་པ་དང། སྨིན་པ་ལས་སླར་ཡང་སྨིན་པ་མིན་པ་ངེས་པར་འགྱུར་ར།ོ ། དཔེ་འདིས་ལས་རྣམས་ཀྱི་འབྲས་བུ་མ་ངེས་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། དགེ་ མི་དགེའི་ལས་ལས་རྣམ་པར་སྨིན་པ་ཡིད་དུ་འངོ ་མི་འངོ ་གི་འབྲས་བུ་ཡང་ས་ོསརོ ་ངེས་པ་ཡིན་ན་ོ
ཞེས་བཤད་པ། དེ་ཕྱིར་རྣམ་སྨིན་མི་དགེ་ནག་པོའ་ིལས། ། རྣམ་སྨིན་དགེ་ཉིད་དགེ་ལས་ཡིན་མཐོང་ཞིང་། །
དགེ་མི་དགེ་མེད་བློ་ཅན་ཐར་འགྱུར་ཏེ། །
ལས་འབྲས་རྣམས་ལ་སེམས་པའང་དགག་པ་མཛད། ། གལ་ཏེ་ཡང་དགེ་བ་དང་མི་དགེ་བའི་ལས་གཉིས་རང་བཞིན་མེད་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་རབ་རིབ་ཅན་གྱི་མིག་གིས་སྐྲ་ཤད་ལ་སོགས་པའི་ངོ་བོ་མཐོང་བ་དང། བོང་བུའི་ ར་ལ་སོགས་པ་མི་་མཐོང་བའི་ངེས་པ་དེ་ཉིད་ཀྱི་ཕྱིར་ན།རྣམ་པར་སྨིན་པ་ཡིད་དུ་འངོ་བ་ 160

སེམས་བསྐྱེད་པ་དྲུག་པ།
ནི་མི་དགེ་བ་ལས་མ་ཡིན་ལ། རྣམ་སྨིན་ཡིད་དུ་མི་འངོ ་བ་ནི་དགེ་བ་ལས་འབྱུང་བ་མ་ ཡིན་ནོ། །དེའི་ཕྱིར་དགེ་བ་དང་མི་དགེ་བའི་ལས་རང་བཞིན་གྱིས་གྲུབ་པ་མི་དམིགས་པར་ རྟོགས་པས་ནི་འཁོར་ལས་ཐར་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ ས་ོ སའོ ་ིསྐྱེ་བ་ོ ལས་ཀྱི་ཁྱད་པར་འདི་དང་འདི་ལས་འབྲས་བུའི་ཁྱད་པར་འདི་དང་འདི་འབྱུང་བའི་རྒྱུ་མཚན་ འཐད་སྒྲུབ་ཀྱི་རིགས་པས་ཤིན་ཏུ་ཞིབ་པར་ངེས་པར་དཔྱདོ ་པར་བྱེད་པ་རྣམས་ལ།ལས་དང་ འབྲས་བུ་ལ་སྐུར་བ་བཏབ་པ་ལས་ཀུན་རྫོབ་འཇིག་པར་འགྱུར་དུ་འངོ ་ངོ་སྙམ་སྟེ། ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་ལས་དང་ འབྲས་བུ་ལ་བརྟེན་པའི་སེམས་པ་སྟེ་དཔྱད་པ་དགག་པར་མཛད་དོ། །
གལ་ཏེ་དེ་ལྟར་ཀུན་གཞི་མེད་ཀྱང་ལས་རྣམས་[ཀྱི་] དང། འབྲས་བུའི་འབྲེལ་བ་རྣམ་ པར་གཞག་ན།འ་ོན་འཕགས་པ་ལང་ཀར་གཤེགས་པ་དང།དགོངས་འགྲེལ་དང།ཐེག་པ་ ཆེན་པོའ་ིཆོས་མངོན་པའི་མདོ་ལ་སོགས་པ་རྣམས་ལས། ཀུན་གཞིའི་རྣམ་པར་ཤེས་པ་ཞེས་ པ་ཆོས་མཐའ་ཡས་པའི་ནུས་པའི་ཁྱད་པར་གྱི་གཞི་ས་བོན་ཐམས་ཅད་པ། ༼ག རྦ་ རླབས་རྣམས་༼ཁ ལ ས་༼ཀ རྒྱ་མཚོ་༼ང འབྱུང་བ་ལྟར། ཕྱི་ནང་གི་དངོས་པོ་ཐམས་ཅད་ སྐྱེ་བའི་རྒྱུར་གསུངས་པ་གང་ཡིན་པ་དེ། ཅི་རྣམ་པ་ཐམས་ཅད་དུ་སྐྱེ་བ་སྟེ་དེའི་རྣམ་ གཞག་འཇོག་པ་མེད་པ་ཞིག་གམ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། དེ་སྐད་དུ་ཀུན་གཞི་ཡོད་ པར་ཉེ་བར་བསྟན་པས་གདུལ་བྱ་རྣམས་ལ་དེ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་རོ། ། འདིས་ནི་དགསོ ་པའི་དབང་གིས་ཀུན་གཞི་གདུལ་བྱའི་ངརོ ་ཁས་ལེན་པར་བསྟན་པས།རང་ལུགས་ལ་དགངོ ས་ པ་ཅན་དུ་སྟོན་པ་ན། གང་ལ་དགོངས་ནས་གསུངས་པའི་དགོངས་གཞི་ནི། ༼ཁ དེ་ལ་ཀུན་གཞི་གསུངས་པ་
161

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ནི། རང་བཞིན་དེ་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར་རོ། །༼ཀ རང་བཞིན་གྱིས་གྲུབ་པས་སྟངོ ་པའི་སྟངོ ་པ་ཉིད་ཁ་ོན་ལ་དགངོ ས་ནས་ཀུན་གཞིའི་རྣམ་པར་ཤེས་ པའི་སྒྲས་བསྟན་པར་རིག་པར་བྱའ།ོ །༼ག དགོས་པའི་དབང་གིས་ཀུན་གཞིའི་རྣམ་པར་ ཤེས་པ་༼ཅ འབའ་ཞིག་༼ང ཡོད་པར་སྟོན་པ་༼ཆ མ་ཟད་ཀྱི་གང་ཟག་ཀྱང་རྫས་སུ་ཡོད་ [དེ་] པར་སྟོན་ཏེ། དེས་འདུལ་བའི་སྐྱེ་བོ་ལ་དེ་ཡོད་པ་ཉིད་དུ་བསྟན་པས་རྗེས་སུ་ འཛིན་པའི་ཕྱིར་རོ། །ཇི་སྐད་དུ་དགེ་སློང་དག་ཕུང་པོ་ལྔ་ནི་ཁུར་རོ། །ཁུར་ཁུར་བ་ ནི་གང་ཟག་གོ །ཞེས་གསུངས་པ་ལྟ་བུའ།ོ །ཡང་གདུལ་བྱ་ཁ་ཅིག་ལ་ནི་གང་ཟག་རྫས་སུ་མེད་ པའི་ཕུང་པོ་ཙམ་ཞིག་བསྟན་པ་མཛད་དེ། སེམས་ཞེས་བྱ་བའམ་ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་དུས་རིང་པོར་དད་པ་དང་ཚུལ་ཁྲིམས་ལ་སོགས་ པས་ཡོངས་སུ་བསྒོས་ཤིང་གོང་དུ་འགྲོ་བ་ནི་ཕྱི་མ་ལ་མཐོ་རིས་སུ་འགྲོ་བར་འགྱུར་ རོ་ཞེས་གང་བཤད་པ་ཡི་ན་ནོ། །འདི་དག་ཐམས་ཅད་ནི་དགོངས་པའི་དབང་གིས་ གསུངས་པ་ཡིན་ནོ། །
འདིར་གདུལ་བྱ་༼ཁ ལ་དགོངས་ནས་གསུངས་པ་༼ཀ གང་༼ག ཞིག་ཡིན་ཞེ་ ན། བརྗོད་པར་བྱ་སྟེ།
ཀུན་གཞི་ཡོད་ཅིང་གང་ཟག་ཉིད་ཡོད་ལ། ། ཕུང་པོ་འདི་དག་འབའ་ཞིག་ཉིད་ཡོད་ཅེས། ། བསྟན་པ་འདི་ནི་དེ་ལྟར་ཆེས་ཟབ་དོན། ། རིག་པར་མི་འགྱུར་གང་ཡིན་དེ་ལའ།ོ །
162

སེམས་བསྐྱེད་པ་དྲུག་པ།
གདུལ་བྱ་གང་དག་ཡུན་རིང་པོར་མུ་སྟེགས་ཀྱི་ལྟ་བ་ལ་གོམས་པར་བྱས་པས་ཆོས་ ཉིད་ཟབ་མ་ོལ་འཇུག་པར་མི་ནུས་ཤིང་།རིན་ཆེན་ཕྲེང་བ་ལས།བདག་ཡདོ ་མ་ཡིན་ཡདོ ་མི་འགྱུར། །བདག་གི་ཡོད་མིན་མི་འགྱུར་ཞེས། །བྱིས་པ་དག་ནི་དེ་ལྟར་སྐྲག །ཅེས་བདག་མེད་དོ་འབྱུང་བར་མི་ འགྱུར་རོ་ཞེས་ཇི་སྐད་བསྟན་པའི་ཆོས་ཉིད་ཐོས་ནས་སྐྲག་པ་ཐོག་མ་ཁོ་ནར་༼ཁ སྟནོ ་པའི་༼ཀ ཉེ་བར་༼ག སངས་རྒྱས་ཀྱི་བསྟན་པ་ལ་གཡང་ས་དང་འདྲ་བར་སེམས་པ་ དེ་དག་བསྟན་པ་དེ་ལ་རྒྱབ་ཀྱིས་ཕྱགོས་པས་དནོ་ཆེན་པ་ོབསྒྲུབ་པར་མི་འགྱུར་ར།ོ།དེ་ རྣམས་ལ་ཆེས་ཐོག་མར་ཟབ་མོའ་ིགནས་མཐར་ཐུག་པ་མ་བསྟན་པར་ཀུན་གཞིའི་རྣམ་པར་ཤེས་ པ་དང་། ཕུང་པོ་བདེན་པ་ལ་སགོ ས་པ་བསྟན་པས་ནི་མུ་སྟེགས་ཀྱི་ལུགས་བསལ་ནས་དེ་ དག་གི་དནོ ་ཆེན་པ་ོའདྲེན་པར་འགྱུར་ཞིང་།ཕྱི་ནས་གསུང་རབ་ཀྱི་དནོ ་ཕྱིན་ཅི་མ་ ལོག་པར་ལེགས་པར་རིག་པ་རྣམས་རང་ཉིད་ཀྱིས་ཀུན་གཞི་ལ་སོགས་པ་ཡོད་པར་འཛིན་པ་དེ་ དག་སྤངོ ་བར་འགྱུར་བས།དེ་ལྟར་བསྟན་པ་ལ་ཡནོ ་ཏན་ཁ་ོན་འབྱུང་གི་སྐྱནོ ་ནི་མ་ཡིན་ ནོ།།རིམ་པ་དེ་ལྟར་བྱ་བ་ལ་དགོངས་ནས་ཇི་སྐད་དུ་འཕགས་པ་ལྷས་བཞི་བརྒྱ་པར། གང་ཞིག་ གང་གང་ལ་དགའ་བ།།དེ་ཡི་དེ་དེ་སྔར་དཔྱད་བྱ།།ཉམས་པར་གྱུར་པ་དམ་ཆསོ ་ཀྱི།། སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་བཤད་དོ། །
གདུལ་བྱ་གཞུག་པར་བྱ་བའི་ཕྱིར་དང་པོར་ཀུན་གཞིའི་རྣམ་པར་ཤེས་པ་ལ་ སོགས་པ་བསྟན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འནོ ་ཀྱང་། ཇི་ལྟར་ཏེ་དཔེར་ན།
འཇིག་ཚོགས་ལྟ་དང་བྲལ་ཡང་སངས་རྒྱས་ཀྱིས། ། ཇི་ལྟར་ང་དང་ང་ཡིར་བསྟན་པ་ལྟར། །
163

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
དེ་བཞིན་དངོས་རྣམས་རང་བཞིན་མེད་མོད་ཀྱི། །
ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཡིན། ། འཇིག་ཚོགས་ལ་ལྟ་བ་བག་ཆགས་དང་བཅས་པ་མཐའ་དག་སྤངས་པས། ངར་འཛིན་པ་དང་ ང་ཡིར་འཛིན་པ འི་རྟོག་པ་སྤངས་སུ་ཟིན་ཀྱང་། ང་དང་ངའི་ཞེས་བསྙད་པའི་འཇིག་ རྟེན་གྱིས་ཆེས་ཀྱི་དོན་ཁོང་དུ་ཆུད་པར་བྱ་བའི་ཐབས་ཡིན་པའི་ཕྱིར། སངས་རྒྱས་བཅོམ་ ལྡན་འདས་ཀྱིས་ང་དང་ངའི་ཞེས་བྱ་བ་དེ་ལྟ་བུ་ཇི་སྐད་བསྟན་པ་དེ་བཞིན་དུ།དངསོ ་ པོ་རྣམས་རང་བཞིན་གྱིས་ཡོད་པ་མ་ཡིན་ཡང་། རང་བཞིན་གྱིས་དེ་ཡོད་[པ་] ཅེས་དྲང་ དོན་ཉིད་དུ་ཉེ་བར་བསྟན་པ་ནི། འཇིག་རྟེན་གྱི་རིམ་གྱིས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་ ཐབས་ཡིན་པའི་ཕྱིར། ཡོད་པ་ཉིད་དུ་བསྟན་པ་མཛད་དོ། །ཐ་སྙད་ཀྱི་རྣམ་གཞག་འཇིག་ རྟེན་དང་མཐུན་པར་འཇུག་ཚུལ་ཡང། ཇི་སྐད་དུ་ཤར་གྱི་རི་བོའ་ིསྡེ་དང་མཐུན་པའི་ཚིགས་ སུ་བཅད་པ་དག་ལས། གལ་ཏེ་འཇིག་རྟེན་རྣམ་འདྲེན་རྣམས། །འཇིག་རྟེན་མཐུན་ པར་མི་འཇུག་ན།།སངས་རྒྱས་ཆསོ ་ཉིད་གང་ཡིན་དང་།།སངས་རྒྱས་སུས་ཀྱང་ཤེས་ མི་འགྱུར། །ཕུང་པ་ོ དག་དང་ཁམས་རྣམས་དང་། །སྐྱེ་མཆེད་རང་བཞིན་གཅིག་བཞེད་ ལ། །ཁམས་གསུམ་པོ་དག་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། ། མིང་མེད་པ་ཡི་ཆོས་ཀྱི་རྣམས། །བསམ་དུ་མེད་པའི་མིང་དག་གིས། །སེམས་ཅན་ རྣམས་ལ་ཡོངས་བརྗོད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དངོས་མེད་ཉེ་ བར་སྟནོ ་མཛད་ཅིང་།།སངས་རྒྱས་རང་བཞིན་ལ་བཞུགས་པས།།དངསོ ་མེད་འགའ་ ཡང་འདིར་མེད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དོན་དང་དོན་མེད་ 164

སེམས་བསྐྱེད་པ་དྲུག་པ།
མི་གཟིགས་ལ། །འགོག་པ་དང་ནི་དམ་པའི་དོན། །སྨྲ་བ་རྣམས་ཀྱི་མཆོག་གསུངས་ པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞིག་པ་མེད་ཅིང་སྐྱེ་མེད་ལ། །ཆོས་ཀྱི་ དབྱིངས་དང་མཉམ་གྱུར་ཀྱང་། །བསྲེག་པའི་བསྐལ་པ་བརྗོད་མཛད་པ། །འདི་ནི་ འཇིག་རྟེན་མཐུན་འཇུག་ཡིན། །དུས་གསུམ་དག་ཏུ་སེམས་ཅན་གྱི། །རང་བཞིན་ དམིགས་པ་མ་ཡིན་ལ།།སེམས་ཅན་ཁམས་ཀྱང་སྟནོ ་མཛད་པ།།འདི་ནི་འཇིག་རྟེན་ མཐུན་འཇུག་ཡིན། །ཞེས་རྒྱ་ཆེར་གསུངས་པ་ལྟ་བུའ།ོ །
དེའི་ཕྱིར་དེ་ལྟར་རྣམ་པར་ཤེས་པ་སྨྲ་བ་པ་ོ དབུ་མ་པའི་ལུགས་ཇི་སྐད་བསྟན་ པ་མི་བཟདོ ་ཅིང་།རྒྱལ་བའི་དགངོ ས་པ་མིན་པས་རང་གི་རྣམ་པར་རྟགོ ་པས་སྦྱར་བའི་ལུགས་ བརྗདོ ་པའི་སྒ་ོནས་དནོ ་དག་འཇགོ ་པར་བྱེད་པ་རྣམས་ཀྱིས།རང་གི་གཞུང་ལས་ཇི་སྐད་ བཤད་པའི་ལུགས་བསལ་བའི་ཕྱིར་སྨྲས་པ།
གཟུང་བ་མེད་པས་འཛིན་པ་མ་མཐོང་ཞིང་། ། སྲིད་གསུམ་རྣམ་ཤེས་ཙམ་དུ་རབ་རྟོགས་པས། ། ཤེས་རབ་ལ་གནས་བྱང་ཆུབ་སེམས་དཔའ་དེས། ། རྣམ་ཤེས་ཙམ་དུ་དེ་ཉིད་རྟོགས་པར་འགྱུར། །
གནས་ཞེས་བྱ་བའི་སྒྲ་འདི་ནི་བཞུགས་པ་ལ་འཇུག་གོ །ཤེས་རབ་ལ་གནས་པ་ནི་ཤེས་ རབ་ལ་གནས་ཏེ། དེ་འདི་ལ་ཡོད་པས་ཤེས་རབ་ལ་གནས་ཏེ་ཤེས་རབ་དེ་ཉིད་སྒོམ་ པར་བྱེད་པ་ལ་བྱའ།ོ །བྱང་ཆུབ་སེམས་དཔའ་དེས་ཞེས་བྱ་བ་ནི་མངནོ ་དུ་ཕྱགོ ས་པ་ས་ དྲུག་པ་ལ་རབ་ཏུ་གནས་པའ།ོ།རིགས་པ་གང་གིས་དེ་ཁ་ོན་ཉིད་ཕྱིན་ཅི་མ་ལགོ ་པ་དང་།
165

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
གཟུང་འཛིན་རྫས་ཐ་དད་དུ་ལྷག་པར་སྒྲ་ོམ་བཏགས་པར་རྟགོ ས་པ་དང་མཐངོ ་བ་དང་ཁངོ ་ དུ་ཆུད་པ་ནི་དེ་ཉིད་རྟགོ ས་པ་སྟེ།རྣམ་པར་ཤེས་པ་ཙམ་དུ་དེ་ཁ་ོན་ཉིད་རྟགོ ས་པར་ འགྱུར་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ཡང་ཕྱི་རོལ་གྱི་གཟུགས་མེད་པས་སེམས་དང་ སེམས་ལས་བྱུང་བ་རྣམས་ཀྱང་ཕྱི་དནོ ་མེད་པར་རྟེན་ཅིང་འབྲེལ་བར་འབྱུང་བའི་དངསོ ་ པོ་ཙམ་དུ་རྟོགས་པའི་ཕྱིར། རྣམ་པར་ཤེས་པ་ཙམ་དུ་དེ་ཁོ་ན་ཉིད་རྟོགས་པ་ཞེས་ བྱའ།ོ།ཡང་ཇི་ལྟར་བྱང་སེམས་འདིས་རྣམ་པར་ཤེས་པ་ཙམ་དུ་དེ་ཁ་ོན་ཉིད་རྟགོ ས་པར་ འགྱུར་ཞེ་ན།དེའི་ཕྱིར་འདི་ལྟར།གཟུང་བ་མེད་པས་འཛིན་པ་མ་མཐངོ ་ཞིང་།།སྲིད་ གསུམ་རྣམ་ཤེས་ཙམ་དུ་རབ་རྟགོ ས་པས།།ཞེས་བྱ་བ་སྨྲས་ཏེ།གང་གི་ཕྱིར་བྱང་ཆུབ་ སེམས་དཔའ་དེས་ནང་གི་བག་ཆགས་སྨིན་པ་ལས་གཟུགས་སོགས་འབྱུང་བར་འཆད་པར་འགྱུར་ བའི་རིགས་པས་སེམས་ལ་རང་ལས་རྫས་གཞན་གྱི་གཟུང་བ་ཡདོ ་པ་མ་ཡིན་པ་ཉིད་ཀྱིས་དེ་ ལས་དོན་གཞན་པའི་དེ་འཛིན་པར་བྱེད་པ་ཉིད་ཀྱང་མ་མཐོང་ཞིང་། སྲིད་པ་ཁམས་གསུམ་ པ་ོའདི་ནི་རྣམ་པར་ཤེས་པ་ཙམ་མ་ོཞེས་རབ་ཏུ་རྟགོ ས་ནས།གཉིས་སྟངོ ་གི་དེ་ཁ་ོན་ཉིད་ལ་ཡུན་ རིང་པརོ ་གམོ ས་པར་བྱེད་ལ།དེ་གམོ ས་པར་བྱས་པ་ལས་ཀྱང་སྒྲས་དེ་ཁ་ོན་ཉིད་དུ་བརྗདོ ་ དུ་མེད་པའི་དངོས་པོ་སྟེ་གཉིས་སྟོང་གི་ངོ་བོ་ཙམ་ཞིག་རང་རིག་པས་མངོན་སུམ་དུ་མཐོང་ སྟེ། དེའི་ཕྱིར་སྔོན་དུ་གོམས་པའི་རིམ་པ་འདིས་ས་དྲུག་པ་བས་རྣམ་པར་ཤེས་པ་ཙམ་དུ་དེ་ ཁ་ོ ན་ཉིད་རྟགོ ས་པ་འགྱུར་ར།ོ །གལ་ཏེ་འདི་དག་ཕྱི་རལོ ་མེད་པའི་རྣམ་པར་ཤེས་པ་ཙམ་ ཉིད་ཡིན་ན།འ་ོན་འདིར་༼ཁ ཇི་ལྟར་༼ཀ ཕྱི་རོལ་གྱི་དོན་མེད་པར་དེའི་རྣམ་པ་ ཅན་གྱི་རྣམ་པར་ཤེས་པ་ཙམ་༼ག སྐྱེ་བར་འགྱུར་ཞེ་ན། སྨྲས་པ།
166

སེམས་བསྐྱེད་པ་དྲུག་པ།
ཇི་ལྟར་རླུང་གིས་བསྐུལ་བས་རྒྱ་མཚོ་ནི། ། ཆེ་ལས་ཆུ་རླབས་འབྱུང་བ་དེ་བཞིན་དུ། ། ཀུན་གྱི་ས་བོན་ཀུན་གཞི་ཞེས་བྱ་ལས། ། རང་གི་ནུས་པས་རྣམ་ཤེས་ཙམ་ཞིག་འབྱུང་། །
ཇི་ལྟར་ཏེ་དཔེར་ན་༼ཁ རྒྱ་མཚོ་༼ཀ ཆུ་རླབས་ཀྱི་རྟེན་དུ་གྱུར་པའི་༼ག ཆུའི་ཡན་ལག་ རླུང་གིས་ཀུན་ནས་བསྐྱདོ ་པ་ལས།རླུང་ཙམ་གྱི་རྐྱེན་ཉེ་བར་ལྷགས་པས་སྔར་གཉིད་ ལགོ ་པ་ལྟ་བུའི་མི་གཡ་ོབར་གནས་པ་ལས་ཆུའི་རྦ་རླབས་རྣམས་འགྲན་པའི་སྒ་ོནས་བདག་ གི་ལུས་རྙེད་པ་ལྟར་ཀུན་ནས་ཡོངས་སུ་རྒྱུག་པར་རྟོགས་པ་དེ་བཞིན་དུ། འདིར་ ཡང་ཕྱི་ནང་གི་དངསོ ་པ་ོཀུན་གྱི་ས་བནོ ་ཀུན་གཞི་རྣམ་པར་ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་ པ་ཐགོ ་མ་མེད་པའི་དུས་ནས་ཞུགས་པ།གཟུང་བ་དང་འཛིན་པར་མངནོ ་པར་ཞེན་ པའི་བག་ཆགས་ཡངོ ས་སུ་སྨིན་པ་ལས་བདག་ཉིད་ཀྱིས་དངསོ ་པ་ོཆགས་སགོ ས་དང་དད་ སགོ ས་ཡདོ ་པ་ཐབོ ་པར་འགག་བཞིན་པས།ཀུན་གཞིའི་རྣམ་པར་ཤེས་པ་ལ་གང་བག་ ཆགས་ཀྱི་ཁྱད་པར་རང་གི་རྣམ་པ་དང་རྗེས་སུ་འབྲེལ་བའི་རྣམ་པར་ཤེས་པ་གཞན་ སྐྱེ་བའི་རྒྱུར་གྱུར་པའི་ནུས་པ་ཀུན་གཞི་རྣམ་ཤེས་ལ་བཞག་པ་རིམ་གྱིས་རང་ཡངོ ས་སུ་སྨིན་ པའི་རྐྱེན་ལྷགས་པས་ཡོངས་སུ་སྨིན་པ་ཐོབ་པ་དེ་ལས་གང་ཡོངས་སུ་མ་དག་པ་ གཞན་གྱི་དབང་རྣམ་ཤེས་ཙམ་ཞིག་ཉེ་བར་བསྐྱེད་པ་དེ་ཉིད་ལ། བྱིས་པ་རྣམས་གཟུང་ བ་དང་འཛིན་པ་ཕྱི་ནང་དུ་རྒྱང་ཆད་པར་འཛིན་པའི་ཚུལ་གྱིས་རྣམ་པར་རྟོག་པ་ཀུན་ཏུ་རྟོག་ པར་བྱེད་ཀྱི། རྣམ་པར་ཤེས་པ་ལས་རྫས་ཐ་དད་པར་གྱུར་པའི་གཟུང་བ་ནི་ཅུང་ཟད་
167

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཀྱང་ཡདོ ་པ་མ་ཡིན་ན།ོ །འདི་ནི་དཔེར་ན་དབང་ཕྱུག་ལ་སགོ ས་པ་རྒྱུར་སྨྲ་བ་རྣམས། བ་ ནི་བ་སྒྲ་རྣམས་ཀྱི་རྒྱུ། །ཆུ་ཤེལ་ཆུ་རྣམས་ཀྱི་བཞིན་དང་། །བླག་ཤ་ཡལ་ག་རྣམས་ཀྱི་ ལྟར།།དེ་ནི་ལུས་ཅན་ཀུན་གྱི་རྒྱུ།།ཞེས་དབང་ཕྱུག་ལ་སགོ ས་པ་འགྲ་ོབའི་བྱེད་པ་པ་ོ ཉིད་དུ་སྨྲ་བར་བྱེད་པ་དེ་བཞིན་དུ། ཀུན་གཞིའི་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀྱང་ ཀུན་གཞིའི་རྣམ་པར་ཤེས་པ་༼ཁ དངསོ ་པ་ོ མཐའ་དག་གི་༼ཀ དམིགས་པའི་༼ག ས་ བོན་གྱི་རྟེན་ཉིད་ཀྱིས་ས་བོན་ཐམས་ཅད་པ་སྨྲ་བར་བྱེད་དོ། །གང་དབང་ཕྱུག་རྟག་ ལ་ཀུན་གཞིའི་རྣམ་པར་ཤེས་པ་ནི་མི་རྟག་གོ་ཞེས་བྱ་བ་འདི་ནི་ཁྱད་པར་རོ། །དེའི་ ཕྱི་ཚེ་རབས་གཞན་མང་པོར་མུ་སྟེགས་ཀྱི་ལྟ་བ་གོམས་པ་རྣམས་ནི་ཀུན་གཞི་བཤད་པས་འདུལ་བ་ཡིན་ནོ། ། གང་གི་ཕྱིར་གསུང་རབ་ཀྱི་རྣམ་པར་གཞག་པ་ནི་སྔར་བཤད་པ་འདི་ཡིན་པར་གྲགས་པ།
དེ་ཕྱིར་གཞན་གྱི་དབང་གི་ངོ་བོ་གང་། ། དངོས་པོ་བཏགས་པར་ཡོད་པའི་རྒྱུར་འགྱུར་ཞིང་། ། ཕྱི་རོལ་གཟུང་བ་མེད་པར་འབྱུང་འགྱུར་ལ། ། ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། །
གཞན་[གྱི་]དབང་[གི་]རང་བཞིན་གྱིས་གྲུབ་པའི་ང་ོབ་ོགང་ཡིན་པ་འདི་ནི་གདནོ ་མི་ཟ་བར་ ཁས་བླང་བར་བྱ་སྟེ།གང་གི་ཕྱིར་དེ་ནི་གཟང་འཛིན་གྱི་དངསོ་པ་ོརྫས་ཐ་དད་དུ་ཡདོ་པར་འཛིན་ པ་སོགས་རྟོག་པའི་དྲྭ་བ་མ་ལུས་པའི་གཞིར་འདོད་པའི་ཕྱིར་རོ། །༼ཁ སྦྲུལ་དུ་འཁྲུལ་ པ་༼ཀ ཐག་པའི་རྒྱུ་མཚན་ཅན་གྱི་༼ག ནི་ཐག་པ་དེ་ལ་མ་ལྟསོ ་པར་ཐག་པ་མེད་པའི་གཞིར་ སྐྱེ་བ་མི་རིགས་ལ།བུམ་པར་འཁྲུལ་པ་ས་ལ་སགོ ས་པའི་རྒྱུ་མཚན་ཅན་ནི་ས་ལ་སགོ ས་ 168

སེམས་བསྐྱེད་པ་དྲུག་པ།
པ་ལ་མ་ལྟསོ ་པར་ས་ལ་སགོ ས་པ་མེད་པའི་ནམ་མཁའི་ཁམས་སུ་འབྱུང་བར་མི་འགྱུར་བ་དེ་ བཞིན་དུ།འདིར་ཡང་ཕྱི་རལོ ་གྱི་དནོ ་མེད་ན་སྔནོ ་པ་ོལ་སགོ ས་པ་ཕྱི་རལོ ་ཏུ་འཁྲུལ་བའི་ རྟགོ ་པ་འཁྲུལ་གཞི་ཅིའི་རྒྱུ་མཚན་ཅན་ཞིག་ཏུ་འགྱུར།དེའི་ཕྱིར་གདནོ ་མི་ཟ་བར་ཕྱི་རལོ ་ ཏུ་འཁྲུལ་བའི་རྟགོ ་པའི་རྒྱུ་གཟུང་འཛིན་རྫས་ཐ་དད་པ་གཉིས་སུ་སྣང་བའི་མ་དག་པའི་གཞན་གྱི་དབང་ གི་ང་ོབ་ོཁས་བླང་བར་བྱ་སྟེ།སྣང་གཞི་དེ་ཉིད་ཀུན་ནས་ཉནོ ་མངོ ས་པ་དང་རྣམ་པར་བྱང་ བའི་འཆིང་གྲོལ་གཉིས་ཀའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་གང་གི་ཕྱིར་གཉིས་སུ་སྣང་བའི་ གཞན་དབང་གང་ལ་གཟུང་འཛིན་རྫས་ཐ་དད་པ་སྣང་བ་བཞིན་དུ།ཡདོ ་པར་འཛིན་པའི་ཞེན་ཡུལ་གྱི་ཀུན་ བརྟགས་གང་མེད་པ་དེ་ནི།གཞི་དེ་དགག་བྱ་དེས་སྟངོ ་པར་ཡང་དག་པར་རྗེས་སུ་མཐངོ ་ ལ། སྟོང་གཞི་དང་སྟོང་པ་གང་ཞིག་འདིར་ལྷག་མར་ལུས་པར་གྱུར་པ་དེ་འདི་ན་བདེན་ པར་ཡདོ ་པ་ཡིན་ན་ོཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འདི་ནི་སྟངོ ་ པ་ཉིད་ལ་ཕྱིན་ཅི་མ་ལགོ ་པར་འཇུག་པའ།ོ །ཞེས་བྱ་བ་ལ་སགོ ས་པས་སྟངོ ་པ་ཉིད་ཀྱི་ དནོ ་ཀྱང་ལེགས་པར་གཟུང་བར་འགྱུར་ར།ོ །གཞན་དབང་དེ་ནི་ཕྱི་རལོ ་གྱི་གཟུང་བ་མེད་པར་རང་ གི་བག་ཆགས་ཁ་ོནས་ལས་འབྱུང་བར་འགྱུར་ལ།རང་བཞིན་གྱིས་ཡདོ ་པ་དང་འདིའི་ལུགས་ཀྱི་དནོ ་དམ་པར་ སྒྲ་རྟགོ ་གི་སྤྲསོ ་པ་ཐམས་ཅད་ཀྱི་ཡུལ་མ་ཡིན་པའི་རང་བཞིན་ཅན་དུ་ཡང་ཡདོ ་པ་ཡིན་ ཏེ། ཕྱི་ནང་གི་མངོན་པར་བརྗོད་པ་ནི་དངོས་སུ་མ་བཏགས་པའི་རྣམ་པ་འཛིན་པའི་ཕྱིར་ ཏེ། ཇི་སྲིད་མངོན་པར་བརྗོད་པ་ཡོད་པ་དེ་སྲིད་དུ་དངོས་པོ་བརྗོད་པ་མ་ཡིན་ནོ། ། དེའི་ཕྱིར་མདརོ ་བསྡུ་ན།འདིར་གཞན་གྱི་དབང་གི་ང་ོབ་ོལ་ཁྱད་པར་གསུམ་རྣམ་པར་ གཞག་པར་འགྱུར་ཏེ། ཤེས་བྱ་ཕྱི་རོལ་མེད་པར་རང་གི་བག་ཆགས་ཁོ་ན་ལས་འབྱུང་
169

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
བ་དང་རང་བཞིན་གྱིས་ཡདོ་པ་ཉིད་དང་།དནོ ་དམ་པར་སྤྲསོ ་པ[འ་ོ]གཅིག་གི་ཡང་ཡུལ་མ་ ཡིན་པ་ཉིད་དོ། །གདགས་པར་ཡོད་པའི་དངོས་པོའ་ིརྒྱུ་ཉིད་ནི་རང་བཞིན་གྱིས་ཡོད་པ་ ཉིད་ལས་གྲུབ་པའི་ཕྱིར་དེ་ནི་ཁྱད་པར་གསུམ་པོ་ལས་ཐ་མི་དད་དོ་ཞེའ།ོ །
འདི་ལ་བཤད་པར་བྱ་སྟེ། ཕྱི་རོལ་མེད་སེམས་དཔེ་ནི་གང་དུ་ཡོད། །
ཅེས་འདི་ཉིད་ཡང་དག་པར་དཔྱད་པར་བྱའ།ོ །སྨྲས་པ། རྨི་ལམ་ཇི་བཞིན་ཞེ་ན་་་་་་་་་་་་་་་་་་་་་་་་་་་
དཔེར་ན་ཁང་མིག་ཤིན་ཏུ་ཆུང་ངུའི་ནང་དུ་ཉལ་ཞིང་། གཉིད་ཀྱིས་ལོག་པས་ཁང་ པའི་ནང་དུ་གླང་པོ་ཆེ་མྱོས་པའི་ཁྱུ་རྨིས་པ འི་གླང་པོ་ནི། ཁང་མིག་དེར་ཇི་[ཞིག་]ལྟར་ ཡང་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་རྨི་ལམ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་གྱི་ཡུལ་མེད་བཞིན་ དུ་གདོན་མི་ཟ་བར་རྣམ་པར་ཤེས་པ་རང་བཞིན་གྱིས་གྲུབ་པ་འདི་ཁས་བླང་བར་བྱའ་ོ ཞེ་ ན། །འདི་ཡང་སྙིང་པོ་མེད་པ་ཉིད་དུ་བསྟན་པའི་ཕྱིར་བཤད་པ་
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེ་བསམ་བྱ། ། ཡང་དཔྱད་པར་བྱ་བ་དེ་ཅི་ཞིག་ཅེ་ན། བཤད་པ།
གང་ཚེ་ང་ལ་རྨི་ལམ་ན་ཡང་སེམས། །
ཡོད་མིན་དེ་ཚེ་ཁྱོད་ཀྱི་དཔེ་ཡོད་མིན། །
གང་རྨི་ལམ་ན་བ་གླང་མྱསོ ་པའི་ཁྱུའི་རྣམ་པ་ཅན་གྱི་ཤེས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་ ནི། ཡུལ་གླང་པོ་ཆེ་མེད་པ་ལྟར་ཁོ་བོ་ཅག་གི་ལུགས་ལ་ཡོད་པ་མ་ཡིན་ཏེ། མ་སྐྱེས་པའི་ 170

སེམས་བསྐྱེད་པ་དྲུག་པ།
ཕྱིར་ར།ོ །རྣམ་པར་ཤེས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་ན་ཡང་དེའི་ཚེ་གཉི་ག་ལ་གྲུབ་ པའི་ཁྱེད་ཀྱི་དཔེ་ཡོད་པ་མ་ཡིན་པས། ཕྱི་རོལ་མེད་པར་རྣམ་པར་ཤེས་པ་ཡོད་པ་མ་ ཡིན་ནོ། །ཅི་སྟེ་རྨི་ལམ་ན་རྣམ་པར་ཤེས་པ་ནོར་བ་སྟེ་འཁྲུལ་པ་མེད་ན། དེའི་ཚེ་སད་ པས་རྨི་ལམ་གྱི་དུས་ཀྱི་ཉམས་སུ་མྱོང་བ་ཕྱིས་དྲན་པར་མི་འགྱུར་རོ་སྙམ་ན། འདི་ནི་ཤེས་ པ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་ན། ཤེས་པ་ཡེ་མེད་པར་བསམས་པའི་རྩོད་པའ།ོ །དེ་ལྟར་རྩོད་པ་འདི་ ཡང་མི་རུང་སྟེ། འདི་ལྟར།
གལ་ཏེ་སད་ཚེ་རྨི་ལམ་དྲན་ལས་ཡིད། ། ཅིའི་ཕྱིར་ཞེ་ན།ཡོད་ན་ཕྱི་རོལ་ཡུལ་ཡང་དེ་བཞིན་འགྱུར། །
ཇི་ལྟར་ཁྱོད་ཀྱིས་ངས་མཐོང་སྙམ་དྲན་པ། །
དེ་འདྲ་ཕྱི་རོལ་ལ་ཡང་ཡོད་པ་ཡིན། ། ཇི་ལྟར་ཁྱོད་ཀྱིས་སད་པའི་ཚེ་རྨི་ལམ་གྱི་དུས་སུ་ཉམས་སུ་མྱོང་བ་དྲན་པ་ཡོད་པ་ལས་ཡིད་ ཡདོ ་པ་ཉིད་ཡིན་པ་དེ་བཞིན་དུ།རྨི་ལམ་གྱི་ཚེ་ཡུལ་འདི་མཐངོ ་སྙམ་པའི་ཡུལ་[གྱི་]ཉམས་སུ་ མྱོང་བ་དེ་འདྲ་བ་༼ཁ དྲན་པ་༼ཀ ཡང་༼ག ཡོད་པས་ཡུལ་ཡང་ཡོད་པའམ། ཡང་ན་ རྣམ་པར་ཤེས་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་ངེས་པར་ཁས་བླང་བར་བྱའ།ོ །
འདིར་སྨྲས་པ། གལ་ཏེ་གླང་པོ་ཆེ་ལ་སོགས་པའི་གཟུགས་རྨི་ལམ་ན་ཡོད་ ན་དེ་གཟུང་བར་བྱ་བའི་ཕྱིར་དེ་འཛིན་པའི་མིག་གི་རྣམ་པར་ཤེས་པ་ཡང་རྨི་ལམ་ན་ཡདོ ་ པར་འགྱུར་[བ་ཞིག་]ན། དེ་ནི་ཡོད་པ་ཡང་རིགས་པ་མ་ཡིན་ཏེ། གཉིད་ལོག་པ་ན་གཉིད་
171

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཀྱིས་དཀྲུགས་པས་རྣམ་པར་ཤེས་པ་ལྔའི་ཚོགས་མི་སྲིད་པའི་ཕྱིར་རོ། །འདི་ལྟར། གལ་ཏེ་གཉིད་ནང་མིག་བློ་མི་སྲིད་པས། །
ཡོད་མིན་ཡིད་ཀྱི་ཤེས་པ་ཁོ་ན་ཡོད། ། དེ་ཡི་རྣམ་པ་ཕྱི་རོལ་ཉིད་དུ་ཞེན། ། རྨི་ལམ་ཇི་བཞིན་དེ་བཞིན་འདིར་འདོད་ན། །
སྟེ་རྨི་ལམ་དུ་མིག་གི་རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ཏེ། དེ་ མེད་པས་གླང་པ་ོཆེ་ལ་སགོ ས་པའི་གཟུགས་མིག་གི་སྐྱེ་མཆེད་ཀྱི་གཟུང་བར་བྱ་བ་ དེ་ཡདོ ་པ་མ་ཡིན་པ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཁ་ོ ན་ཡདོ ་པ་ཡིན་ན།ོ །དེའི་ཕྱིར་ ཕྱི་རོལ་གྱི་གཟུགས་ཀྱི་སྐྱེ་མཆེད་མེད་པ་ཁོ་ན་ཡིན་ཞིང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་ཕྱི་ རོལ་དེ འི་རྣམ་པ་སྣང་བ་ཙམ་ཕྱི་རོལ་ཉིད་དུ་མངོན་པར་ཞེན་པ་ནི་བཟློག་ཏུ་མེད་[དོ་] པར་འབྱུང་ངོ་། །ཇི་ལྟ[ར་] བ་རྨི་ལམ་དུ་ཕྱི་རོལ་མེད་པར་རྣམ་པར་ཤེས་པ་ཙམ་འབྱུང་ བ་དེ་བཞིན་དུ། སད་པའི་སྐབས་འདིར་ཡང་འདོད་པར་འགྱུར་རོ་ཞེ་ན། འདི་ནི་སྔར་གྱི་དཔེ་དེ་ མ་གྲུབ་ཏུ་ཆུག་ཀྱང་རྨི་ལམ་གྱི་དཔེས་སད་པའི་སྐབས་སུ་ཕྱི་རོལ་མེད་པའི་རྣམ་ཤེས་འགྲུབ་བོ་སྙམ་པའ།ོ །དེ་ ལྟར་ནི་མ་ཡིན་ཏེ། རྨི་ལམ་དུ་གཟུགས་ཀྱི་སྐྱེ་མཆེད་མེད་དུ་ཆུག་ཀྱང་། དེ་མེད་པའི་ཡིད་ཀྱི་རྣམ་ པར་ཤེས་པ་རང་བཞིན་གྱིས་གྲུབ་པ་རྨི་ལམ་ནའང་འབྱུང་བ་མི་སྲིད་པས།ཕྱི་རལོ ་མེད་པ་དང་ཡིད་ ཤེས་རང་བཞིན་གྱིས་ཡོད་པ་གཉིས་ཚོགས་པ་དེ་དཔེར་མི་རུང་བ འི་ཕྱིར་རོ། །འདི་ལྟར།
ཇི་ལྟར་ཁྱོད་ཀྱི་ཕྱི་ཡུལ་རྨི་ལམ་དུ། །
མ་སྐྱེས་དེ་བཞིན་ཡིད་ཀྱང་སྐྱེས་མ་ཡིན། །
172

སེམས་བསྐྱེད་པ་དྲུག་པ།
དེའི་ཕྱིར།
མིག་དང་མིག་གི་ཡུལ་དང་དེས་བསྐྱེད་སེམས། །
གསུམ་པོ་ཐམས་ཅད་ཀྱང་ནི་བརྫུན་པ་ཡིན། ། ཇི་ལྟར་སད་པའི་ཚེ་གཟུགས་མཐངོ ་བ་ནི།མིག་དང་གཟུགས་དང་ཡིད་དེ་གསུམ་པ་ོའདུས་ ཏེ་ཉེ་བར་གྱུར་པ་དེ་བཞིན་དུ། རྨི་ལམ་དུ་ཡང་ཡུལ་ཡོངས་སུ་གཅོད་པ་ན་གསུམ་ འདུས་པར་དམིགས་པ་ཡིན་ནོ། །ཇི་ལྟར་རྨི་ལམ་དེར་མིག་དང་མིག་གི་ཡུལ་གཟུགས་ གཉིས་མེད་པ་དེ་བཞིན་དུ།དེ་གཉིས་ཀྱིས་བསྐྱེད་པའི་མིག་གི་རྣམ་པར་ཤེས་པ་ཡང་ཡདོ ་ པ་མ་ཡིན་ནོ། །གསུམ་པོ་འདི་དག་ཇི་ལྟར་དེ་བཞིན་དུ། །
རྣ་སོགས་གསུམ་པོའང་ལྷག་མ་སྐྱེ་བ་མེད། ། རྣ་སོགས་ཞེས་བྱ་བའི་སོགས་པའི་སྒྲས་ནི་སྒྲ འི་སྐྱེ་མཆེད་ནས་རེག་བྱའི་སྐྱེ་མཆེད་ཀྱི་བར་ བཞི་དང་། རྣ་བའི་དབང་པ་ོ ནས་ལུས་དབང་གི་བར་བཞི་དང། རྣ་བའི་རྣམ་པར་ཤེས་པ་ནས་ལུས་ ཀྱི་རྣམ་པར་ཤེས་པའི་༼ཁ སྔར་མིག་གི་གསུམ་ལ་བཤད་པ་བཞིན་དུ། རྨི་ལམ་ན་དེ་དག་མེད་ཀྱང་དེ་དག་གི་ རྣམ་པར་སྣང་བས་བརྫུན་པ་དང། ཡིད་དང་ཆསོ ་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པ[འི་] གསུམ་ནི་རྨི་ལམ་ན་ཡོད་ཀྱང་རང་བཞིན་གྱིས་མེད་བཞིན་དུ་དེར་སྣང་བས་བརྫུན་པ་༼ཀ བར་བསྡུ ས་ ནས་༼ག འ།ོ །དེའི་ཕྱིར་རྨི་ལམ་དུ་གསུམ་པ་ོ འདི་དག་ཐམས་ཅད་བརྫུན་པ་དེའི་ཕྱིར་ རྨི་ལམ་ན་ཡིད་ཀྱི་རྣམ་པར་ཤེས་པ་རང་བཞིན་་གྱིས་ཡདོ ་ད་ོ ཞེས་བྱ་བ་དེ་མི་རིགས་ས།ོ ། འདིར་སེམས་པས་གལ་ཏེ་གཉིད་ནང་ཞེས་སགོ ས་ཀྱིས་བཤད་པ་བཞིན་དུ་རང་ལུགས་བཞག་པ་ལ།སླབོ ་དཔནོ ་ ལེགས་ལྡན་འབྱེད་ཀྱིས་ཀྱང་དཔེ་མ་གྲུབ་པའི་ལན་དུ་གང་ཞིག་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་
173

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
པའི་གཟུགས་ཡིད་ཀྱི་རྣམ་པར་ཤེས་པས་གཟུང་བར་བྱ་བ་ཞིག་རྨི་ལམ་ན་ཡོད་དེ། དེའི་ཕྱིར་རྣམ་པར་ཤེས་པ་ནི་ཡུལ་མེད་པར་འགར་ཡང་ཡོད་པ་མ་ཡིན་ནོ་སྙམ་དུ་ སེམས་པ་དེ་ཡང་རིགས་པ་མ་ཡིན་པ་ཉིད་དེ། ༼ཁ རྨི་ལམ་ན་ཡང་རྣམ་པ་ཐམས་ཅད་ དུ་༼ཀ ཡུལ་དབང་རྣམ་ཤེས་གསུམ་པ་ོ ༼ག རང་བཞིན་གྱིས་གྲུབ་པ་ནི་མི་སྲིད་པའི་ཕྱིར་ར།ོ །ཅི་ སྟེ་སེམས་ཙམ་པ་གཞན་གྱི་གཞུང་ལུགས་ཕྱིའི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་དོན་གཞན་མེད་ པ་ལ། སྨི་ལམ་གྱི་དཔེར་འཇོག་པ་དེས་སེལ་ནུས་པས། དེ་བསལ་བར་བྱ་བའི་ཕྱིར་དེ་ལྟར་གཟུགས་ རང་བཞིན་གྱིས་གྲུབ་པར་ཁས་ལེན་ན་ནི། དེའི་ཚེ་དབུ་མ་པས་བདེན་མེད་སྒྲུབ་པ་ལ་རྨི་ལམ་གྱི་ དཔེ་བཀདོ ་པ་དནོ ་མེད་པ་ཉིད་དུ་འགྱུར་ཏེ།རྨི་ལམ་དེ་བརྫུན་པ་མ་ཡིན་པའི་དནོ ་ཅན་ ཡིན་པ་ཏེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཉིད་ཀྱི་དཔེ་ལས་བྱུང་བ་སྟེ། དེས་མཚོན་པའི་དངོས་ ཀྱི་དོན་བརྫུན་པའི་དོན་ཅན་ཉིད་དུ་གྲུབ་པ་བསྟན་པ་མི་སྲིད་པའི་ཕྱིར་ཏེ། རང་བཞིན་ བགྱིས་གྲུབ་པ་མ་བཀག་བར་དུ།བདེན་མེད་སྒྲུབ་པའི་རྟགས་ཆསོ ་དཔེ་ལ་རྗེས་སུ་འགྲ་ོབ་མི་སྲིད་པའི་ཕྱིར་ར།ོ།
གང་གི་ཕྱིར་རྨི་ལམ་ན་ཡུལ་དབང་རྣམ་ཤེས་སུ་སྣང་བ་གསུམ་ཆར་ཡང་མི་བདེན་ པ་དེའི་ཕྱིར།རྨི་ལམ་བདེན་མེད་དུ་རབ་ཏུ་གྲུབ་པའི་སྒ་ོནས་ཆསོ ་གཞན་བདེན་མེད་དུ་མ་གྲུབ་ པ་རྣམས་བསྒྲུབ་པའི་ཕྱིར། སད་པའི་ཚེ་ན་ཡང་ཆོས་ཐམས་ཅད་རང་བཞིན་མེད་པ་ ཉིད་དུ་བསྒྲུབ་པར་འགྱུར་རོ་ཞེས་བཤད་པ།
རྨི་ལམ་ཇི་ལྟར་དེ་བཞིན་སད་འདིར་ཡང་། ། དངོས་རྣམས་བརྫུན་ཡིན་སེམས་དེ་ཡོད་མ་ཡིན། ། སྤྱོད་ཡུལ་མེད་ཅིང་དབང་པོ་རྣམས་ཀྱང་མེད། །
174

སེམས་བསྐྱེད་པ་དྲུག་པ།
ཇི་ལྟར་རྨི་ལམ་དུ་ཡུལ་དང་དབང་པ་ོ དང་རྣམ་པར་ཤེས་པ་རྣམས་བརྫུན་པ་དེ་བཞིན་ དུ་སད་པའི་སྐབས་ན་ཡང་དངསོ ་པ་ོརྣམས་བརྫུན་པ་ཡིན་ན་ོཞེས་ཤེས་པར་བྱའ།ོ།དེའི་ཕྱིར་ མདོ་ལས། ཇི་ལྟར་སྒྱུ་མའི་སེམས་ཅན་དམིགས་པ་ལྟར། །སྣང་ཡང་དེ་ཉིད་དུ་ན་ཡང་ དག་མིན།།སྒྱུ་མ་ལྟ་བུ་རྨི་ལམ་དང་འདྲ་བ།།དེ་ལྟའི་ཆསོ ་ནི་བདེ་བར་གཤེགས་པས་ བསྟན།།ཞེས་བྱ་བ་དང་།དེ་བཞིན་དུ།སྲིད་པའི་འགྲ་ོབ་རྨི་ལམ་ལྟ་བུ་སྟེ།།འདི་ལ་སུ་ ཡང་མི་སྐྱེ་འཆི་བ་མེད།།སེམས་ཅན་མིང་དང་སྲགོ ་ཀྱང་མི་རྙེད་དེ།།ཆསོ ་འདི་རྣམས་ ནི་ལྦུ་བ་ཆུ་ཤིང་འདྲ།།ཞེས་བྱ་བ་ལ་སགོ ས་པ་[ཡང་]དེ་དག་གིས་རྨི་ལམ་གྱི་དཔེས་ཆསོ ་ཐམས་ ཅད་དེ་ཁོ་ནར་མ་གྲུབ་པར་བཤད་པ་དེ་དབུ་མ་པ་ལ་འགྲིག་གི །སེམས་ཙམ་ལ་མི་འགྲིག་པས་ལེགས་པར་ བཤད་པར་འགྱུར་རོ། །དེའི་ཕྱིར་སད་པའི་ཤེས་པ་ལ་ལྟོས་ནས་གསུམ་ཆར་ཡང་མ་ སྐྱེས་པར་བཤད་ལ། རྨི་ལམ་ན་རྨི་ལམ་རྨི་བཞིན་པའི་ཤེས་པ་ལ་ལྟོས་ནས་ནི།
འདི་ན་ཇི་ལྟར་སད་བཞིན་ཇི་སྲིད་དུ། །
མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། ། འཇིག་རྟེན་འདི་ན་ཇི་ལྟར་མི་ཤེས་པའི་གཉིད་ཡོད་ཀྱང་། དེ་ལས་ཐ་དད་པའི་ཐ་མལ་ པའི་གཉིད་དང་བྲལ་བས་སད་པ་འགའ་ཞིག་ལ། རང་གི་བདག་ཉིད་ཀྱིས་མ་སྐྱེས་ ཀྱང་མ་རིག་པའི་གཉིད་ཀྱིས་རྨི་ལམ་རྨི་བཞིན་པས་དམིགས་པ འི་ངོ ར། གསུམ་ཆར་ ཡང་ཡོད་པ་དེ་བཞིན་དུ་ཇི་སྲིད་དུ་གཉིད་དང་མ་བྲལ་བ་རྨི་ལམ་གྱི་གནས་སྐབས་ ལས་མ་ལངས་པ་རྣམས་ལ་ཡང་། དེའི་ངོར་དེ་ལྟ་བུའི་རང་བཞིན་ཅན་ཡུལ་དབང་རྣམ་ ཤེས་གསུམ་ཆར་ཡང་ཡོད་དོ། །
175

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
སད་པར་གྱུར་ན་གསུམ་ཆར་ཡོད་མིན་ལྟར། །
གཏི་མུག་གཉིད་སད་ལས་དེ་དེ་བཞིན་ནོ། ། ཇི་ལྟར་གཉིད་སད་པས་སད་པར་གྱུར་པ་ན་རྨི་ལམ་དུ་དམིགས་པ་གསུམ་པོ་ཡོད་ པ་མ་ཡིན་པ་དེ་བཞིན་དུ། མ་རིག་པའི་གཉིད་མ་ལུས་པར་དྲུངས་ཕྱུང་བ་ལས་ཆོས་ ཀྱི་དབྱིངས་མངོན་སུམ་དུ་མཛད་པ འི་སངས་རྒྱས་རྣམས་ལ་ནི་༼ཁ ཡང་༼ཀ གསུམ་ ཆར་༼ག ཡོད་པ་མ་ཡིན་པས། ཕྱི་རོལ་མེད་པར་རྣམ་པར་ཤེས་པ་ཡོད་པ་མ་ཡིན་ ནོ། །དེ་ཡང་ཇི་ལྟ་བ་གཟིགས་པའི་ངོར་ནི་གསུམ་པོ་མི་སྣང་ལ། ཇི་སྙེད་པ་གཟིགས་པའི་ངོར་ནི་ཡུལ་ཅན་ རང་ཉིད་མ་རིག་པའི་བག་ཆགས་ཀྱིས་བསླད་པའི་དབང་གིས་སྣང་བ་མེད་ཀྱང། གང་ཟག་གཞན་གྱི་ཤེས་ པ་བསླད་པའི་དབང་གིས་སྣང་བ་རྣམས། དེ་ལ་སྣང་བའི་སྒོ་ནས་སངས་རྒྱས་ལ་སྣང་ནས་མཁྱེན་པ་ཡིན་ནོ། །
འ་ོན་རབ་རིབ་ཅན་གྱིས་ཡོད་པ་མ་ཡིན་པའི་སྐྲ་ཤད་ལ་སོགས་པ་དམིགས་ པའི་ཕྱིར་ཕྱི་རོལ་མེད་ཀྱང་རྣམ་པར་ཤེས་པ་རང་བཞིན་གྱིས་ཡོད་པ་ཡིན་ནོ་ཞེ་ན། དེ་ ཡང་མི་འཐད་དེ། ཅིའི་ཕྱིར་ཞེ་ན།
དབང་པོ་རབ་རིབ་བཅས་པའི་བློ་གང་གིས། ། རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། ། དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། ། དོན་གསལ་མཐོང་ལ་གཉི་གའང་བརྫུན་པ་ཡིན། །
རྨི་ལམ་ཁོ་ན་ལྟར་བལྟ་བར་བྱའ།ོ །རབ་རིབ་ཅན་གྱི་གང་ཟག་དེའི་བློ་ཡི ས་མཐོང་བ་ལ་ ལྟོས་ན[ས་] ནི། མིག་ཤེས་དང་སྐྲ་ཤད་ཀྱི་རྣམ་པ་སྟེ་སྐྲ་ཤད་དུ་སྣང་བའི་ཡུལ་ཡང་ཡོད་པ་ཡིན་ 176

སེམས་བསྐྱེད་པ་དྲུག་པ།
ལ། རབ་རིབ་མེད་པའི་མིག་གིས་མཐོང་བ་ལ་ལྟོས་ན[ས་] ནི་སྐྲ་ཤད་དུ་སྣང་བ་དང། དེ་སྣང་ བའི་ཤེས་པ་གཉི་ག་ཡང་མ་སྐྱེས་པ་ཉིད་[དོ་] ཡིན་ཏེ། སྣང་ཙམ་གྱི་ཡུལ་ཡང་མེད་པར་ཤེས་ པ་1ཡདོ ་པ་ངེས་པར་དཀའ་བའི་ཕྱིརར།ོ །འདི་ནི་གདནོ ་མི་ཟ་བར་དེ་ལྟར་ངེས་པར་འདདོ ་ པར་བྱ་དགོས་[ཏེ་] སོ། །དེ་ལྟར་མ་ཡིན་ཏེ།
གལ་ཏེ་ཤེས་བྱ་མེད་པར་བློ་ཡོད་ན། ། སྐྲ་དེའི་ཡུལ་དང་མིག་ནི་རྗེས་འབྲེལ་བའི། ། རབ་རིབ་མེད་ལའང་སྐྲ་ཤད་བློར་འགྱུར་ན། ། དེ་ལྟ་མ་ཡིན་དེ་ཕྱིར་དེ་ཡོད་མིན། །
གལ་ཏེ་རབ་རིབ་ཅན་ལ་སྐྲ་ཤད་དག་མེད་པར་སྐྲ་ཤད་ཀྱི་རྣམ་པ་ཅན་གྱི་རང་བཞིན་ གྱིས་གྲུབ་པའི་ཤེས་པ་སྐྱེ་བ་ཡདོ ་ན། ༼ཁ ཡུལ་༼ཀ གང་དུ་རབ་རིབ་ཅན་གྱིས་སྐྲ་ཤད་དག་ མཐོང་བ འི་༼ག དེར་མིག་གཏད་པའི་རབ་རིབ་མེད་པ་ལ་ཡང་རབ་རིབ་ཅན་དེ་དང་ འདྲ་བར་སྐྲ་ཤད་[ཀྱི་] མཐོང་བའི་བློ་སྐྱེ་བ་ཡོད་པར་འགྱུར་ཏེ། ཡུལ་མེད་པར་མཚུངས་ པའི་ཕྱིར་ར།ོ།རབ་རིབ་མེད་པ་ལ་སྐྲ་ཤད་དུ་སྣང་བའི་བླ་ོསྐྱེ་བ་དེ་ལྟ་མ་ཡིན་པ་དེའི་ཕྱིར་ཕྱི་རལོ ་གྱི་ཡུལ་ མེད་པར་རང་བཞིན་གྱིས་གྲུབ་པའི་རྣམ་པར་ཤེས་པ་སྐྱེའ་ོཞེས་བྱ་བ་དེ་ནི་མི་རིགས་སོ། །
འདིར་གལ་ཏེ་སྐྲ་ཤད་དུ་སྣང་བའི་སྐྲ་ཤད་ལྟ་བུའི་ཡུལ་གྱི་ཡོད་པ་ཉིད་རྣམ་པར་ཤེས་ པ་སྐྱེ་བའི་རྒྱུ་ཡིན་ན་ནི། འདི་དེ་ལྟར་རབ་རིབ་མེད་པ་ལ་ཡང་སྐྲ་ཤད་སྣང་བར་འགྱུར་བ་ཞིག་ [གོ]དེ་མིན་ནོ།།འ་ོན་ཅི་ཞེ་ན།རྣམ་པར་ཤེས་པ་སྐྱེ་བའི་བག་ཆགས་སྔར་གཞག་པ་དེ་
1
177

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
སྨིན་དང་མ་སྨིན་པ་དེ་དག་རྣམ་པར་ཤེས་པ་སྐྱེ་བ་དང་མི་སྐྱེ་བ་དག་གི་རྒྱུ་ཡིན་ ཏེ། དེའི་ཕྱིར་གང་ལ་སྐྲའི་རྣམ་པ་ཅན་གྱི་ཤེས་པ་སྔ་མ་གཞན་གྱིས་བཞག་པའི་བག་ ཆགས་ཡངོ ས་སུ་སྨིན་པ་ཡདོ ་པ་དེ་ཁ་ོན་ལ་སྐྲ་ཤད་དེའི་རྣམ་པ་ཅན་གྱི་ཤེས་པ་འབྱུང་ གི་གཞན་ལ་ནི་མ་ཡིན་ནོ་ཞེས་སྨྲའ།ོ །འདི་ཡང་མི་རུང་ངོ་ཞེས་བཤད་པ།
གང་ཕྱིར་མཐོང་བ་དག་ལ་བློ་ནུས་ནི། ། སྨིན་མེད་དེ་ལྟར་དེ་ལ་བློ་མི་འབྱུང་། ། ཤེས་བྱ་ཡོད་དངོས་བྲལ་བས་མིན་ཞེ་ན། ། ནུས་དེ་མེད་པས་འདི་ནི་འགྲུབ་མ་ཡིན། །
ཤེས་བྱ་སྐྲ་ཤད་དུ་ཡོད་པའི་དངོས་པོ་དང་བྲལ་བ་ནི་ཤེས་བྱ་ཡོད་པ་མ་ཡིན་པ་ཞེས་ བྱ་བའི་དོན་ཏོ། །
གལ་ཏེ་ནུས་པ་ཞེས་བྱ་བ་རང་བཞིན་གྱིས་གྲུབ་པ་ཅིག་འབའ་ཞིག་ཡོད་ན་ནི། དེའི་ ཚེ་ནུས་པ་དེ་སྨིན་པ་དང་མ་སྨིན་པ་དག་ལ ས་རྣམ་པར་ཤེས་པ་འབྱུང་བ་དང་མི་འབྱུང་ བ་དག་ཏུ་འགྱུར་བ་ཞིག་[གོ] ཡོད་དུ་ཆུག་ན་ཡང། ནུས་པ་ངོ་བོ་ཉིད་ཀྱིས་གྲུབ་པ་དེ་མེད་པ་དེའི་ ཕྱིར། འདི་ནི་མི་འགྲུབ་བོ། །ཡང་ཇི་ལྟར་ན་ནུས་པ་ཡོད་པ་མ་ཡིན་ཞེ་ན། བཤད་པ།
སྐྱེས་ལ་ནུས་པ་སྲིད་པ་ཡོད་མ་ཡིན། །
མ་སྐྱེས་ངོ་བོ་ལ་ཡང་ནུས་ཡོད་མིན། །
འདིར་ནུས་པ་འདི་ཡངོ ས་སུ་རྟགོ ་པ་ན་རྣམ་པར་ཤེས་པ་ད་ལྟར་བའི་འབྲེལ་བ་ཅན་ ཞིག་གམ། རྣམ་པར་ཤེས་པ་འདས་པ་དང་མ་འངོ ས་པའི་འབྲེལ་བ་ཅན་ཞིག་ཏུ་ 178

སེམས་བསྐྱེད་པ་དྲུག་པ།
འགྱུར་གྲང་། དེ་ལ་རེ་ཞིག་རྣམ་པར་ཤེས་པ་སྐྱེས་པ་སྟེ་ད་ལྟ་བ་ལ་ནུས་པ་ངོ་བོ་ཉིད་ཀྱིས་ གྲུབ་པ་སྲིད་པ་མ་ཡིན་[ཏེ]ལ།མ་སྐྱེས་པ་མ་འངོས་པའི་ངོ་བོ་ལ་ཡང་ནུས་པ་ཡོད་པ་མ་ཡིན་ནོ།།དེ་ལ་ རེ་ཞིག་རྣམ་ཤེས་ད་ལྟ་བ་ལ་ནུས་པ་འདོད་པ་ན་ གང་གི་ཚེ་རྣམ་ཤེས་དང་ནུས་པ་གཉིས་ཀ་དུས་མཚུངས་ སུ་འགྱུར་ལ། དེའི་ཚེ་ནུས་པ་དང་ནུས་པ་ཅན་གཉིས་ལ་ནུས་པའི་རྣམ་ཤེས་ཞེས་དྲུག་པ་ཡིན་པ་དེའི་ ཚེ་ནི། དེ་གཉིས་དོན་གཞན་དུ་མི་རིགས་པས་ནུས་པའི་རྣམ་པར་ཤེས་པ་འབྲས་བུའི་ངོ་བོ་གྱུར་ པ་ནི་རྒྱུ་ནུས་པ་ཉིད་དུ་ཡང་ཡདོ ་ད་ོཞེས་བྱ་བར་རིགས་པ་མ་ཡིན་ན།ོ།གལ་ཏེ་ཡིན་ན་ ནི་འབྲས་བུ་ལ་རང་ལས་གཞན་པའི་རྒྱུ་མེད་པ་ཅན་དུ་འགྱུར་ཞིང་མྱུ་གུ་སྐྱེས་པ་ན་ཡང་ ས་བནོ ་མི་འཇིག་པར་འགྱུར་ར།ོ །དེའི་ཕྱིར་སྐྱེས་པའི་རྣམ་པར་ཤེས་པ་ལ་ནུས་པ་མི་ སྲིད་དེ། གང་གི་ཚེ་ནུས་པ་དང་ནུས་པ་ཅན་གཉིས་ལ་ནུས་པ་ལས་རྣམ་ཤེས་ཞེས་རྣམ་དབྱེ་ལྔ་པ་ ཡིན་པ་དེའི་ཚེ་ནི་རྣམ་པར་ཤེས་པ་སྐྱེས་པ་དུས་མཉམ་པའི་ནུས་པ་ལས་འབྱུང་བར་མི་ རིགས་ཏེ། རྒྱུའི་དུས་ན་འབྲས་བུ་ཡང་ཡོད་པའི་ཕྱིར་ཞེས་སྔར་བཤད་ཟིན་ཏོ། །དེ་ལྟར་ན་ རེ་ཞིག་རྣམ་ཤེས་སྐྱེས་པ་སྟེ་ད་ལྟ་བ་ལ་དེའི་རྒྱུ་ནུས་པ་སྲིད་པ་ཡདོ ་པ་མ་ཡིན་ན།ོ །མ་སྐྱེས་ པའི་རང་བཞིན་ཅན་གྱི་རྣམ་པར་ཤེས་པ་ལ་ཡང་ནུས་པ་ཡདོ ་པ་མ་ཡིན་ཏེ།གང་གི་ ཕྱིར། ཁྱད་པར་མེད་པར་ཁྱད་པར་ཅན་ཡོད་མིན། །
མོ་གཤམ་བུ་ལའང་དེ་ནི་ཡོད་པར་ཐལ། ། ཁྱད་པར་མེད་པར་ཁྱད་པར་དུ་བྱ་བ་ཡདོ ་པ་མ་ཡིན་པ་ཉིད་ད།ོ །ཅི་ལྟར་ཞེ་ན། རྣམ་ པར་ཤེས་པའི་ནུས་པ་ཞེས་སྦྱར་བ་ན་རྣམ་པར་ཤེས་པ་ནི་ནུས་པའི་ཁྱད་པར་གྱི་ཆསོ ་ཡིན་ ལ། ནུས་པ་ནི་ཁྱད་པར་གྱི་གཞི་ཡིན་ན།ོ །དེ་ལ་རྣམ་ཤེས་གང་མ་སྐྱེས་པ་མ་འངོ ས་པ་དེ་ནི་
179

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
རྣམ་པར་ཤེས་པ[འམ]། ༼ཁ རྣམ་པར་ཤེས་པ་༼ཀ མ་ཡིན་ཞེས་བྱ་བར་དགག་པ འི་ང་ོ བསོ ་བསྟན་པར་མི་ནུས་པ་དང་། ༼ག འ་ོ ཞེས་སྒྲུབ་པའི་ང་ོ བསོ ་བསྟན་པར་མི་ནུས་ས།ོ ། གང་གི་ཚེ་རྣམ་ཤེས་མ་འངོ ས་པ་ལྟར་རྣམ་ཤེས་སུ་མེད་པ་དེ་ལྟར་ཡིན་པ་དེའི་ཚེ་ནུས་པ་འདི་ནི་རྣམ་ ཤེས་ འདིའི་ནུས་པའ་ོ ཞེས་བྱ་བར་གང་གིས་ནུས་པ་ཁྱད་པར་དུ་བྱེད་པར་འགྱུར་རོ། །གང་གི་ཚེ་དེ་ལྟར་ན་ཁྱད་པར་དུ་བྱས་པ་ཅན་གྱི་ནུས་པ་ཡོད་པ་མ་ཡིན་པ་དེའི་ཚེ་རྣམ་ ཤེས་འདི་ནི་ནུས་པ་འདི་ལས་འབྱུང་ང་ོ ཞེས་ཁྱད་པར་དུ་མ་སྨྲས་པ་འདིས་ནི་ཅུང་ཟད་ ཀྱང་བསྟན་པར་མི་འགྱུར་ར།ོ །ཡང་གལ་ཏེ་ཁྱད་པར་རྣམ་ཤེས་མ་སྐྱེས་པ་ལ་དེས་ཁྱད་པར་དུ་ བྱས་པ་ཅན་གྱི་ནུས་པ་ཡོད་པར་འདོད་ན། མོ་གཤམ་གྱི་བུ་ལ་ཡང་དེའི་ནུས་པ་ཡོད་པ་འདོད་ པར་བྱ་དགོས་ཏེ། དེའི་ཕྱིར་མ་སྐྱེས་པ་ལ་ནུས་པ་ཡོད་པ་མ་ཡིན་ནོ། །ཅི་སྟེ་རྣམ་ པར་ཤེས་པ་གང་ཞིག་ནུས་པ་ལས་སྐྱེ་བར་འགྱུར་བའི་རྣམ་པར་ཤེས་པ་འབྱུང་བར་ འགྱུར་བ་དེ་སྙིང་ལ་བསམས་ནས། རྣམ་པར་ཤེས་པ་འདིའི་ནུས་པ་འདི་ཡིན་ཞིང་ནུས་ པ་འདི་ལས་རྣམ་ཤེས་འདི་འབྱུང་བར་འགྱུར་ར་ོ ཞེས་དེ་ལྟར་ཁྱད་པར་དང་ཁྱད་པར་གྱི་ གཞིའི་དངོས་པོ[་འགྲུབ་པ]ར་འགྱུར་ཏེ། ཇི་སྐད་དུ་འཇིག་རྟེན་ན་འབྲས་ཆན་ཚོས་ ཤིག་ཅེས་པ་དང། སྣལ་མ་འདི་ལ་རས་ཡུག་ཐགོ ས་ཤིག་ཅེས་འབྱུང་འགྱུར་གྱི་འབྲས་ཆན་དང། སྣམ་བུ་ལ་བསམས་ནས་དེ་སྐད་སྨྲས་ལ།བསྟན་བཅསོ ་མཛོད་ལས་ཀྱང་།མངལ་དུ་འཇུག་པ་ གསུམ་དག་སྟེ།།འཁརོ ་ལསོ ་སྒྱུར་དང་རང་བྱུང་གཉིས།།ཞེས་འཁརོ ་སྒྱུར་སགོ ས་སུ་འགྱུར་རྒྱུ་ ཞིག་མངལ་དུ་འཇུག་པ་ལ། དེ་དག་མངལ་དུ་འཇུག་པར་བཤད་པ་བཞིན། འབྱུང་བར་འགྱུར་བའི་རྣམ་ཤེས་ལ་ བསམས་ནས་རྣམ་ཤེས་ཀྱི་ནུས་པ་ཞེས་བཤད་པར་འདདོ ་ད་ོསྙམ་ན།དེ་ཡང་སྙིང་པ་ོམེད་པ་ཉིད་ 180

སེམས་བསྐྱེད་པ་དྲུག་པ།
དུ་བརྗོད་པའི་ཕྱིར་བཤད་པ། གལ་ཏེ་འབྱུང་བར་འགྱུར་བས་བསྙད་འདོད་ན། །
ནུས་པ་མེད་པར་འདི་ཡི་འབྱུང་འགྱུར་མེད། ། རེས་འགའ་གང་ཞིག་ཏུ་ཡོད་པར་འགྱུར་ན་ནི་འབྲས་བུ་དེ་ད་གཟོད་འབྱུང་བར་འགྱུར་ གྱི། རྟག་ཏུ་དུས་ནམ་གྱི་ཚེ་ཡང་འབྱུང་བ་མ་ཡིན་པར་ངེས་པ་མོ་གཤམ་གྱི་བུ་ལ་སོགས་ པའམ་འདུས་མ་བྱས་ཀྱི་ནམ་མཁའ་ལ་སགོ ས་པ་ནི་ད་ལྟ་དང་དུས་ཕྱིས་གང་དུ་ཡང་འབྱུང་བར་མི་ འགྱུར་ར།ོ །དེའི་ཕྱིར་འདིར་གལ་ཏེ་རང་བཞིན་གྱིས་གྲུབ་པའི་ནུས་པ་ཡདོ ་པར་འགྱུར་ན་ནི། རྣམ་པར་ཤེས་པ་འབྱུང་བར་འགྱུར་བ་ཉིད་དུ་འགྱུར་བ་ཞིག་ན་སྟེ་རྣམ་ཤེས་འབྱུང་དུ་ཆུག་ ཀྱང།གང་གི་ཚེ་༼ཁརྣམ་པར་ཤེས་པ་རང་བཞིན་གྱིས་གྲུབ་པ་ནི།༼ཀད་ལྟ་མ་འངོས་པ འི་ ༼ག དུས་ནམ་ཡང་ཡོད་པ་མ་ཡིན་པ་ཉིད་ཀྱིས་དེ་སྐྱེད་པའི་ནུས་པ་གཏན་མེད་པ་ཉིད་ ཡིན་པ་དེའི་ཚེ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་རང་བཞིན་གྱིས་གྲུབ་པའི་རྣམ་ཤེས་ སྐྱེད་པའི་ནུས་པ་མེད་པར་རང་བཞིན་གྱིས་གྲུབ་པའི་རྣམ་ཤེས་དེའི་འབྱུང་བར་འགྱུར་བ་ཉིད་ ཡོད་པ་མ་ཡིན་ནོ། །རིགས་པ་འདིས་ནི་འབྲས་ཆན་ལ་སོགས་པ་དག་ཀྱང་བཤད་པ་ ཡིན་[ནོ] ཏེ། རང་བཞིན་གྱིས་སྐྱེ་བ་ལྟར་ན། འབྲས་ཆན་སོགས་འབྱུང་འགྱུར་ཡང་གཏན་མེད་པའི་ཕྱིར་ རོ། །གཞན་ཡང་རྣམ་པར་ཤེས་པ་[དང་] འབྱུང་འགྱུར་ཡོད་པ་ལ་ལྟོས་ནས་དེའི་ནུས་པ་འཇོག་ པས་ཕན་ཚུན་ལྟསོ ་ནས་གྲུབ་པར་འགྱུར་ལ་རག་ལས་མདོ །དེ་ལྟ་ན་ཡང་གཞན་གྱི་དབང་ གི་ངོ་བོ་ཡོད་པ་ཉིད་མ་ཡིན་ཏེ། འདི་ལྟར།
ཕན་ཚུན་དོན་ལ་བརྟེན་པའི་གྲུབ་པ་ནི། །
181

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
གྲུབ་མིན་ཉིད་ཅེས་དམ་པ་རྣམས་ཀྱིས་གསུངས། །
༼ཁ རྣམ་པར་ཤེས་པ་ཡོད་ན་ནི་དེའི་ནུས་པ་ལ་ལྟོས་ནས་འཇོག་པ་ཡིན་ལ། ༼ཀ ནུས་ པ་དེ་ལས་རྣམ་པར་ཤེས་པ་འབྱུང་བ་ཡིན་ནོ་ཞེས་༼ག དེ་ལྟར་ཕན་ཚུན་གྱི་དོན་ལ་ བརྟེན་པའི་འགྲུབ་པར་འགྱུར་ར།ོ །དེ་ལྟར་འགྱུར་མདོ ་ཅེ་ན། རྣམ་པར་ཤེས་པ་རང་བཞིན་ གྱིས་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དཔེར་ན་རིང་པོ་ཡོད་ན་ཐུང་ངུར་ འགྱུར་ལ་ཐུང་ངུ་ཡོད་ན་རིང་པོར་འགྱུར་ཞིང་། ཕ་རོལ་ཡོད་ན་ཚུ་རོལ་དུ་འགྱུར་ ལ་ཚུ་རོལ་དུ་ཡོད་ན་ཕ་རོལ་དུ་འགྱུར་བ་ལྟར་བཏགས་པར་འགྱུར་གྱི་དེ་དག་ལ་ གྲུབ་པ་རང་བཞིན་པ་མེད་ད།ོ །ཞེས་དེ་དག་ལ་གྲུབ་པ་སྤྱིར་འགགོ ་པ་མིན་གྱི་རང་བཞིན་་གྱིས་གྲུབ་པ་ འགགོ ་པའི་ཁྱད་པར་རྣམས་ཤེས་པར་བྱའ།ོ།དེ་ལྟ་ཡིན་པར་སྨྲ་ན་ནི་ཁ་ོབ་ོཅག་གི་སྨྲ་བའི་རྗེས་སུ་ འབྲང་བ་ཉིད་དུ་འགྱུར་རོ། །ཇི་སྐད་དུ། བཞི་བརྒྱ་པ་ལས། འབྲས་བུ་མེད་པར་རྒྱུ་ཡི་ ནི།།རྒྱུ་ཉིད་ཡདོ ་པ་མ་ཡིན་པ།།དེ་ཡི་ཕྱིར་ན་འབྲས་བུ་ཀུན།།རྒྱུ་ཉིད་དུ་ནི་ཐལ་བར་ འགྱུར།།ཞེས་བཤད་ལ།བསྟན་བཅསོ ་ལས་ཀྱང་།གལ་ཏེ་དངསོ ་པ་ོགང་ལྟསོ ་འགྲུབ།། དེ་ཉིད་ལ་ཡང་ལྟསོ ་ནས་ནི།།ལྟསོ ་བྱ་གང་ཡིན་དེ་འགྲུབ་ན།།གང་ལ་ལྟསོ ་ནས་གང་ ཞིག་འགྲུབ། །ཅེས་གསུངས་སོ། །འདིའི་དོན་ནི་འདི་ཡིན་ཏེ། གལ་ཏེ་དངོས་པོ་རྣམ་ པར་ཤེས་པ་ལ་སགོ ས་པ་གང་ཞིག་ནུས་པའི་ཁྱད་པར་ལ་ལྟསོ ་ནས་འགྲུབ་པ་དེ་ཉིད་ ལ་ཡང་ལྟོས་ནས་རྣམ་པར་ཤེས་པའི་བདག་ཉིད་འགྲུབ་པར་བྱ་བའི་ཕྱིར། ལྟོས་པར་ བྱ་བ་དངོས་པོ་ནུས་པའི་ཁྱད་པར་གང་ཡིན་པ་དེ་འགྲུབ་ན། དེ་ནི་གཉི་ག་འགྲུབ་ པར་བྱ་བ་གང་ལ་ལྟསོ ་ནས་གང་ཞིག་འགྲུབ་པར་འགྱུར་བ་བརྗདོ ་པར་བྱ་དགསོ ་ས།ོ །
182

སེམས་བསྐྱེད་པ་དྲུག་པ།
གཞན་ཡང་། དངོས་པོ་ལྟོས་འགྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཇི་ལྟར་ལྟོས། །ཅི་སྟེ་ གྲུབ་པ་ལྟསོ ་ཤེ་ན། །དེ་ནི་ལྟསོ ་པར་མི་རིགས་ས།ོ །ཞེས་གསུངས་ས།ོ །འདིའི་དནོ ་ཡང་ འདི་ཡིན་ཏེ།གལ་ཏེ་རྣམ་པར་ཤེས་པ་ནུས་པ་ལ་ལྟསོ ་ནས་འགྲུབ་ན།དེ་གྲུབ་པའམ་ མ་གྲུབ་པ་ཞིག་ནུས་པ་ལ་ལྟསོ ་གྲང་།གལ་ཏེ་མ་གྲུབ་པ་ཡིན་ན་ནི།མ་གྲུབ་པའི་ཕྱིར་ བངོ ་བུའི་རྭ་ལྟར་ནུས་པ་ལ་མི་ལྟསོ ་ས།ོ །འནོ ་ཏེ་གྲུབ་པ་ལ་ལྟསོ ་ན་ནི། གྲུབ་པའི་ཕྱིར་ དེ་ལྟསོ ་པར་མི་རུང་ང་ོ།།དེ་ལྟར་ཕན་ཚུན་དནོ ་ལ་བརྟེན་པའི་གྲུབ་པ་ནི་གྲུབ་པ་མིན་ ཞེས་མཁྱེན་རབ་མངའ་བ་རྣམས་ཀྱིས་གསུངས་ས།ོ །དེའི་ཕྱིར་དེ་ལྟར་མ་འངོ ས་པ་ལ་ ཡང་ནུས་པ་ཡོད་པ་མ་ཡིན་ནོ། །
ཕྱིར་བཤད་པ། ད་ནི་འདས་པ་ལ་ཡང་ནུས་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་
གལ་ཏེ་འགགས་པའི་ནུས་སྨིན་ལས་འགྱུར་ན། །
གཞན་གྱི་ནུས་པ་ལས་གཞན་འབྱུང་བར་འགྱུར། ། གལ་ཏེ་སྐྱེས་ནས་འགགས་བཞིན་པའི་རྣམ་པར་ཤེས་པས་རང་དང་མཐུན་པའི་འབྲས་བུའི་ དནོ ་དུ་ཀུན་གཞིའི་རྣམ་པར་ཤེས་པ་ལ་བག་ཆགས་ཀྱི་ནུས་པའི་ཁྱད་པར་བཞག་པ།རྣམ་ པར་ཤེས་པ་འགགས་པའི་ནུས་པ་སྨིན་པ་གང་ཡིན་པ་དེ་ལས་འབྱུང་བར་འགྱུར་བའི་ རྣམ་པར་ཤེས་པ་འབྱུང་བར་འགྱུར་ན་ནི། དེའི་ཚེ་རང་བཞིན་གྱིས་གྲུབ་པའི་གཞན་གྱི་ནུས་ པ་ལས་འབྲས་བུའི་རྣམ་ཤེས་གཞན་འབྱུང་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། རྒྱུན་ཅན་རྣམས་དེར་ཕན་ཚུན་ཐ་དད་ཡོད། །
183

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
དེ་ཡང་རྒྱུན་གྱི་བྱིངས་ལས་ཏ་ནུ་ནི་རྒྱས་པ་ལའ་ོཞེས་བྱ་བ་ལ་རྐྱེན་བྱིན་པས་༼ཁ འདིའི་ ལྟར་ན། ༼ཀ བརྒྱུད་པས་ན་རྒྱུན་ནོ་ཞེས་པར་འགྱུར་ཏེ་ ༼ག ཆུ་ཀླུང་གི་རྒྱུན་ལྟར་རྒྱུན་ ཆགས་པ་རྒྱུན་ལུགས་རྒྱུ་དང་འབྲས་བུ་འབྲེལ་བར་འཇུག་པ་ན་སྐྱེ་བ་དང་འཆི་བ་ བརྒྱུད་པས་བར་མེད་པར་རིམ་པ་རྣམ་པར་མ་ཆད་པར་གནས་པ་འདུ་བྱེད་ཀྱི་སྐད་ ཅིག་དུས་གསུམ་པའི་ཉེ་བར་ལེན་པ་ཅན་ལ་བྱ་[ལ] སྟེ། སྐད་ཅིག་མ་རྣམས་གང་གི་ཆ་ཤས་ ཡིན་པའི་ཆ་ཅན་ཡིན་གྱི་སྔ་ཕྱི་བར་མ་ཆད་པ་ཙམ་མིན་ན།ོ ། དེ་ནི་རྒྱུན་གྱི་ཆ་ཤས་རྫས་ཀྱི་སྐད་ཅིག་ རྣམས་ལ་ཡོད་པས་ན་རྒྱུན་གྱི་ཡན་ལག་རྫས་ཀྱི་སྐད་ཅིག་རྣམས་ལ་རྒྱུན་ཅན་ཞེས་ བརྗོད་[དོ] དེ། རྒྱུན་གྱི་ཆ་ཤས་དང་ཡན་ལག་རྣམས་ཆ་ཅན་གྱི་རྒྱུན་དེའི་ཡིན་པས་རྒྱུན་ལ་དེའི་ཉེ་བར་ ལེན་པ་ཞེས་བརྗོད་དེ། དཔེར་ན་བུམ་པ་ནི་བུམ་པའི་མཆུ་དང་མགྲིན་པ་ལ་སོགས་པའི་ཉེ་བར་ལེན་པ་ཡིན་ པ་བཞིན་ནོ། །སྐད་ཅིག་སྔ་ཕྱི་དེ་དག་ཕན་ཚུན་ཏེ་གཞན་དང་གཞན་དུ་ཐ་དད་ཅིང་། རང་ གིས་མཚན་ཉིད་ཀྱིས་གྲུབ་པའི་གཞན་ཉིད་དུ་ཕ་རལོ ་པསོ ་གཞན་གྱིས་ཁས་བླངས་པ་ཡིན་ན།ོ ། དེའི་ཕྱིར་འབྲས་བུའི་སྐད་ཅིག་བག་ཆགས་ཀྱི་རྒྱུ་ཅན་དུས་ཕྱིས་འབྱུང་བ་ལ་རྒྱུའི་ སྐད་ཅིག་བག་ཆགས་འཇོག་པར་བྱེད་པ་ལས་གཞན་ཉིད་ཡོད་པ་ཡིན་ཏེ། དེ་ལྟར་ ན་རང་བཞིན་གྱིས་གྲུབ་པའི་གཞན་གྱི་ནུས་པ་ལས་གཞན་འབྱུང་བར་འགྱུར་ར།ོ །ཅི་སྟེ་༼ཁ འདོད་པའི་ཕྱིར་༼ཀ འདི་ ༼ག སྐྱོན་མ་ཡིན་ནོ་སྙམ་ན། དེ་ལྟར་ནི་མ་ཡིན་ཏེ། དེ་ ལྟར་འདདོ ་ན། དངསོ ་པ་ོཐམས་ཅད་རང་ལས་གཞན་པའི་དངསོ ་པ་ོཐམས་ཅད་ལས་སྐྱེ་བར་ འགྱུར་རོ་ཞེས་བཤད་པ་ནི། དེའི་ཕྱིར་ཐམས་ཅད་ཀུན་ལས་འབྱུང་བར་འགྱུར། ། ཞེས་བྱ་བ་སྟེ། འདི་ནི་གཞན་ལས་སྐྱེ་བ་འགོག་པར་བཤད་ཟིན་པས་སླར་ཡང་མི་
184

སེམས་བསྐྱེད་པ་དྲུག་པ།
བརྗོད་དོ། །འདིར་སྨྲས་པ། གལ་ཏེ་དེར་ནི་རྒྱུན་ཅན་ཐ་དད་ཀྱི། །
དེ་དག་ལ་རྒྱུན་ཐ་དད་མེད་དེའི་ཕྱིར། །
ཉེས་མེད་ཅེ་ན་་་་་་་་་་་་་་་་་་་་་་་་་་་་་་་ གལ་ཏེ་ཡང་༼སྐད་ཅིག་སྔ་ཕྱི་རིམ་གྱིས་འཇུག་པ་དེར་ནི་ ༼ཁ རྫས་ཀྱི་སྐད་ཅིག་མ་ ༼ཀ
རྒྱུན་ཅན་ ༼ག རྣམས་ལ་ཕན་ཚུན་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་ཉིད་ཡོད་མོད་ཀྱི། དེ་ ལྟ་ན་ཡང་སྐད་ཅིག་སྔ་ཕྱི་བ་དེ་དག་ལ་རྒྱུན་འདི་ནི་གཅིག་པ་ཁོ་ན་ཡིན་པས་ཐམས་ཅད་ ཐམས་ཅད་ལས་སྐྱེ་བར་ཐལ་བ འི་ཉེས་པ ར་མི་འགྱུར་རོ་ཞེ་ན། སྔ་ཕྱི་རྒྱུད་གཅིག་པ་ཡིན་ པ་འདི་ནི་གཞན་སྐྱེ་ལ་ཧ་ཅང་ཐལ་བ་སྤོང་བའི་ལན་དངོས་གཞིའ།ོ །གལ་ཏེ་སྔ་ཕྱི་ངོ་བོ་ཉིད་ཀྱིས་གྲུབ་པའི་ ས་ོ ས་ོ བ་ལ་རྒྱུད་གཅིག་གྲུབ་པ་དེ་ལྟར་ཡིན་ན་དེའི་ཚེ་ཉེས་པ་མེད་པར་འགྱུར་བ་ཞིག་ན་ཏེ་ ཉེས་པ་མེད་དུ་ཆུག་ཀྱང། རྒྱུད་གཅིག་པ་འདི་ཉིད་མ་གྲུབ་པས་ན།
་་་་་་་་་་་་་་་་་་་་་་་་་འདི་ནི་སྒྲུབ་བྱ་ཞིག གོ །ཅིའི་ཕྱིར་ཞེ་ན།
ཐ་མི་དད་རྒྱུན་སྐབས་མི་རིགས་ཕྱིར་རོ། ། སྐབས་ནི་ག་ོསྐབས་ས།ོ།བདག་གི་དངསོ ་པ་ོསྔ་ཕྱི་ང་ོབ་ོཉིད་ཀྱིས་གྲུབ་པའི་ཕན་ཚུན་ཐ་དད་ པ་རྣམས་ནི་རྒྱུན་ཐ་མི་དད་པ་སྟེ་རྒྱུན་གཅིག་པའི་བརྟེན་ཉིད་དུ་ཡོད་པར་མི་འསོ ་ཏེ། གཞན་ཡིན་པའི་ཕྱིར་གཞན་བཞིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ།
བྱམས་པ་ཉེར་སྦས་ལ་བརྟེན་ཆོས་རྣམས་ནི། །
185

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
གཞན་ཉིད་ཕྱིར་ན་རྒྱུད་ཅིག་གཏོགས་མིན་ཏེ། ། གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། ། དེ་དག་རྒྱུད་གཅིག་གཏོགས་པར་རིགས་མ་ཡིན། །
དེ་བཞིན་དུ་འདིར་ཡང་རྒྱུད་གཅིག་པ་ཉིད་རིགས་པ་དང་ལྡན་པ་མ་ཡིན་ན་ོ སྙམ་དུ་ བསམས་པའ།ོ །དེ་ལ་ནུས་པ་སྨིན་པ་ཡོད་པ་དང་ཡོད་པ་མ་ཡིན་པ་དག་གིས་རྣམ་ པར་ཤེས་པ་ཡོད་པ་དང་མེད་པ་དག་ཡིན་གྱི། ཤེས་བྱ་ཡོད་པ་དང་མེད་པས་ནི་མ་ ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་ནུས་པ་མི་སྲིད་པར་བརྗོད་པས་ཚུལ་འདིས་བསལ་ བ་ཡིན་ཏེ། དེའི་ཕྱིར་ཤེས་བྱ་མེད་པས་རྣམ་པར་ཤེས་པ་མེད་པ་ཡིན་ནོ་ཞེས་བྱ་བ་ འདི་ནི་གནས་པ་ཡིན་ནོ། །
དེ་སྐད་བསྟན་པ་ཡིན་དང་། སླར་ཡང་རྣམ་པར་ཤེས་པར་སྨྲ་བ་སེམས་ཙམ་ པས་རང་གི་ལུགས་བརྗོད་པར་ལྷུར་ཏེ་གཙོ་བོར་བྱས་པ་ཉིད་ཀྱིས་མངོན་པར་འདོད་ པའི་དོན་གྲུབ་པར་བསམས་ཤིང་སྨྲས་པ།
མིག་བློའ་ིསྐྱེ་བ་རང་ནུས་གང་ཞིག་ལས། ། དེ་མ་ཐག་ཏུ་ཀུན་ནས་སྐྱེ་འགྱུར་ཞིང་། ། རང་གི་རྣམ་ཤེས་རྟེན་གྱི་ནུས་དེ་ལ། ། དབང་པོ་གཟུགས་ཅན་མིག་ཅེས་བྱ་བར་རྟོགས། །
མིག་གི་རྣམ་པར་ཤེས་པ་སྐྱེ་བ འི་བག་ཆགས་གང་ཞིག་ཀུན་གཞིའི་རྣམ་པར་ཤེས་པ་ ལ་རྣམ་པར་ཤེས་པ་གཞན་གྱིས་འཇགོ ་པ་ནི་རང་འགག་བཞིན་པ་ན་དེ་མ་ཐག་ཏུ་གཞག་པ་ 186

སེམས་བསྐྱེད་པ་དྲུག་པ།
ཡིན་ལ།དེ་ཡངོ ས་སུ་སྨིན་པ་ལས་དུས་ཕྱིས་སྔ་མ་དེའི་རྣམ་པའི་རྗེས་སུ་བྱེད་པའི་མིག་ གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཞིང་། མིག་གི་རྣམ་པར་ཤེས་པ་དེ་ནུས་པའི་སྐད་ ཅིག་བར་མེད་པ་གང་ཞིག་ལས་སྐྱེ་བའི་ནུས་པའི་སྐད་ཅིག་བར་མེད་པ་རྟེན་དུ་ གྱུར་པ་དེ་ལ། གཏི་མུག་གིས་འཇིག་རྟེན་ན་དབང་པོ་གཟུགས་ཅན་མིག་ཡིན་ནོ་ སྙམ་དུ་རྟོགས་ཀྱི། རྣམ་པར་ཤེས་པ་ལས་ཐ་དད་པའི་མིག་གི་དབང་པོ་ནི་ཡོད་པ་ མ་ཡིན་ནོ། །དེ་བཞིན་དུ་དབང་པོ་གཟུགས་ཅན་ལྷག་མ་གཞན་ལ་ཡང་སྦྱར་ནས་ངེས་པར་ བྱའ།ོ །དེའི་ཕྱིར་དེ་ལྟར་རྣམ་པར་ཤེས་པ་ལས་ཐ་དད་པའི་མིག་གི་དབང་པོ་མེད་ པར་བསྟན་ནས། གཟུགས་ཀྱང་རྣམ་པར་ཤེས་པ་ལས་ཐ་མི་དད་པར་གནས་པ་སྟེ་ དོན་གཞན་པ་མེད་པར་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ།
འདི་ན་དབང་པོ་ལས་བྱུང་རྣམ་པར་རིག ། ཕྱི་གཟུང་མེད་པར་རང་གི་ས་བོན་ལས། ། སྔོ་སོགས་སྣང་ཉིད་འབྱུང་བར་མ་རྟོགས་ནས། ། སྐྱེས་བོས་ཕྱི་རོལ་གཟུང་བར་སེམས་ཁས་ལེན། །
ཇི་ལྟར་བན་དྷུ་ཛཱི་བ་ཀ་དང་ཀིང་ཤུ་ཀ་ལ་སགོ ས་པ་དག་དམར་པའོ ་ིརྣམ་པ་ཅན་དུ་ སྐྱེ་བ་ན།ནརོ ་བུ་དག་བཞིན་དུ་ཕྱི་རལོ ་གྱི་ཉེ་བར་བསྒྱུར་བའི་ཚོན་ལ་མི་ལྟསོ ་ཀྱི།འནོ ་ ཀྱང་མྱུ་གུ་ལ་སགོ ས་པའི་རྒྱུན་རང་གི་ས་བནོ ་གྱིས་འཕངས་པའི་ནུས་པ་དང་རྗེས་སུ་ འབྲེལ་བ་ལས་རྣམ་པ་ཁྱད་པར་ཅན་ཉིད་དུ་སྐྱེ་བར་དམིགས་པ་དེ་བཞིན་དུ། སྔོན་ པ་ོལ་སགོ ས་པ་ཕྱི་རལོ ་གྱི་གཟུགས་མེད་པར་རྣམ་པར་ཤེས་པའི་བག་ཆགས་ཀུན་གཞི་ལ་
187

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
བཞག་པ་སྨིན་པ་ལས་སྔནོ ་པ་ོལ་སགོ ས་པར་སྣང་བ་འབྱུང་བ་ཡིན་པ་ལ་དེ་ལྟར་མ་རྟགོ ས་པར། དེའི་སྔནོ ་པ་ོལ་སགོ ས་པར་སྣང་བ་ཉིད་གང་ཡིན་པ་དེ་ལ་སྐྱེ་བསོ ་སེམས་འཇིག་རྟེན་གྱི་ ཕྱི་རོལ་གྱི་ཡུལ་གྱི་ངོ་བོར་མངོན་པར་ཞེན་ཏེ། དཔེར་ན་མཚོ་ཆུ་ཤིན་ཏུ་དྭངས་པས་ ཡངོ ས་སུ་གང་བའི་ངགོ ས་ཀྱི་མཐར་སྐྱེས་པའི་ཤིང་གི་ཡལ་ག་ལ་བཏགས་པའི་པདྨ་ རཱ་གའི་གཟུགས་བརྙན་ཆུ་ནང་ན་ཡདོ ་པ་རིན་པ་ོཆེའི་རྣམ་པར་སྣང་བ་ཆུའི་ནང་ན་ ཕྱི་རོལ་ལྟ་བུར་དམིགས་མོད་ཀྱི། དེ་དེའི་ནང་ན་ཡོད་པ་ནི་མ་ཡིན་པ་དེ་བཞིན་དུ་ རྣམ་པར་ཤེས་པ་ལ་ཡང་སྦྱར་བར་བྱའ།ོ །དེ་ལྟར་ན་རྣམ་པར་ཤེས་པ་ལས་དོན་གཞན་ པའི་ཕྱི་རོལ་གྱི་དོན་ཡོད་པ་མ་ཡིན་ནོ། །བཤད་པའི་རྣམ་པ་གཅིག་ཏུ་ན།
རྨི་ལམ་ན་ནི་གཟུགས་དོན་གཞན་མེད་པར། ། རང་ནུས་སྨིན་ལས་དེ་ཡི་རྣམ་ཅན་སེམས། ། འབྱུང་བ་ཇི་ལྟར་དེ་བཞིན་སད་ལའང་འདིར། ། ཕྱི་རོལ་མེད་པར་ཡིད་ནི་ཡོད་ཅེ་ན། ། དེ་ནི་དེ་ལྟར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན།
ཇི་ལྟར་མིག་མེད་པར་ནི་རྨི་ལམ་དུ། ། སྔོ་སོགས་སྣང་བའི་ཡིད་སེམས་འབྱུང་དེ་ལྟར། ། མིག་དབང་མེད་པར་རང་གི་ས་བོན་ནི། ། སྨིན་ལས་ལོང་བ་ལ་འདིར་ཅིས་མི་སྐྱེ། །
188

སེམས་བསྐྱེད་པ་དྲུག་པ།
གལ་ཏེ་འདིར་ཇི་ལྟར་སད་པའི་གནས་སྐབས་སུ་གྱུར་པ་མིག་གིས་གཟུགས་རྣམས་ ལྟ་བ་ལས་མིག་གི་རྣམ་པར་ཤེས་པ་ཆེས་གསལ་བ་འབྱུང་བ་དེ་བཞིན་དུ། རྨི་ལམ་དུ་ ཡང་མིག་དབང་མེད་པར་རྣམ་ཤེས་རང་གི་བག་ཆགས་སྨིན་པ་ལས་ཡིད་ཀྱི་རྣམ་པར་ ཤེས་པ་ཉིད་མིག་གི་རྣམ་པར་ཤེས་པའི་རྣམ་པ་དང་རྗེས་སུ་མཐུན་པར་སྐྱེ་ན། སད་ པའི་གནས་སྐབས་ཀྱི་ལངོ ་བ་ལ་ཡང་གང་གིས་ན་འདིས་མ་ལངོ ་བ་ལྟར་གཟུགས་མཐངོ ་ བར་འགྱུར་བ་རྣམ་ཤེས་རང་གི་བག་ཆགས་ཡངོ ས་སུ་སྨིན་པ་ལས་རྣམ་པ་དེ་ལྟ་བུ་ཅིའི་ ཕྱིར་འབྱུང་བར་མི་འགྱུར་ཏེ། རྨི་ལམ་དང་སད་པ་གཉི་ག་ཡང་མིག་མེད་པར་མཚུངས་ པའི་ཕྱིར་རོ། །ཅི་སྟེ་སད་པའི་ལོང་བ་ལ་རྨི་ལམ་གྱི་རྣམ་པ་དེ་ལྟ་བུའི་གཟུགས་སོགས་གསལ་བར་ སྣང་བའི་ཡིད་ཀྱི་རྣམ་པར་ཤེས་པ་མི་འབྱུང་བའི་རྒྱུ་ནི་མིག་མེད་པ་མ་ཡིན་གྱི།འ་ོན་ཅི་ ཞེ་ན། རྣམ་པ་དེ་ལྟ་བུ་འབྱུང་བ འི་ཡིད་ཀྱི་རྣམ་པར་ཤེས་པའི་ནུས་པ་སྨིན་པ་ཡིན་ན།ོ ། དེའི་ཕྱིར་གང་ནུས་པ་ཡོངས་སུ་སྨིན་པ་ཡོད་པ་དེ་རྣམ་པ་དེ་ལྟ་བུའི་ཡིད་ཀྱི་རྣམ་ པར་ཤེས་པ་འབྱུང་བ་ཡིན་ལ། དེ་ཡང་གཉིད་ཀྱི་རྐྱེན་གྱིས་རྨི་ལམ་ཁོ་ན་ན་ཡོད་པ་ ཡིན་གྱི་སད་པ་ལ་ནི་མ་ཡིན་ནོ་སྙམ་ན། དེ་ཡང་མི་རིགས་སོ། །ཅིའི་ཕྱིར་ཞེ་ན།
གལ་ཏེ་ཁྱོད་ལྟར་རྨི་ལམ་དྲུག་པ་ཡི། ། ནུས་པ་སྨིན་ཡོད་སད་པར་མེད་འགྱུར་ན། ། དྲུག་པའི་ནུས་སྨིན་ཇི་ལྟར་འདིར་མེད་དོ། ། དེ་ལྟར་རྨི་ཚེ་མེད་ཅེས་ཅིས་མི་རིགས། །
དྲུག་པ་ཞེས་བྱ་བ་ནི་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་
189

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཚིག་གི་ཚུལ་ཙམ་ཁོ་ནས་རྨི་ལམ་དུ་རྣམ་པ་དེ་ལྟ་བུའི་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་ པའི་ནུས་པ་སྨིན་ཡདོ ་པར་འདདོ ་ཀྱི།སད་པ་ལ་ཡདོ ་པ་མ་ཡིན་པར་གྱུར་ན་ངེད་ཅག་གི་ ཚིག་གིས་ཀྱང་དྲུག་པ་ཡིད་ཤེས་གཟུགས་སོགས་སུ་གསལ་བར་སྣང་བའི་ནུས་པ་སྨིན་པ་འདི་ནི་ཇི་ ལྟར་སད་པའི་སྐབས་འདིར་ལངོ ་བ་ལ་རྣམ་པ་དེ་ལྟ་བུའི་རྣམ་པར་ཤེས་པའི་ནུས་པ་སྨིན་ པ།ཡདོ ་པ་མ་ཡིན་པ་དེ་བཞིན་དུ་རྨི་ལམ་ན་ཡང་མེད་ད་ོཞེས་འདདོ ་པར་བྱ་དགསོ ་ སོ། །གལ་ཏེ་རིགས་པ་མེད་པར་ཚིག་ཙམ་གྱིས་དེ་སྐད་སྨྲ་ན། ཁོ་བོ་ཅག་གིས་ཀྱང་སྔར་ལྟར་
ཇི་ལྟར་མིག་མེད་འདི་ཡི་རྒྱུ་མིན་ལྟར། །
རྨི་ལམ་དུ་ཡང་གཉིད་ནི་རྒྱུ་མ་ཡིན། །
པར་བརྗོད་པར་ནུས་སོ། །རྨི་ལམ་མཐོང་བ་ལ་ནི་སད་པའི་གནས་སྐབས་ཀྱི་ལོང་བ་ ལྟར་རྣམ་པར་ཤེས་པ་དེའི་རྟེན་དབང་པ་ོབྱེད་པ་དང་བྲལ་བའི་ཕྱིར།༼ང རྣམ་པར་ ཤེས་པ་༼ཁ མིག་གི་དབང་པོ་༼ཀ ནུས་པའི་མིང་ཅན་༼ག ལ་༼ཅ བརྟེན་པའི་ རྣམ་པའི་རྗེས་སུ་བྱེད་པ། ཡིད་ཀྱི་རྣམ་པར་ཤེས་པའི་ནུས་པ་སྨིན་པའི་ཡོངས་སུ་ འགྱུར་བ་ལས་འབྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་ཅན་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ མིག་མེད་པའི་སད་པའི་ལོང་བ་འདི་ལ་དོན་སྣང་གི་བག་ཆགས་སྨིན་པ་རྒྱུ་མ་ཡིན་པ་ཇི་ ལྟ་བ་དེ་བཞིན་དུ། གཉིད་ཀྱང་རྨི་ལམ་དུ་དོན་སྣང་གི་རྣམ་པར་ཤེས་པའི་བག་ཆགས་ ཡོངས་སུ་སྨིན་པའི་རྒྱུ་མ་ཡིན་[ནོ] ཏེ། ཕྱི་རོལ་མེད་པར་ཤེས་པ་རང་བཞིན་གྱིས་གྲུབ་པ་སྐྱེ་ན་བག་ ཆགས་སྨིན་པ་ལ་མི་ལྟསོ ་པའི་ཕྱིར་ར།ོ །གང་གི་ཕྱིར་བག་ཆགས་བརྫུན་པ་ལས་རྨི་ལམ་གྱི་དནོ ་སྣང་གི་ཤེས་ པ་རྫུན་པ་སྐྱེ་བ་དེ་ལྟར་ཡིན་ལ།
190

སེམས་བསྐྱེད་པ་དྲུག་པ།
དེ་ཕྱིར་རྨི་ལམ་དུ་ཡང་དེ་དངོས་མིག །
བརྫུན་པའི་ཡུལ་ཅན་རྟོགས་པའི་རྒྱུར་ཁས་བླང་། ། དེ་ཕྱིར་རྨི་ལམ་དུ་ཡང་རྣམ་པ་དེ་ལྟ་བུའི་ཡུལ་གྱི་དངོས་པོ་གཟུགས་སོགས་སུ་སྣང་བའི་རྣམ་ པར་ཤེས་པ་བརྫུན་པ་རྣམ་པ་དེ་ལྟ་བུ་དང་། མིག་གི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་ རྣམ་པ་དེ་ལྟ་བུ་ཁས་བླང་བར་བྱའ།ོ །དེའི་ཕྱིར་དེ་ལྟར་ན།
འདི་ཡིས་ལན་ནི་གང་དང་གང་བཏབ་པ། ། དེ་དང་དེ་ནི་དམ་བཅའ་མཚུངས་མཐོང་བས། ། རྩོད་འདི་སེལ་བྱེད་་་་་་་་་་་་་་་་་་་་་་་་་་་་་་་་་་་
དེ་དག་དཔེར་བརྗདོ ་ན་དབུ་མ་པས་སད་པའི་གནས་སྐབས་ཀྱི་ཡུལ་དབང་རྣམ་ཤེས་གསུམ་པ་ོའདི་ རང་བཞིན་གྱིས་གྲུབ་པས་སྟངོ ་པ་ཡིན་ཏེ།དམིགས་པ་ཡིན་པའི་ཕྱིར།རྨི་ལམ་བཞིན་ཡིན་ ནོ་ཞེས་བསྟན་པ་ཡིན་དང་། ཕ་རོལ་པོ་སེམས་ཙམ་པ་གང་ཞིག་སད་པའི་རྣམ་པར་ ཤེས་པ་ནི་ཕྱི་རོལ་དོན་གྱིས་སྟོང་པ་ཡིན་ཏེ། རྣམ་པར་ཤེས་པ་ཡིན་པའི་ཕྱིར་རྨི་ལམ་ གྱི་རྣམ་པར་ཤེས་པ་བཞིན་ནོ་ཞེས་བྱ་བ་དང་། སད་པའི་གནས་སྐབས་སུ་དམིགས་ པའི་ཡུལ་ནི་བརྫུན་པའི་རང་བཞིན་ཅན་ཡིན་ཏེ། ཡུལ་ཡིན་པའི་ཕྱིར་རྨི་ལམ་གྱི་ ཡུལ་བཞིན་ནོ་ཞེས་བྱ་བ་དང་།དེ་བཞིན་དུ་ཀུན་ནས་ཉོན་མངོ ས་པ་དང་རྣམ་པར་ བྱང་བ་དག་ནི་གཞི་གཞན་[གྱི]དབང་མེད་ན་ཡདོ ་པ་མ་ཡིན་ཏེ།རྟེན་མེད་པའི་ཕྱིར་ རུས་སྦལ་གྱི་སྤུའི་གསོ ་བཞིན་ན་ོཞེས་སྨྲའ།ོ།དེ་བཞིན་དུ་རབ་རིབ་ཀྱི་དཔེ་དག་གིས་ ཀྱང་བརྗདོ ་པར་བྱའ།ོ །དེ་ལྟ་བུ་ལ་སགོ ས་པའི་སྒ་ོ ནས་རྣམ་པར་ཤེས་པར་སྨྲ་བ་སེམས་
191

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཙམ་པ་འདིས་དབུ་མ་པ་ལ་ལན་གང་དང་གང་བཏབ་པ་དེ་དང་དེ་ནི། མཁས་པ་དབུ་མ་ པས་དམ་བཅའ་བ་སྟེ་བསྒྲུབ་བྱ་མ་གྲུབ་པ་དང་མཚུངས་པར་མཐངོ ་བས་ན་རྩདོ ་པ་འདི་སྟེ། རྣམ་པར་ཤེས་པར་སྨྲ་བ་སྟེ་རྣམ་རིག་ཙམ་དུ་སྨྲ་བ་འདི་ཟློག་པར་བྱེད་དོ། །
དེ་ལྟར་སེམས་ཙམ་པའི་ལུགས་བཀག་པ་ལ་རིགས་པས་མི་གནོད་པ་དེ་བཞིན་དུ་ལུང་ གིས་གནོད་པ་ལ་སོགས་པའི་ཉེས་པ་ཡང་སྲིད་པ་མ་ཡིན་ཏེ། གང་གི་ཕྱིར།
་་་་་་་་་་་་་་་་་་་་་་་སངས་རྒྱས་རྣམས་ཀྱིས་ནི། །
འགར་ཡང་དངོས་པོ་ཡོད་ཅེས་མ་བསྟན་ཏོ། ། ཇི་སྐད་དུ་ལང་དཀར་གཤེགས་པ་ལས། སྲིད་པ་གསུམ་ནི་བཏགས་པ་ཙམ། །ང་ོ བ་ོ ཉིད་ཀྱིས་ དངསོ ་པ་ོ མེད། །བཏགས་པ་དངསོ ་པའོ ་ིང་ོ བརོ ་ནི། །རྟགོ ་གེ་བ་དག་རྟགོ ་པར་འགྱུར། ། རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་མེད་ན། །བྱིས་པ་ ངན་པ་རྟགོ ་གེ་བ།།ར་ོདང་འདྲ་བས་འདི་དག་བརྟགས།།ཞེས་གསུངས་ས།ོ།གལ་ཏེ་ལུང་ དེ་དག་གིས་གཅིག་གཞན་དབང་ལ་གཅིག་ཤསོ ་ཀུན་བརྟགས་གཟུང་འཛིན་རྫས་ཐ་དད་དུ་མེད་པའི་ སྟངོ ་པ་ཉིད་ཀྱིས་སྟངོ ་པ་བསྟན་པས་མི་གནདོ ་ད་ོསྙམ་ན་དེ་འདྲ་དེ་ནི་༼ཁ དངསོ ་པ་ོམེད་པ་ཉིད་ དུ་༼ཀ ཡང་དག་པའི་༼ག རིགས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་གཅིག་ལ་གཅིག་ མེད་པའི་སྟངོ ་པ་ཉིད་ནི་སྟངོ ་པ་ཉིད་ཐམས་ཅད་ཀྱི་ཐ་ཤལ་ཡིན་ན་ོཞེས་ལུང་ལང་ཀར་ གཤེགས་པ་སལས་འབྱུང་བའི་ཕྱིར་རོ། །བ་ལང་རྟ་མ་ཡིན་པའི་ཕྱིར་ཡོད་པ་མ་ཡིན་ནོ་ ཞེས་བྱ་བར་བརྗོད་པ་ནི་རིགས་པ་ཡང་མ་ཡིན་ཏེ། རང་གི་བདག་ཉིད་ཀྱིས་ཡོད་ པའི་ཕྱིར་ར་ོཞེས་བྱ་བ་ལ་སགོ ས་པ་བརྗདོ ་པར་བྱའ།ོ།དེ་བཞིན་དུ་བཅམོ ་ལྡན་འདས་ 192

སེམས་བསྐྱེད་པ་དྲུག་པ།
དེ་དག་དབང་པོ་ལ་འཇུག་པས་ཆོས་ཀྱི་དབྱིངས་ལ་འཇུག་པ་ནི་དབང་པོ་ཉི་ཤུ་རྩ་ གཉིས་ཏེ་མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་ དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དང་། མོའ་ིདབང་པོ་དང་། ཕོའ་ིདབང་པོ་དང་། སྲོག་གི་དབང་པོ་དང་། བདེ་བའི་དབང་པོ་དང་། སྡུག་བསྔལ་ གྱི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་། ཡིད་མི་བདེ་བའི་དབང་པོ་དང་། བཏང་སྙམོ ས་ཀྱི་དབང་པ་ོདང་།དད་པའི་དབང་པ་ོདང་།བརྩནོ ་འགྲུས་ཀྱི་དབང་པ་ོ དང་།དྲན་པའི་དབང་པ་ོདང་།ཏིང་ངེ་འཛིན་གྱི་དབང་པ་ོདང་།ཤེས་རབ་ཀྱི་དབང་ པོ་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པ་ོ དང་། ཀུན་ཤེས་པའི་དབང་པ་ོ དང་། ཀུན་ཤེས་པ་དང་ལྡན་པའི་དབང་པ་ོ སྟེ། དེ་ལ་མིག་གི་དབང་པ་ོ ནི་དུས་གསུམ་ དུ་ཡང་མི་དམིགས་སོ། །གང་དུས་གསུམ་དུ་མི་དམིགས་པ་དེ་ནི་མིག་གི་དབང་པོ་ མ་ལགས་ས།ོ །གང་མིག་གི་དབང་པ་ོམ་ལགས་པ་དེ་དེའི་ཐ་སྙད་ཇི་ལྟར་འཚལ་བར་ བགྱི། འདི་ལྟ་སྟེ་དཔེར་ན། ཆད་པ་སྟོང་པ་ནི་བརྫུན་པ་ཡང་དག་པ་མ་ལགས་པ་མ་ མཆིས་པ་སྟེ། འདི་ལྟར་མིང་དུ་གདགས་པར་བས་ཀྱི། དོན་དམ་པར་ནི་སྟོང་པ་མི་ དམིགས་ཆད་པ་ཡང་མི་དམིགས་སོ། །དེ་བཞིན་དུ་མིག་གི་དབང་པོ་ཡང་ཆད་པ། སྟོང་པ་ལྟར་བརྫུན་ཞིང་མ་མཆིས་ལ་ཡང་དག་པ་མ་ལགས་པ་སྟེ། ལོག་པར་བསླུ་ བའི་ཆོས་ཅན་བྱིས་པ་འདྲིད་པ་མ་མཆིས་པ་ཡང་དག་པ་མ་ལགས་པ། འདི་ལྟར་ མིང་དུ་གདགས་པར་བས་ཀྱི།དནོ ་དམ་པར་ནི་མིག་དང་དབང་པ་ོམི་དམིགས་ས།ོ། དེ་ནི་བཅམོ ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་ཅི་ཙམ་དུ་
193

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཕྱིན་ཅི་ལགོ ་ལ་གནས་པའི་སེམས་ཅན་རྣམས་གཟུང་བའི་སླད་དུ་མིག་གི་དབང་པ་ོ ཞེས་བཏགས་ཀྱི་དོན་དམ་པར་ནི་མ་ལགས་སོ། །དབང་པོ་ནི་རང་བཞིན་དང་བྲལ་ ཞིང་དབང་པོ་ཉིད་ཀྱིས་སྟོང་པ་སྟེ། དེ་ལ་མིག་ནི་མིག་ཉིད་དུ་མཆིས་པ་མ་ལགས་ ལ། དབང་པ་ོ ནི་དབང་པ་ོ ཉིད་དུ་མཆིས་པ་མ་ལགས་ས།ོ །དེ་ཅིའི་སླད་དུ་ཞེ་ན། མིག་ ནི་མིག་གི་རང་བཞིན་དང་བྲལ་བ་ལགས་ཏེ།ཆསོ ་གང་ལ་རང་བཞིན་མཆིས་པ་མ་ ལགས་པ་དེ་ནི་དངོས་པོ་མ་ལགས་སོ། །གང་དངོས་པོ་མ་ལགས་པ་དེ་ནི་ཡོངས་སུ་ མ་གྲུབ་པའ།ོ །དེ་ནི་མ་སྐྱེས་པ་དང་མ་འགག་པའ།ོ །དེ་ནི་འདས་པ་དང་མ་འངོ ས་པ་ ཞེས་གདགས་པར་བགྱི་བ་མ་ལགས་སོ་ཞེས་བྱ་བ་ལ་སོགས་པ་དང་། བཅོམ་ལྡན་ འདས་འདི་ལྟ་སྟེ་དཔེར་ན་མི་ཞིག་གི་རྨི་ལམ་ན་དགདོ ་པ་དང་དགའ་བ་དང་རྩེ་བ་ དག་ཉལ་ཉལ་བ་ལས་སད་དེ་རྗེས་སུ་དྲན་ལ་དེ་དྲན་ཡང་རྙེད་པར་མི་འགྱུར་ར།ོ །དེ་ ཅིའི་སླད་དུ་ཞེ་ན། རྨི་ལམ་ན་ཡང་དེས་དེ་དག་མ་རྙེད་ན་ཉལ་བ་ལས་སད་པའི་ཚེ་ ལྟ་སྨོས་ཀྱང་ཅི་འཚལ་ཏེ་འདིའི་གནས་མ་མཆིས་སོ། །དེ་བཞིན་དུ་དབང་པོ་རྣམས་ ནི་རྨི་ལམ་ལྟ་བུ་སྟེ།དེ་བཞིན་དུ་ཆསོ ་ཐམས་ཅད་ཀྱང་ང་ོབ་ོཉིད་ཀྱིས་དམིགས་སུ་མ་ མཆིས་པ་སྟེ།དེའི་སླད་དུ་དེ་དག་ནི་བརྗདོ ་དུ་མ་མཆིས་པ་ཞེས་བགྱི་སྟེ་ཞེས་འབྱུང་ ངོ་། །དེ་ལྟར་ན་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་ འབྱུང་བ་ལ་སོགས་པ་དག་དབང་པོ་ལྟར་རྣམ་པར་བཤད་པ་ཡིན་ནོ། །དེས་ན་དེ་ དག་ལ་རང་བཞིན་ཀོ་ག་ལ་ཡོད། དེའི་ཕྱིར་༼ཁ སྟོན་པའི་གསུང་རབ་ཀྱི་དགོངས་ པ་མ་དཔྱདོ ་པ་དག་གིས་ཤེས་རབ་ཀྱི་རྩལ་མེད་པར་གྲུབ་པའི་མཐའ་སྦྱར་བ་༼ཀ རྣམ་ 194

སེམས་བསྐྱེད་པ་དྲུག་པ།
པར་ཤེས་པར་སྨྲ་བ་༼ག འདི་བསལ་བར་བྱ་བ་ཁོ་ན་ཡིན་ནོ། །
འདིར་སྨྲས་པ། གལ་ཏེ་ཕྱི་ཡི་ཡུལ་མེད་པར་གཟུགས་སྒྲ་གསལ་བར་སྣང་
བའི་རྣམ་པར་ཤེས་པ་རང་བཞིན་གྱིས་གྲུབ་པ་ཡོད་པ་མ་ཡིན་ན། འ་ོ ན་གང་བླ་མའི་མན་ ངག་ལས་མི་སྡུག་པ་སྒོམ་པའི་རྣལ་འབྱོར་པ་རྣམས་ཀྱི་ས་གཞི་ཀེང་རུས་ཀྱིས་ཡོངས་སུ་ གང་བར་མཐོང་བ་དེ་ཅི་ལྟར་འཐད་དེ། ཀེང་རུས་ནི་མེད་ཀྱང་རང་བཞིན་གྱིས་གྲུབ་པའི་རྣམ་པར་ ཤེས་པ་ནི་ཡོད་པའི་ཕྱིར་སྙམ་ན་བཤད་པ།
རྣལ་འབྱོར་པ་ཡིས་བླ་མའི་མན་ངག་ལས། ། ཀེང་རུང་ཀྱིས་གང་ས་གཞི་མཐོང་བ་གང་། ། དེར་ཡང་གསུམ་ཆར་སྐྱེ་བ་མེད་པར་མཐོང་། །
སྟེ་ཡུལ་དང་དབང་པོ་དང་། རྣམ་པར་ཤེས་[པའ]ོ གསུམ་ཆར་རང་བཞིན་གྱིས་སྐྱེ་བ་མེད་པར་ མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་དེ་ནི་
ལོག་པ་ཡིད་ལ་བྱེད་པར་བསྟན་ཕྱིར་རོ། ། འདི་ནི་དེ་ཁོ་ན་ཉིད་མ་ཡིན་པ་ཡིད་ལ་བྱེད་པའ་ོཞེས་མདོ་ལས་འབྱུང་བའི་ཕྱིར་རོ།། ཀེང་རུས་སྣང་བའི་ཤེས་པ་རང་བཞིན་གྱིས་གྲུབ་ན། དེའི་སྣང་བ་ཡང་དེ་ལྟར་འགྱུར་བས་ཡིད་བྱེད་དེ་ཁོ་ན་ ཉིད་ཀྱི་ཡུལ་ཅན་དུ་འགྱུར་རོ། །འདི་ནི་གདོན་མི་ཟ་བར་དེ་ལྟར་ཁས་བླངས་པར་བྱའ།ོ །དེ་ ལྟ་མ་ཡིན་ཏེ།
ཁྱོད་ཀྱི་དབང་བློའ་ིཡུལ་རྣམས་ཇི་ལྟ་བ། ། དེ་ལྟར་མི་སྡུག་ཡིད་ཀྱི་ཡང་འགྱུར་ན། །
195

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
དེ་བཞིན་ཡུལ་དེར་བློ་གཏད་ཅིག་ཤོས་ཀྱིས། །
རྟོགས་འགྱུར་དེ་ནི་བརྫུན་པར་ཡང་མི་འགྱུར། ། ཇི་ལྟར་ཁྱོད་ཀྱིས་ཟློས་གར་གྱི་ལྟད་མོ་ལ་སོགས་བལྟ་བ་ན། ཡུལ་དེར་མིག་གཏད་ པ་རྣམས་ལས་ཇི་ལྟར་གང་ཟག་གཅིག་ལ་མིག་གི་རྣམ་པར་ཤེས་པ་ཡུལ་དེའི་རྣམ་པ་ ཅན་སྐྱེ་བ་དེ་བཞིན་དུ་སྟེ་དེ་འདྲ་བའི་རྣམ་པ་ཅན་ལྟད་མོ་བ་གཞན་དག་ལ་ཡང་སྐྱེ་བ་ཡིན་ པ་ཇི་ལྟ་བ་དེ་བཞིན་དུ། མི་སྡུག་པའི་ཡིད་ཅན་གྱི་རྣལ་འབྱརོ ་པ་ལྟར་རྣལ་འབྱརོ ་པ་མ་ཡིན་ པ ས། རྣལ་འབྱོར་པ་ཀེང་རུས་ལ་སོགས་པའི་ཡུལ་ལ་ལྟ་བ ར་འདོད་པ་རྣམས་ལ་ཡང་ཀེང་ རུས་དེའི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བར་འགྱུར་ཏེ། སྔོན་པོ་ལ་སོགས་པའི་རྣམ་པར་ ཤེས་པ་བཞིན་ན།ོ །ཏིང་ངེ་འཛིན་འདི་དེ་ཁ་ོ ན་ཉིད་མ་ཡིན་པ་སྟེ་ལགོ ་པའི་དནོ ་ཡིད་ལ་ བྱེད་པར་ཡང་མི་འགྱུར་རོ། །དེ་བཞིན་དུ།
རབ་རིབ་དང་ལྡན་དབང་པོ་ཅན་མཚུངས་པ། །
ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་། །
ཤེས་པར་བྱའ།ོ །རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །ཞེས་གང་བཤད་པ་དེ་ དང་མཚུངས་པ་དེ་ལྟ་བུའི་རིགས་ཅན་གཞན་སྒྱུ་དང་གཟུགས་བརྙན་སོགས་དཔེར་འགོད་པ་ ལ་ཡང་ལན་གདབ་ཚུལ་རིག་པར་བྱ་སྟེ་སྤྲོས་པས་ཆོག་གོ །
མདོར་ན་ཇི་ལྟར་ཤེས་བྱ་མེད་དེ་བཞིན། །
བློ་ཡང་མེད་ཅེས་དོན་འདི་ཤེས་པར་གྱིས། ། ཤེས་བྱ་རང་བཞིན་གྲུབ་པ་མེད་པ་ཇི་ལྟ་བ་དེ་བཞིན་དུ་ཤེས་བྱའི་རྣམ་པ་ཅན་གྱི་བློ་ 196

སེམས་བསྐྱེད་པ་དྲུག་པ།
ཡང་རང་གི་བདག་ཉིད་ཀྱིས་མ་སྐྱེས་པར་རིག་པར་བྱའ།ོ །ཇི་སྐད་དུ་འཇིག་རྟེན་ལས་ འདས་པར་བསྟོད་པ་ལས་ཀྱང། མ་ཤེས་པ་ནི་ཤེས་བྱ་མིན། །དེ་མེད་རྣམ་པར་ཤེས་མེད་པ། ། དེ་ཕྱིར་ཤེས་དང་ཤེས་བྱ་དག །རང་བཞིན་མེད་པར་ཁྱོད་ཀྱིས་གསུངས། །ཞེས་བྱ་བ་ དང་། དེ་བཞིན་དུ། རྣམ་ཤེས་སྒྱུ་མ་དང་མཚུངས་པར། །ཉི་མའི་གཉེན་གྱིས་གསུངས་ པ་ཡིན།།དེ་ཡི་དམིགས་པའང་དེ་བཞིན་ཏེ།།ངེས་པར་སྒྱུ་མའི་དངསོ ་དང་འདྲ།།ཞེས་ གསུངས་སོ། །དེའི་ཕྱིར་རྣམ་པར་ཤེས་པ་རྫས་སུ་སྨྲ་བའི་བརྗོད་བྱེད་ཀྱི་གདོན་གྱིས་ གཟུང་བ་ཕྱི་རལོ ་གྱི་ཡུལ་ལ་སྐུར་བ་འདེབས་པ་འདི་ནི་ཅི་ནས།བདག་ཉིད་གཡང་ སར་ལྷུང་བར་བྱེད་པར་མི་འགྱུར་བར་དམ་པ་སྙིང་རྗེ་སྤྱདོ ་པ་རྣམས་ཀྱིས་ལུང་དང་ རིགས་པའི་གསང་སྔགས་བཟང་པ་ོ བཏབ་པས་ཚབས་ཆེར་མནན་ཏེ་གཟུང་བར་བྱའ།ོ ། དེའི་ཕྱིར་དེ་ལྟར་ཕྱི་རོལ་མེད་པར་རྣམ་པར་ཤེས་པ་མི་སྲིད་པར་བསྟན་ནས། ད་ནི་ ཕྱི་རོལ་མེད་པས་ཁྱད་པར་དུ་མ་བྱས་པའི་གཞན་དབང་གི་དངོས་པོ་ཙམ་ཞིག་[ཏུ་] རང་བཞིན་གྱིས་ གྲུབ་པའི་ཡོད་པ་ཉིད་དགག་པར་བྱ་བའི་ཕྱིར་བཤད་པ།
གལ་ཏེ་གཟུང་མེད་འཛིན་པ་ཉིད་བྲལ་ཞིང་། ། གཉིས་ཀྱིས་སྟོང་པའི་གཞན་དབང་དངོས་ཡོད་ན། ། འདི་ནི་ཡོད་པར་གང་གིས་ཤེས་པར་འགྱུར། ། མ་གཟུང་བར་ཡང་ཡོད་ཅེས་བྱར་མི་རུང་། །
གལ་ཏེ་གཟུང་བ་དང་འཛིན་པ་ཞེས་བྱ་བ།གཟུང་འཛིན་རྫས་ཐ་དད་པ་གཉིས་ཀྱིས་སྟངོ ་པ འི་གཞན་[གྱི་]དབང་གི་དངསོ ་པ་ོཡདོ ་ན།གཞན་དབང་དེའི་ཡདོ ་པ་དེ་ཁྱདོ ་ཀྱིས་ཤེས་པ་གང་ 197

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
གིས་དམིགས་སྟེ་ཤེས་པར་འགྱུར་ཞེས་དྲི་བར་བྱའ།ོ །དེ་ལ་ཤེས་པ་དེ་ཉིད་ཀྱིས་ཤེས་པ་དེ་ཉིད་འཛིན་ པར་ནི་མི་འཐད་དེ། རང་གི་བདག་ཉིད་དེ་རང་གི་རང་ལ་བྱེད་པ[ར་] འཇུག་པ་འགལ་ བའི་ཕྱིར་རོ། །འདི་ལྟར་རལ་གྲིའི་སོ་དེ་ཉིད་ཀྱིས་དེ་ཉིད་མི་གཅོད་ལ། སོར་མོའ་ིརྩེ་ མ་ོ དེ་ཉིད་ཀྱིས་དེ་ཉིད་ལ་མི་རེག་ཅིང་། ལེགས་པར་བསླབས་པའི་གཡེར་ཞིང་ཡང་ གཟརོ ་ཅན་གྱིས་ཀྱང་རང་གི་ཕྲག་པ་ལ་ཞནོ ་པར་མི་ནུས་ཤིང་།མེས་རང་གི་བདག་ ཉིད་མི་སྲེག་ལ། མིག་གིས་རང་གི་བདག་ཉིད་ལ་ལྟ་བ་མ་ཡིན་ན།ོ །ཤེས་པ་དེ་ནི་རང་ལས་ དོན་གཞན་པའི་ཤེས་པ་གཞན་གྱིས་འཛིན་པ་ཡང་མ་ཡིན་ཏེ། སེམས་ཙམ་པ་རང་གི་གྲུབ་ པའི་མཐའ་དང་འགལ་བའི་ཕྱིར་ཏེ།གལ་ཏེ་འབྲས་བུའི་གནས་གྱུར་མ་ཐབོ ་པའི་སྐབས་སུ་རྣམ་ པར་རིག་པ་དོན་གཞན་ཞིག་རྣམ་པར་རིག་པའི་སྣང་ཡུལ་ཡིན་ན་རྣམ་པར་རིག་པ་ ཙམ་ཉིད་དུ་སྨྲ་བ་ཉམས་པར་འགྱུར་ར་ོ ཞེས་འབྱུང་བའི་ཕྱིར་ར།ོ །དེའི་ཕྱིར་སེམས་ཙམ་པ་ ལྟར་བྱས་ན་དེ་ལྟར་དེའི་འཛིན་པ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ལ་ཤེས་པས་མ་ གཟུང་བ་ལ་ནི་ཡོད་པ་ཉིད་དོ་ཞེས་བྱར་མེད་དོ། །ཅེས་དབུ་མ་པས་སྨྲས་པ་ན། འདིར་སེམས་ ཙམ་པས་སྨྲས་པ། གལ་ཏེ་ཡང་ཤེས་པ་དནོ ་གཞན་གཞན་གྱིས་འཛིན་པ་༼ཁ ཡདོ ་པ་༼ཀ ནི་༼ག མ་ཡིན་མོད་ཀྱི། དེ་ལྟ་ན་ཡང་རང་རིག་པ་ནི་ཡོད་པ་ཡིན་ནོ། །དེའི་ཕྱིར་ རང་རིག་པ་ཁོ་ནས་གཞན་དབང་དེ་འཛིན་པའི་ཕྱིར་དེ་ཡོད་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་པར་བཤད་པ།
དེ་ཉིད་ཀྱིས་དེ་མྱོང་བར་གྲུབ་མ་ཡིན། །
དེ་ཉིད་ཀྱིས་དེ་འཛིན་ཏོ་ཞེས་བྱ་བ་འདི་ནི་མ་གྲུབ་བོ། །
198

སེམས་བསྐྱེད་པ་དྲུག་པ།
འདིར་ཁ་ཅིག་གིས་ཏེ་སེམས་ཙམ་པས་མད་ོསྡེ་པའི་ཕྱགོ ས་ཁས་བླངས་ནས་རང་ གི་རིག་པ་རབ་ཏུ་སྒྲུབ་པའི་ཕྱིར། ཇི་ལྟར་མེ་ནི་སྐྱེས་པ་ཉིད་ན་རང་གི་བདག་ཉིད་ དང་བུམ་པ་ལ་སོགས་པ་དག་རིམ་གྱིས་གཉིས་སུ་གསལ་བ་ལ་མི་འཇུག་པར་ཅིག་ཅར་ གསལ་བར་བྱེད་ལ། སྒྲས་ཀྱང་བུམ་པའ་ོཞེས་བརྗོད་པ་ན་སྒྲ་རང་གི་བདག་ཉིད་ལ་དམིགས་ པ་དང་དེའི་དོན་སྟོན་པར་བྱེད་པ་བུམ་ལ་དམིགས་པ་གཉིས་སྐྱེད་པ་དེ་བཞིན་དུ། རྣམ་པར་ ཤེས་པ་ཡང་ཉེ་བར་སྐྱེ་བ་ཉིད་ན་༼ཁ རིམ་གྱིས་གཉིས་སུ་མི་འཇུག་པར་རང་གི་བདག་ ཉིད་དང་། ཡུལ་གཉིས་ཀ་༼ཀ སོ་སོར་༼ག ཡང་དག་པར་ཏེ་ཅིག་ཅར་རིག་པར་བྱེད་ པ་ཡིན་ནོ། །དེའི་ཕྱིར་རང་རིག་པ་ཞེས་བྱ་བ་ཡོད་པ་ཁོ་ན་ཡིན་ནོ། །གང་ཞིག་རང་ རིག་མི་འདོད་པ་དེས་ཀྱང་གདོན་མི་ཟ་བར་ངེས་པར་རང་རིག་པ་ཁས་བླང་བར་བྱ་ དགསོ ་ཏེ།གཞན་དུ་དེ་ཁས་མི་ལེན་ན་སྔར་དནོ ་འདི་མཐངོ ་ང་ོཞེས་དུས་ཕྱིས་སུ་འབྱུང་བའི་ དྲན་པས་ཡུལ་དྲན་པ་ཉིད་དང་། སྔར་ངས་མཐོང་ངོ་སྙམ་དུ་ཡུལ་གྱི་ཉམས་སུ་མྱོང་ བ་ཡུལ་ཅན་དྲན་པར་མི་འགྱུར་ར།ོ །དེ་ཅིའི་ཕྱིར་ཞེ་ན། སྔར་ཉམས་སུ་མ་མྱངོ ་བ་ལ་དྲན་པ་སྐྱེ་བ་ མི་སྲིད་པས་དྲན་པ་ནི་སྔར་གྱི་ཉམས་སུ་མྱོང་བའི་ཡུལ་ཅན་ཡིན་ན། ཁྱོད་རང་རིག་མི་འདོད་ པ་ལྟར་ན་སྔར་གྱི་སྔ་ོའཛིན་ལྟ་བུའི་ཤེས་པ་ཡང་རང་དུས་སུ་ཉམས་སུ་མ་མྱངོ ་བས་ཕྱིས་ཀྱི་དྲན་པ་ ཡོད་པར་འགྲུབ་པར་མི་འགྱུར་རོ། །རང་རིག་པ་མེད་པའི་ཕྱིར་ན་རེ་ཞིག་དེ་ཉིད་ཀྱིས་ དེ་ཉམས་སུ་མྱོང་བ་ཡོད་པ་མ་ཡིན་ནོ། །
རང་ལས་དོན་གཞན་པའི་ཤེས་པ་གཞན་གྱིས་ཀྱང་སྔོ་འཛིན་དེ་མྱོང་བར་མི་རིགས་ ཏེ།ཅིའི་ཕྱིར་ཞེ་ན།སྔ་ོའཛོན་དེ་རང་ལས་དནོ ་གཞན་པའི་ཤེས་པ་གཞན་གྱིས་ཉམས་སུ་མྱངོ ་ 199

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ན་གནདོ ་པ་གཉིས་ལས། དང་པ་ོ ཐུག་པ་མེད་པར་ཐལ་བར་འགྱུར་[ར]ོ བ་ནི། འདི་ལྟར་སྔནོ ་ པོ་ཡོངས་སུ་གཅོད་པར་བྱེད་པའི་ཤེས་པ་གཅིག་དེ་དེའི་མཇུག་ཐོགས་སུ་འབྱུང་ བའི་རྣམ་པར་ཤེས་པ་གཞན་གྱི ས་ཡོངས་སུ་གཅོད་པར་ཁས་ལེན་ན། དེ་ལ་དེ་འཇལ་བྱེད་ཀྱི་ ཤེས་པ་དོན་གཞན་དགོས་སམ་མི་དགོས། མི་དགོས་ན་ཤེས་པ་སྔ་མ་ལ་ཡང་མི་དགོས་པར་འགྱུར་ལ། དགོས་ ན་སྔོན་པོའ་ིཤེས་པས་ཤེས་པ་དེ་ལ་ཡང་མྱོང་བ་པོ་གཞན་ཡོད་པར་བྱ་དགོས་ཤིང་། དེ་ལ་ཡང་གཞན་ཞིག་འགྱུར་དགོས་པས་ཐུག་པ་མེད་པའི་སྐྱོན་དུ་འགྱུར་ཞིང། ཐུག་ མེད་དུ་སོང་ན་ནི་སྔོ་འཛིན་དང་པོ་ལ་མྱོང་བ་མི་འགྲུབ་པའི་སྐྱོན་ཡོད་པར་ཐལ་ལོ། །གཉིས་པ་ཤེས་པས་ ཡུལ་གཞན་ཡོངས་སུ་མི་གཅོད་པར་ཐལ་བར་ཡང་འགྱུར་ཏེ། ཤེས་པ་སྔ་མས་ཕྱི་མ་གཅོད་ན་ ནི་གཟུགས་སྒྲ་ལ་སོགས་པའི་ཡུལ་གཞན་མི་གཅོད་པ་དང། དེ་ལ་མི་འཕོ་བར་འགྱུར་ཏེ། རྣམ་པར་ཤེས་ པའི་རྒྱུན་ལུགས་ཏེ་རྒྱུ་བ་མཐའ་དག་ཤེས་པ་སྔ་མ་གཞན་[གྱི་] དེའི་ཡུལ་ཅན་ཡིན་པའི་ ཕྱིར་[དང་] རོ། །དེ་ནི་ཁྱབ་པ་མ་ངེས་པ་མིན་ཏེ། ཤེས་པ་སྔ་མ་སྔ་མ་ཤེས་པ་ཕྱི་མ་ཕྱི་མས་ཡོངས་སུ་གཅོད་ ན། སྔ་མ་དེ་གཟུང་དནོ ་དུ་བྱས་ནས་ཕྱི་མ་དེ་སྐྱེ་དགསོ ་ལ། དེའི་ཚེ་ནང་གི་ཡན་ལག་གི་ཉེ་བའི་གཟུང་དནོ ་བརོ ་ ནས། རིང་བའི་ཕྱི་རོལ་ལ་མི་འཇུག་པའི་ཕྱིར་རོ། །གལ་ཏེ་སྔོ་འཛིན་གྱི་རྣམ་ཤེས་སྔ་མ་གཅོད་པའི་སྔོ་འཛིན་གྱི་ རྣམ་ཤེས་ཕྱི་མ་དང་སྔོན་པོ་གཅོད་པའི་སྔོ་འཛིན་གྱི་རྣམ་ཤེས་གཉིས་དུས་གཅིག་ཏུ་སྐྱེ་བས། ཡུལ་གཞན་ལ་མི་ འཕོ་བའི་སྐྱོན་མེད་དོ་སྙམ་ན། དེ་ལྟར་ན་མིག་གི་རྣམ་ཤེས་རིགས་མཐུན་རྫས་ཐ་དད་པ་གཉིས་དུས་གཅིག་ཏུ་ གང་ཟག་གཅིག་གི་རྒྱུད་ལ་སྐྱེ་བར་འགྱུརལ། དེ་འདོད་ན། སེམས་ཅན་རྣམས་རྣམ་པར་ཤེས་པའི་ རྒྱུད་གཅིག་པ་སྟེ་རེ་རེ་བའ།ོ །ཞེས་གསུངས་པ་དང་འགལ་བ་ཡིན་པའི་ཕྱིར་ར།ོ །དེས་ན་རྣམ་པར་ ཤེས་པ་ཨུཏྤལའི་འདབ་མ་བརྒྱ་འབིགས་པ་ལྟར་རིམ་གྱིས་འབྱུང་བ་རྣམས་འཇུག་པ་ 200

སེམས་བསྐྱེད་པ་དྲུག་པ།
མྱུར་བས་ཅིག་ཅར་དུ་འཇུག་པ་སྟེ་སྐྱེ་བ་ལྟ་བུར་མངོན་པ་ཡིན་ནོ། །དེའི་ཕྱིར་ཐུག་པ་ མེད་པའི་དང། ཡུལ་གཞན་མི་གཅོད་པའི་སྐྱོན་ཡོངས་སུ་སྤང་བར་བྱ་བའི་ཕྱིར་གདོན་མི་ ཟ་བར་རང་རིག་པ་ཁས་བླང་བར་བྱ་དགོས་སོ། །དེ་ལྟ་ན་ནི་ངས་སྔར་སྔོན་པོ་མཐོང་ ངོ་སྙམ་དུ་གཉི་གའི་ཡུལ་ཅན་གྱི་དྲན་པ་དུས་ཕྱིས་འབྱུང་བ་ཡང་འགྲུབ་སྟེ། ཤེས་ པའི་རང་བཞིན་རང་རིག་པ་མ་རྟོགས་པ་ལ་སྟེ་མི་འདོད་ན་ནི་སྔར་གྱི་སྔོ་འཛིན་ལྟ་བུའི་ཤེས་ པ་ཡང་རང་དུས་སུ་ཉམས་སུ་མ་མྱོང་བས། ཕྱིས་ཀྱི་དེའི་ཡུལ་ཅན་གྱི་དྲན་པ་དེ་ཡོད་པ་མི་རིགས་ སོ། །དེའི་ཕྱིར་ངས་སྔར་སྔོན་པོ་མཐོང་ངོ་སྙམ་དུ་དུས་ཕྱིས་ཡུལ་དང་ཡུལ་ཅན་གཉིས་ཀ་དྲན་ པའི་ཤེས་པ་སྐྱེས་པ་ལས། གང་ལས་དུས་ཕྱིས་གཉི་གའི་ཡུལ་ཅན་གྱི་དྲན་པ་སྐྱེ་བ་ ཉམས་སུ་མྱོང་བའི་ཤེས་པའི་རང་གི་བདག་ཉིད་ཡུལ་ཅན་མྱོང་བ་དང་། ཡུལ་གྱི་བདག་ ཉིད་ཡུལ་མྱངོ ་ཞིང་སྐྱེས་པ་སྟེ་ཡདོ ་པར་དཔགོ ་པར་བྱེད་ད།ོ །དེའི་ཕྱིར་དུས་ཕྱིས་ཀྱི་དྲན་ པཔའི་རྟགས་ལས་རང་ཉམས་སུ་མྱོང་བ་ཡོད་པར་གྲུབ་པ་ཡིན་ལ། དེ་ལྟར་རང་ཉམས་སུ་ མྱོང་བའི་རང་རིག་ཡོད་ན་ཡང་གཞན་[གྱི་]དབང་ཡོད་པར་རང་རིག་དེ་ཉིད་ཀྱིས་འགྲུབ་ པ་ཡིན་པས། དེ་ལ་འདི་ནི་ཡོད་པར་གང་གིས་ཤེས་པར་འགྱུར་ཞེས་དབུ་མ་པས་གང་ སྨྲས་པ་སྟེ་དྲིས་པ་ལ། ལན་ འདི་ཉེ་བར་བསྟན་པ་ཡིན་ནོ་ཞེས་སྨྲས་པ་དེ་ཡང་རིགས་ པ་མ་ཡིན་ན་ོཞེས་བསྟན་པའི་ཕྱིར་བཤད་པ།དེ་ཉིད་ཀྱིས་དེ་མྱངོ ་བར་གྲུབ་མ་ཡིན།།
གལ་ཏེ་ཕྱི་དུས་དྲན་པ་ལས་གྲུབ་ན། ། མ་གྲུབ་བསྒྲུབ་པར་བྱ་ཕྱིར་བརྗོད་པ་ཡི། ། མ་གྲུབ་འདི་ནི་སྒྲུབ་པར་བྱེད་པ་མིན། །
201

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
དེ་ལ་གལ་ཏེ་རེ་ཞིག་རྫས་སྒྲུབ་པར་བྱེད་པ་སྟེ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡིན་པའི་ དབང་དུ་བྱས་ནས་དེ་སྐད་དུ་སྨྲ་ན་ནི། དེའི་ཚེ་བདག་དང་གཞན་ལས་སྐྱེ་བ་མེད་ པའི་ཕྱིར་རྣམ་པ་ཐམས་ཅད་དུ་དྲན་པ་མི་སྲིད་པས་ཇི་ལྟར་རང་བཞིན་གྱིས་ཡོད་པར་མ་ གྲུབ་པའི་དྲན་པས་ཕྱིར་རྒོལ་ལ་༼ཁ མ་གྲུབ་པ[འི་] ༼ཀ རང་རིག་པ་༼ག སྒྲུབ་ པར་འགྱུར། འནོ ་ཏེ་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་དུ་ཡིན་ན། དེ་ལྟ་ན་ཡང་རང་ རིག་པའི་རྒྱུ་ཅན་གྱི་ཏེ་དེའི་འབྲས་བུའི་དྲན་པ་མི་སྲིད་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་འདིར་མེ་གྲུབ་ན་དུ་བ་དེའི་འབྲས་བུར་ཤེས་པར་འགྱུར་བ་བཞིན་དུ། ཤེས་པ་འགའ་ ཞིག་གིས་རང་རིག་པ་འགྲུབ་པར་འགྱུར་ན་ནི། ༼ཁ དེ་ཡོད་པས་༼ཀ དུ་བས་མེ་ ལྟར་༼ག དྲན་པ་འབྱུང་བའི་འབྲེལ་བ་གྲུབ་ན། དུས་ཕྱིས་འབྱུང་བའི་དྲན་པའི་སྒོ་ནས་རང་ རིག་ཡོད་པ་ཉིད་དུ་ངེས་པར་འགྱུར་བ་ཞིག་ན། རང་རིག་པ་དེ་ནི་ད་དུང་ཡང་ཕྱིར་ རྒལོ ་ལ་མ་གྲུབ་པས་རང་རིག་པའི་རྒྱུ་ཅན་ཏེ་འབྲས་བུ་རང་རིག་[པ་]མེད་པར་མི་འབྱུང་ བའི་དྲན་པ་ག་ལ་ཡདོ ། འབྲེལ་བ་མེད་པར་མི་འགྲུབ་པའི་དཔེ་ནི། འདི་ལྟར་ཆུ་ཙམ་མཐངོ ་བ་ ལས་ནརོ ་བུ་ཆུ་ཤེལ་ལམ།མེ་ཙམ་མཐངོ ་བ་ལས་ནརོ ་བུ་མེ་ཤེལ་ཡདོ ་པ་དཔགོ ་པ་ཉིད་ ནི་མ་ཡིན་ཏེ། དེ་དག་མེད་པར་ཡང་ཆར་ལ་སོགས་པ་དང་གཙུབ་ཤིང་གཙུབས་པ་ ལ་སོགས་པ་ལས་ཆུ་དང་མེ་དག་འབྱུང་བའི་ཕྱིར་[ཏེ] རོ། །དེ་བཞིན་དུ་འདིར་ཡང་ རང་རིག་པ་མེད་པར་དྲན་པ་ཇི་ལྟར་འབྱུང་བ་དེ་ལྟར་བསྟན་པར་འགྱུར་རོ། །དེའི་ ཕྱིར་རང་རིག་པའི་རྒྱུ་ཅན་ཏེ་འབྲས་བུ་ [གྱི་]དྲན་པ་ནི་དེ་མེད་པར་མེད་པས། ཕྱི་རྒོལ་ ལ་རང་རིག་མ་གྲུབ་པ་བསྒྲུབ་པར་བྱ་ཕྱིར་ཏེ། རང་རིག་པ་བསྒྲུབ་པར་བྱ་བའི་ཕྱིར་དུ་༼ག 202

སེམས་བསྐྱེད་པ་དྲུག་པ།
དྲན་པ [འི་] ༼ཁ ཚིག་༼ཀ བརྗོད་པའི་༼ང རང་བཞིན་གྱིས་ཡོད་པར་མ་གྲུབ་པ་མ་གྲུབ་ པ་འདི་ནི། རང་རིག་སྒྲུབ་པའི་དགོས་པ་ཅན་དུ་མ་གྲུབ་སྟེ། སྒྲ་མི་རྟག་པ་སྒྲུབ་པ་ལ་མིག་ གིས་གཟུང་བྱ་ཉིད་བཞིན་ནོ་སྙམ་དུ་བསམ་པ་ཡིན་ནོ། །ཇི་སྟེ་དེ་ལྟར་རྣམ་པར་ དཔྱོད་པ་བཏང་ནས་ཀྱང་།
རང་རིག་པ་ནི་གྲུབ་ལ་རག་མོད་ཀྱི། ། དེ་ལྟའང་དྲན་པའི་དྲན་པ་རིགས་མིན་ཏེ། ། གཞན་ཕྱིར་མ་ཤེས་རྒྱུད་ལ་སྐྱེས་པ་བཞིན། ། གཏན་ཚིགས་འདིས་ནི་ཁྱད་པར་དག་ཀྱང་འཇོམས། །
གལ་ཏེ་ཡང་ཤེས་པས་རང་གི་བདག་ཉིད་དང་ཡུལ་རིག་པར་བྱེད་མདོ ་ཀྱི།དེ་ལྟ་ན་ ཡང་དྲན་པའི་ཤེས་པས་ཡུལ་དང་ཡུལ་ཅན་དེ་དག་དྲན་པ་ནི་མི་རིགས་ཏེ། ཕྱིས་ཀྱི་དྲན་ པའི་ཤེས་པ་ནི་སྔར་གྱི་ཡུལ་ཉམས་སུ་མྱངོ ་བའི་ཤེས་པ་ལས་རང་བཞིན་གྱིས་གྲུབ་པའི་གཞན་ ཉིད་དུ་ཁས་བླངས་པའི་ཕྱིར་རོ། །འདི་ལྟར་བྱམས་པའི་ཤེས་པའི་རང་རིག་པ་དང་ ཡུལ་མྱོང་བ་ནི་སྔར་ཉམས་སུ་མ་མྱོང་བས་ཉེར་སྦས་ཀྱི་ཤེས་པས་དྲན་པ་མ་ཡིན་ པ་དེ་བཞིན། སྔར་དུ་མ་ཤེས་པ་སྟེ་མ་མྱོང་བ འི་རྒྱུད་ལས་ཤེས་པ་སྟེ་རྒྱུད་ལ་སྐྱེས་པ་ལྟར་རང་ བཞིན་གྱིས་གྲུབ་པའི་གཞན་ཡིན་པའི་ཕྱིར་ན། རང་གི་རྒྱུད་དུ་གཏོགས་པའི་རྣམ་པར་ ཤེས་པ་དུས་ཕྱིས་འབྱུང་བས་ཀྱང་ཤེས་པ་དང་དོན་དག་ཉམས་སུ་མ་མྱོང་བའི་ཕྱིར་ དྲན་པར་མི་འགྱུར་ར།ོ །ཅི་སྟེ་རྒྱུད་གཅིག་ཏུ་གཏགོ ས་པ་རྣམས་ལ་རྒྱུ་དང་འབྲས་བུའི་ དངསོ ་པ་ོགནས་པའི་ཕྱིར་དྲན་པ་ཡདོ ་པར་འགྱུར་ར་ོསྙམ་དུ་སེམས་ན།དེ་ཡང་ཡདོ ་
203

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
པ་མ་ཡིན་ཏེ། གང་གི་ཕྱིར། གཏན་ཚིགས་འདིས་ནི་ཁྱད་པར་དག་ཀྱང་འཇོམས། ། རང་མཚན་གྱིས་གཞན་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་གང་ཡིན་པ་འདིས་ ནི་རྒྱུ་གཅིག་ཏུ་གཏོགས་པ་ཉིད་དང་། རྒྱུ་དང་འབྲས་བུའི་དངོས་པོ་ལ་སོགས་པའི་ ཁྱད་པར་ཐམས་ཅད་ཉེ་བར་འཇོམས་པར་བྱེད་དོ། །དྲན་པའི་ཤེས་པའི་སྐད་ཅིག་ ཉམས་སུ་མྱོང་བའི་དུས་ཕྱིས་འབྱུང་བ་ནི་རང་མཚན་གྱིས་གཞན་ཡིན་པའི་ཕྱིར། རྒྱུད་ གཞན་གྱི་ཤེས་པ་བཞིན་དུ་ཉམས་སུ་མྱོང་བའི་ཤེས་པ་དང་རྒྱུད་གཅིག་ཏུ་གཏོགས་ པ་མ་ཡིན་ལ། རྒྱུ་དང་འབྲས་བུའི་དངོས་པོར་གནས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ ལ་སོགས་པ་རང་མཚན་གྱིས་གཞན་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིག་འདི་ཉིད་ ཀྱིས་རྒྱ་ཆེར་དགག་པར་བྱ་བ་ཡིན་ནོ། །
གལ་ཏེ་རང་རིག་མི་འདོད་པ་ཁྱོད་ཀྱི་ལྟར་ན་དྲན་པ་སྐྱེ་ལུགས་ཇི་ལྟར་ཡིན་ཞེ་ན། བརྗོད་པར་བྱ་སྟེ།
གང་ཕྱིར་གང་གིས་ཡུལ་མྱོང་གྱུར་དེ་ལས། ། དྲན་པ་འདི་གཞན་ང་ལ་ཡོད་མིན་པ། ། དེ་ཕྱིར་ང་ཡིས་མཐོང་སྙམ་དྲན་འགྱུར་ཏེ། ། འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། །
སྔར་གྱི་ཤེས་པ་གང་གི་ཡུལ་མྱངོ ་བ་དེ།ཡུལ་ཉམས་སུ་མྱངོ ་བའི་ཤེས་པ་དེ་ལས་དྲན་པའི་ ཤེས་པ་འདི་རང་མཚན་གྱིས་གཞན་ཉིད་དུ་གྱུར་པ་ངའི་ལུགས་ལ་ཇི་ལྟར་མེད་པ་དེ་ལྟར་ནི་ སྔར་བཤད་ཟིན་ཏ།ོ །ས་མྱུག་ལྟ་བུའི་ཉེར་ལེན་གྱི་རྒྱུ་འབྲས་ལ་རང་མཚན་གྱིས་གྲུབ་པའི་གཞན་དུ་འཛིན་ 204

སེམས་བསྐྱེད་པ་དྲུག་པ།
པ། འཇིག་རྟེན་གྱི་བློ་རང་དགའ་བ་ལ་མེད་པ་ཡང་སྔར་བཤད་ཟིན་པ་གང་གི་ཕྱིར་སྔར་གྱི་ཡུལ་མྱོང་དང་ ཕྱིས་ཀྱི་དྲན་པ འི་རྒྱུ་འབྲས་ལ་ཡང་། འཇིག་རྟེན་པའི་བློ་ལྷན་སྐྱེས་ལ་རང་མཚན་གྱིས་གྲུབ་པའི་ གཞན་ ཉིད་དུ་འཛིན་པ་ཡོད་པ་མ་ཡིན་པ་དེའི་ཕྱིར། གང་ཉམས་སུ་མྱོང་བ་སྔོ་འཛིན་གྱི ས་མྱོང་ བ་སྟེ་མཐངོ ་བའི་ཡུལ་དེ་ཕྱིས་དྲན་པའི་ཤེས་པས་ངས་སྔར་ཡང་མྱངོ ་བ་མ་ཡིན་པ་སྟེ་མཐངོ ་ང་ོཞེ ས་ཐ་སྙད་བྱེད་དོ། །དེའི་ཕྱིར་མྱོང་དྲན་གཉིས་དང་དེའི་དུས་ཀྱི་ཡུལ་གཉིས་རང་མཚན་གྱིས་ཐ་དད་དུ་འཛིན་ པ་འཇིག་རྟེན་པ་རང་དགའ་བ་ལ་མེད་པར་གསལ་ཏེ། དེ་ལྟ་མ་ཡིན་ན་རྒྱུད་གཞན་གྱི་མྱོང་བ་ལ་ཡང་རང་ གི་དྲན་པ་ཡུལ་དང་ལྡན་པར་འབྱུང་ལ།དེའི་ཕྱིར་སྔར་ཡུལ་ཉམས་སུ་མྱངོ ་བའི་ཤེས་པས་ ཡོངས་སུ་བཅད་པ་གང་ཡིན་པ་དེ། ཕྱིས་དེ་དྲན་པས་ཡོངས་སུ་མ་བཅད་པ་མ་ཡིན་ པས་འདི་ཡང་སྔར་ཡང་བདག་གིས་མཐོང་ངོ་ཞེས་བྱ་བ་སྟེ་མཐོང་སྙམ་དུ་དྲན་པ་སྐྱེ་བ་ར་ཡང་ འགྱུར་[རོ] ཏེ། འདི་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་ལུགས་ཡིན་གྱི། ཤིན་ཏུ་དཔྱད་ པར་བྱ་བ་ཐ་སྙད་བཏགས་པ་ཙམ་གྱིས་མ་ཚིམ་པར་བཏགས་དོན་འཚོལ་བའི་ཚུལ་གྱིས་དཔྱད་ནས་འཇོག་ པ་ནི་མ་ཡིན་ཏེ། བཏགས་དོན་བཙལ་ན་མི་རྙེད་པའི་བརྫུན་པའི་དོན་ཅན་ཉིད་ཀྱིས་འཇིག་ རྟེན་གྱི་ཐ་སྙད་ཡིན་པའི་ཕྱིར་རོ། །
གང་གི་ཕྱིར་དེ་ལྟར་ཡིན་པ། དེའི་ཕྱིར་རང་རིག་ཡོད་པ་མ་ཡིན་ན། ། ཁྱོད་ཀྱིས་གཞན་དབང་གང་གིས་འཛིན་པར་འགྱུར། ། བྱེད་པོ་ལས་དང་བྱ་བ་གཅིག་མིན་པས། ། དེ་ཉིད་ཀྱིས་དེ་འཛིན་པར་རིགས་མ་ཡིན། །
205

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
བདག་རིག་པར་བྱེད་དོ་ཞེས་རིག་པར་བྱ་བཞིན་པའི་བདག་ཉིད་ལས་ཀྱི་དངོས་ པོར་འགྱུར་ལ། རིག་པར་བྱ་བ་དེ་ཉིད་ཀྱང་བྱེད་པ་པོ་ཡིན་ཞིང་། དེའི་བྱ་བ་ཡང་ཐ་ མི་དད་པ་ཉིད་ཡིན་པས་བྱེད་པ་པོ་དང་ལས་དང་བྱ་བ་གཅིག་ཏུ་ཐལ་བར་འགྱུར་ ན། འདི་དག་གཅིག་[པ་]ཉིད་དུ་ནི་མ་མཐོང་ངོ་། །འདི་ལྟར་ཤིང་གཅོད་པའི་བྱེད་པ་པོ་ དང་བཅད་པའི་ལས་སུ་བྱ་བ་ཤིང་དང་།ཤིང་གཅདོ ་པའི་བྱ་བ་གསུམ་གཅིག་[པ་]ནི་མ་ཡིན་ ན།ོ །འདི་ལས་ཀྱང་རང་རིག་པ་ཡདོ ་པ་མ་ཡིན་པས་ཤེས་པ་དེ་ཉིད་ཀྱིས་དེ་འཛིན་པ ར་ རིགས་པ་མ་ཡིན་ནོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་། ཇི་ལྟར་རལ་གྲིས་ རང་གི་ས།ོ །གཅདོ ་པར་མི་བྱེད་སརོ ་མ་ོ ནི། །རང་ལ་རེག་པར་མི་བྱེད་ལྟར། །རང་རིག་ སེམས་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །
གཞན་དབང་བདག་དང་གཞན་ལས་སྐྱེ་བ་མེད་པ་དེའི་ཕྱིར་དེ་ལྟར་རང་རིག་པ་མེད་
པའི་ཕྱིར།
གལ་ཏེ་སྐྱེ་བ་མེད་ཅིང་མ་ཤེས་པའི། །
བདག་ཅན་གཞན་དབང་ངོ་བོའ་ིདངོས་ཡོད་ན། ། གང་གིས་ན་འདི་ཡོད་པར་མི་རིགས་པ། ། གཞན་ལ་མོ་གཤམ་བུས་གནོད་ཅི་ཞིག་བྱ། །
གཞན་གྱི་དབང་བདག་དང་གཞན་ལས་མི་སྐྱེ་བར་ནི་གོང་དུ་སྤྱིར་བསྟན་པ་ཡིན་ ལ། དེ་ལྟ་ནི་མ་ཤེས་པའི་བདག་ཉིད་ཅན་ཉིད་དུ་ཡང་བསྟན་པ་ཡིན་ནོ། །དེའི་ཕྱིར་ དེ་ལྟར་གལ་ཏེ་རང་བཞིན་གྱིས་སྐྱེ་བ་མེད་ཅིང་ཚད་མས་མ་ཤེས་པའི་བདག་ཉིད་ཅན་ 206

སེམས་བསྐྱེད་པ་དྲུག་པ།
གཞན་[གྱི་]དབང་རང་གི་ངོ་བོ ས་གྲུབ་པའི་དངོས་པོ་ཡོད་དོ་ཞེས་བྱ་བར་ཁས་ལེན་ན། རྒྱུ་མཚན་གང་ལས་གཞན་[གྱི་]དབང་དང་མཚུངས་པའི་ཆོས་ཅན་ཡིན་དུ་ཟིན་ཀྱང་། འདི་ཡོད་པ་ཉིད་དུ་འདོད་པར་མི་འགྱུར་བ་སེམས་ཙམ་པ་ཁྱོད་ལ་མོ་གཤམ་གྱི་བུས་ གནོད་པ་ཅི་ཞིག་བྱས་ཏེ།དེ་ཡདོ་པར་མི་འདདོ་དེ་ཡདོ་པར་འདདོ་དགོས་ཏེ།འདི་ལྟར་མ་ོགཤམ་ གྱི་བུ་ཞེས་བྱ་བ་སྤྲོས་པ་ཐམས་ཅད་ལས་འདས་ཤིང་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ ཡུལ་དུ་གྱུར་པ་བརྗདོ ་དུ་མེད་པའི་རང་བཞིན་ཅན་ཞིག་ཡདོ ་ད་ོཞེས་འདི་ཡང་ཡདོ ་ པ་ཉིད་དུ་འདོད་པར་གྱིས་ཤིག །
གང་ཡང་དངོས་པོ་བཏགས་པར་ཡོད་པའི་རྒྱུར་གྱུར་ཅིང་། །ཞེས་སྨྲས་ པ་དེ་ཡང་གཞན་[གྱི]་དབང་རང་བཞིན་གྱིས་ཡོད་པ་ཉིད་ཡིན་ན། རིགས་པ་ཞིག་ན།
གང་ཚེ་གཞན་དབང་ཅུང་ཟད་ཡོད་མིན་ན། །
ཀུན་རྫོབ་པ་ཡི་རྒྱུར་ནི་གང་ཞིག་འགྱུར། །
ཐ་སྙད་ཀུན་རྫབོ ་པ་རྣམས་ལ་འཁྲུལ་པའི་རྒྱུ་སྟེ་གཞི་རྫས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་ད་ོསྙམ་ དུ་བསམ་པའ།ོ །དེས་ནི་གཞན་དབང་དོན་དམ་དུ་གྲུབ་པར་འདོད་པས་དོན་དམ་ལས་ཉམས་པར་བསྟན། དེའི་ཕྱིར་སེམས་ཙམ་པ་འདི་ལ་འཇིག་རྟེན་གྱི་ཐ་སྙད་ཀྱི་རྒྱུ་གང་ཡིན་པ་དེ་རང་གི་ངོ་ བོ་ཉིད་ཀྱིས་ཡོད་པ་མ་ཡིན་པས། ཀྱེ་མ་ཀྱི་ཧུད།
གཞན་གྱི་ལྟར་ན་རྫས་ལ་ཆགས་པ་ཡིས། །
འཇིག་རྟེན་གྲགས་པའི་རྣམ་གཞག་ཀུན་ཀྱང་བརླག ། སེམས་ཙམ་པའི་ལྟར་ན་ངེས་དོན་མཐར་ཐུག་པ་འབྱེད་པའི་ཤེས་རབ་ཀྱི་རྩལ་མེད་པས་གཞན་དབང་ 207

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
གི་རྫས་ཆ་ཤས་ཙམ་ལ་བདེན་པར་ཞེན་པའི་ཆགས་པའི་སྒ་ོ ནས། གཞན་[གྱི་]དབང་གི་བུམ་ པ་སོ་མ་བཏང་བར། ཚུལ་མིན་གྱི་དཔྱད་པ་ཆུ་དང་འདྲ་བ་བླུགས་ནས་རང་གི་བློ་གྲོས་ཀྱི་ ཚུལ་ངན་པའི་ཕྱིར་ཏེ་རྒྱུ་མཚན་གྱིས། འཇིག་རྟེན་ལ་གྲགས་པའི་རྣམ་པར་གཞག་པ་འཇིག་ རྟེན་ཁ་ོན་ལས་གྲུབ་པ།འདུག་ཅིག་སངོ ་ཞིག་བྱསོ ་ཤིག་ཚོས་ཤིག།ཅེས་བྱ་བ་དེ་ལྟ་བུ་ ལ་སགོ ས་པ་དང་།དེ་བཞིན་དུ་ཕྱིའི་གཟུགས་དང་ཕྱིའི་དམིགས་པ་ལས་སྐྱེས་པའི་ཚོར་བ་ལ་ སགོ ས་པ་གང་ཡིན་པ་དེ་དག་ཐམས་ཅད་འཇིག་པར་རྟགོ ས་ཏེ།དེའི་ཕྱིར་སེམས་ཙམ་ པ་འདི་ལ་རྒུད་པ་ཉིད་འབའ་ཞིག་སྲིད་པར་འགྱུར་གྱི་མངནོ ་པར་མཐ་ོབ་སྟེ་ཕུལ་དུ་བྱུང་ བའི་ག་ོ འཕང་ནི་འཐབོ ་པ་མ་ཡིན་ན།ོ །ཕྱི་རལོ ་བཀག་ན་སངོ ་ཞིག་ལ་སགོ ས་པ་ཡང་མེད་པར་འགྱུར་བའི་ རིགས་པས། དེ་རྣམས་ཕྱི་རོལ་ལ་འབྲེལ་བའ།ོ །འདིས་ནི་ཀུན་རྫོབ་ཀྱི་བདེན་པ་ལས་ཉམས་པར་བསྟན་པའ།ོ །
དེའི་ཕྱིར་དེ་ལྟར་སློབ་དཔོན་ཕྱིན་ཅི་ལོག་སྟེ་དྲང་བའི་དོན་ལ་ངེས་པའི་དོན་དུ་ འཆད་པ་ལས། སངས་རྒྱས་ཀྱི་དགོངས་པར་མ་སོང་བའི་རང་གི་རྣམ་པར་རྟོག་པས་སྦྱར་བའི་ ལུགས་ཀྱི་ལམ་ཁོ་ནར་ཞུགས་པ།
སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །
ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། ། ཅིའི་ཕྱིར་ཞེ་ན། འདི་ལྟར།
དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །
དེ་ལས་ཉམས་པས་ཐར་པ་གྲུབ་ཡོད་མིན། ། ཡང་ཅིའི་ཕྱིར་བདེན་པ་གཉིས་ལས་ཡངོ ས་སུ་ཉམས་པས་ཀྱང་དེ་མ་བཏང་གི་བར་དུ་ཐར་
208

སེམས་བསྐྱེད་པ་དྲུག་པ།
པ་མི་འགྲུབ་ཅེ་ན། བཤད་པ། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །
དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། ། དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། ། དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས། །
ཚུལ་དེ་ཉིད་མདོས་སྒྲུབ་པ་ལ་ཇི་སྐད་དུ། འཕགས་པ་དེ་ཁོ་ན་ཉིད་ངེས་པར་བསྟན་པའི་ ཏིང་ངེ་འཛིན་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་ གཉིས་ཉིད་ཀྱིས་བསྟན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། ། བདེན་པ་གསུམ་པ་གང་ཡང་མ་མཆིས་ས།ོ །གང་གིས་བདེ་བར་གཤེགས་ལ་འགྲ་ོབ་ རྣམས།།བདེ་བའི་དནོ ་དུ་དད་པ་སྐྱེ་འགྱུར་བ།།རྒྱལ་བས་འགྲ་ོབ་རྣམས་ཀྱི་དནོ ་སླད་ དུ། །འཇིག་རྟེན་ཕན་ཕྱིར་ཀུན་རྫོབ་དེ་བསྟན་ཏོ། །སེམས་ཅན་ཚོགས་ཀྱི་འགྲོ་དྲུག་ གང་བསྟན་པ། །སེམས་ཅན་དམྱལ་བ་དུད་འགྲོ་ཡི་དྭགས་དང་། །ལྷ་མིན་རིས་དང་ མི་དང་ལྷ་ཡི་རྣམས། །མི་ཡི་སེང་གེས་ཀུན་རྫོབ་བཏགས་པ་མཛད། །རིགས་དམའ་ དེ་བཞིན་མཐ་ོ བའི་རིགས་རྣམས་དང་། །ཕྱུག་པའོ ་ིཁྱིམ་དང་དབུལ་པའོ ་ིཁྱིམ་རྣམས་ དང་། །བྲན་གྱི་ཚོགས་དང་དེ་བཞིན་གཡོག་གི་ཚོགས། །བུད་མེད་ཚོགས་དང་སྐྱེས་ པ་མ་ནིང་དང་། །འགྲོ་བའི་ཁྱད་པར་ཇི་སྙེད་གང་ཡང་རུང་། །མཚུངས་མེད་ཁྱོད་ ཀྱིས་འཇིག་རྟེན་བསྟན་མཛད་པ། །ཀུན་རྫོབ་བདེན་པར་མཁས་པས་ཐུགས་ཆུད་ ནས། །འཇིག་རྟེན་ཕན་པས་མི་ལ་དེ་བསྟན་ཏ།ོ །ཞེས་པས་ནི་ཀུན་རྫབོ ་བསྟན་ཚུལ་གསུངས་ས།ོ །
209

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
འདི་ལ་དགའ་བའི་འགྲོ་བ་འཁོར་བ་ན། །འགྲོ་བའི་ཆོས་བརྒྱད་ལ་ནི་འཇུག་འགྱུར་ ཏེ། །ཐོབ་དང་མ་ཐོབ་སྙན་དང་མི་སྙན་དང་། །བསྟོད་དང་སྨད་དང་བདེ་དང་སྡུག་ བསྔལ་ལོ། །ཐོབ་པ་རྙེད་ན་དེ་ལ་ཆགས་པ་བསྐྱེད། །མ་ཐོབ་གྱུར་ན་དེས་ཀྱང་འཁྲུག་ པར་འགྱུར། །གང་གཞན་མ་བསྟན་ཚུལ་འདི་ཤེས་པར་བྱ། །ནད་རྣམས་བརྒྱད་ཀྱིས་ དེ་རྒྱུན་གནདོ ་པར་འགྱུར།།ཞེས་པས་ནི་ཀུན་རྫབོ ་པ་འདི་ལ་བདེན་པར་ཞེན་ནས།དགའ་བ་ནི་འཇིག་ རྟེན་གྱི་ཆསོ ་བརྒྱད་ལ་འཇུག་ཅིང་དེས་མནར་ནས་འཁརོ ་བར་འཁརོ ་བ་དང་ཆསོ ་བརྒྱད་ཀྱི་དང་པ་ོགཉིས་བསྟན་ པས་ལྷག་མ་མ་བསྟན་པ་ཤེས་པར་བྱ་བར་གསུངས་ས།ོ །ཀུན་རྫབོ ་དེ་ལ་དནོ ་དམ་སུ་སྨྲ་བ། །དེ་དག་ ནརོ ་བའི་བླ་ོལྡན་ཤེས་པར་བྱ།།ཞེས་པ་ནི་ཀུན་རྫབོ ་པ་འགྲ་ོབ་དྲུག་ལ་སགོ ས་པ་ལ་དནོ ་དམ་སྟེ་བདེན་ པར་གྲུབ་པ་ཞེས་སུ་སྨྲ་བ་དེ་དག་ཕྱིན་ཅི་ལོག་གི་བློ་ཅན་དུ་ཤེས་པར་བྱ་བར་གསུངས་པས་རང་སྡེ་དེ་ལྟར་ འདོད་པ་རྣམས་གྲུབ་མཐའ་ནོར་བར་གསུངས་སོ། །མི་སྡུག་སྡུག་དང་སྡུག་བསྔལ་བདེ་བ་དང་། ། བདག་མེད་རང་བཞིན་བདག་ཏུ་སྨྲ་བ་དང་། །མི་རྟག་ཆོས་ལ་རྟག་ཅེས་སྨྲ་བགྱིད་ ཅིང་། །དེ་ལྟར་དགའ་སྟེ་མཚན་མར་གང་གནས་པ། །དེ་དག་བདེ་གཤེགས་གསུང་ ནི་ཐསོ ་གྱུར་ནས།།འཇིགས་ཤིང་ཇི་བཞིན་མི་རྟགོ ས་སྤངོ ་བར་བགྱིད།།དེ་དག་བདེ་ གཤེགས་གསུང་ནི་སྤངས་གྱུར་ནས།།སེམས་ཅན་དམྱལ་བར་སྡུག་བསྔལ་མི་བཟདོ ་ མྱངོ ་།།དེ་དག་ཚུལ་མིན་བདེ་བ་ཚོལ་བགྱིད་ཀྱང་།།སྡུག་བསྔལ་བརྒྱ་དག་བྱིས་པས་ མྱོང་བར་འགྱུར། །ཞེས་པས་ནི་ཕྱིན་ཅི་ལོག་བཞི་ལ་གོམས་པ་དང་དེ་འཐད་པའི་གྲུབ་མཐས་བསླད་པ་ཕྱི་ རོལ་པ་རྣམས་ནི། སངས་རྒྱས་ཀྱི་གསུང་ཐོས་ན་སྤོང་ཞིང་དེའི་མཐུས་སེམས་ཅན་དམྱལ་བར་འགྲོ་བ་དང། དེ་ དག་གིས་ཐར་པའི་བདེ་བ་ཚུལ་བཞིན་མིན་པའི་ཐབས་ཀྱིས་བཙལ་ཡང། དེ་མི་རྙེད་པར་མ་ཟད་སྡུག་བསྔལ་དུ་ 210

སེམས་བསྐྱེད་པ་དྲུག་པ།
མས་མནར་བར་འགྱུར་བར་བསྟན་ན།ོ །འཇིག་རྟེན་ཕན་པའི་བསྟན་པ་སུ་ཞིག་གིས། །མ་ལགོ ་ བླ་ོཡིས་རྣམ་པར་རྟགོ ས་གྱུར་ན།།སྦྲུལ་གྱི་པགས་པ་རྙིང་ལྟར་རབ་སྤངས་ཏེ།།སྲིད་པ་ ཀུན་ལས་འདས་ནས་ཞི་བར་འགྱུར།།ཆསོ ་འདི་ཐམས་ཅད་རང་བཞིན་དབེན་པ་སྟེ།། སྟངོ ་པ་མཚན་མ་མེད་པ་དནོ ་དམ་ཞེས།།གང་གིས་ཐསོ ་ནས་དགའ་བ་སྐྱེ་འགྱུར་བ།། དེ་དག་བླ་མེད་བྱང་ཆུབ་འཐོབ་པར་འགྱུར། །རྒྱལ་བ་ཁྱོད་ཀྱིས་ཕུང་པོ་དབེན་པར་ གཟིགས། །ཁམས་དང་སྐྱེ་མཆེད་རྣམས་ཀྱང་དེ་བཞིན་ཏེ། །དབང་པའོ ་ིགྲངོ ་ནི་མཚན་ མས་དབེན་པ་དག །ཀུན་ཀྱང་ཐུབ་པ་ཁྱོད་ཀྱིས་ཇི་བཞིན་གཟིགས། །ཞེས་གསུངས་ པ་ལྟ་བུའ།ོ །དེའི་ཕྱིར་དེ་ལྟར་ཀུན་རྫོབ་བཏགས་པ་ཙམ་དང་རང་བཞིན་མེད་པ་དོན་དམ་ པའི་བདེན་པ་ཤེས་པས་དབེན་པ་རྣམས་ལ་ཐར་པ་ལྟ་ག་ལ་ཡདོ །དེའི་ཕྱིར་རྣམ་པར་ ཤེས་པར་སྨྲ་བ་དེ་དག་ནི་རྣམ་པར་རྟགོ ་པ་ལགོ ་པ་དག་གིས་ལམ་གལོ ་བར་ཞུགས་ པ་ཁོ་ནའ།ོ །འདིར་ཐ་སྙད་ཀྱི་བདེན་པ་བསྟན་པ་ནི་ཐབས་སུ་གྱུར་པ་སྟེ། ཇི་སྐད་ དུ་ཏིང་ངེ་འཛིན་རྒྱལ་པ་ོལས། ཡི་གེ་མེད་པའི་ཆསོ ་ལ་ནི།།ཉན་པ་གང་དང་སྟནོ ་པ་གང་།། འགྱུར་བ་མེད་ལ་སྒྲོ་བཏགས་པས། །འནོ ་ཀྱང་ཉན་ཞིང་སྟོན་པ་ཡིན། །ཞེས་གསུངས་ ས།ོ།ཐ་སྙད་ཀྱི་བདེན་པ་ཁ་ོན་ལ་གནས་ཏེ་དནོ ་དམ་པ་སྟནོ ་པ་ཡིན་ལ།དནོ ་དམ་པ་ བསྟན་པ་ཁོང་དུ་ཆུད་པ་ལས་ཀྱང་དོན་དམ་པ་མྱ་ངན་ལས་འདས་པ་འཐོབ་སྟེ། ཇི་སྐད་ དུ། བསྟན་བཅོས་རྩ་ཤེ་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་ མི་འགྱུར། །དམ་པའི་དོན་ལ་མ་བརྟེན་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་ གསུངས་སོ། །དེ་ལ་དོན་དམ་པ་བསྟན་པ་ནི་ཐབས་ལས་བྱུང་བར་གྱུར་ཞིང་འབྲས་
211

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
བུར་གྱུར་པ་སྟེ། ཐབས་ལས་བྱུང་བ་དང་འབྲས་བུ་དང་ཐོབ་པར་བྱ་བ་དང་རྟོགས་ པར་བྱ་བ་ཞེས་བྱ་བའི་དོན་ཏོ། །
འདིར་སྨྲས་པ།གལ་ཏེ་ཁྱདོ ་ཀྱིས་དེ་སྐད་དུ་ཁ་ོབ་ོཅག་ལ་ཤིན་ཏུ་ལྟསོ ་པ་མེད་ པར་སྨྲ་ན།ད་ནི་ངེད་ཅག་ཀྱང་ཁྱདོ ་ལ་བཟདོ ་པ་མི་བྱེད་དེ།གལ་ཏེ་བདག་ཉིད་གཞན་ གྱི་ཕྱོགས་སུན་འབྱིན་པ་ཙམ་ལ་མཁས་པར་མངོན་པར་བྱེད་ཅིང་། རིགས་པའི་འཐད་ པས་མི་རིགས་པའི་ཕྱིར་གཞན་[གྱི་]དབང་[གི་] རང་བཞིན་གྱིས་གྲུབ་པའི་ང་ོ བ་ོ སེལ་བར་ བྱེད་ན།འ་ོན་ད་ནི་ཇི་སྐད་སྨྲས་པའི་བདག་དང་གཞན་ལས་སྐྱེ་བ་སགོ ས་འགགོ ་པའི་འཐད་པ་ ཁ་ོནས་མི་རིགས་པའི་ཕྱིར་ཁྱདོ ་ལ་གྲགས་པའི་ཀུན་རྫབོ ་སེལ་བར་བྱེད་པ་ཡིན་ན་ོཞེ་ ན། གལ་ཏེ་ཁྱོད་ཐོག་མ་མེད་པའི་དུས་ནས་དཀའ་བ་བརྒྱ་ཕྲག་གིས་བསགས་པའི་ ནོར་གྱི་ཚོགས་འཕྲོག་པ་པོ་ལ། མཛའ་བོའ་ིཟོལ་གྱིས་དུག་དང་བཅས་པའི་ཁ་ཟས་ བྱིན་ནས་སླར་ཕྲོགས་པ ས་དགའ་བ་བཞིན་དུ། ཁོ་ཅག་གིས་གཞན་དབང་ལ་བདེན་པར་འཛིན་ པའི་ཡུལ་འཕྲོགས་པས་ཕན་བཏགས་པ་ན་དེའི་ལན་དུ་ཁོ་བོ་ཅག་ལ་གནོད་པ་བྱས་པས་ཁྱོད་དགའ་ ཞིང་རངས་པར་གྱུར་ན་འགྱུར་ལ་རག་སྟེ། ཁོ་བོ་ཅག་ནི་མངོན་པར་མཐོ་ཞིང་དགེ་ བ་ཉིད་དུ་འགྱུར་རོ། །འདི་ལྟར།
ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། ། ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། ། འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། ། འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །
212

སེམས་བསྐྱེད་པ་དྲུག་པ།
ཇི་ལྟར་སེམས་ཙམ་པ་ཁྱོད་ཀྱིས་༼ཁ རང་དབང་དུ་གནས་ཏེ་བྱས་ནས། རང་གི་གཞུང་ ལུགས་ཀྱིས་༼ཀ གཞན་[གྱི་]དབང་[གི་]ངོ་བོ་འཕགས་པའི་ཡེ་ཤེས་ཀྱིས་ཐུགས་སུ་ ཆུད་པར་བྱ་བ་ཞིག་གི་༼ ག ཡོད་དོ་ཞེས་སྨྲ་བ་དེ་ལྟར་༼ཁ ནི་༼ང ཁོ་བོས་༼ཀ ཀུན་ རྫོབ་ཀྱང་༼ག རང་བཞིན་གྱིས་གྲུབ་པ་༼ཅ ཁས་བླངས་པ་མ་ཡིན་ཏེ།འ་ོན་ཅི་ཞེ་ན།ཕུང་པོ་ལ་ སོགས་པ་འདི་དག་རང་བཞིན་གྱིས་ཡོད་པ་མ་ཡིན་ཡང་། འཇིག་རྟེན་ཁོ་ན་ལ་གྲགས་པར་ འགྱུར་བས་ཡོད་དོ་ཞེས་འཇིག་རྟེན་གྱི་ངོ་ཁོ་ནར་བྱས་ནས་བདག་གིས་བརྗོད་པ་ཡིན་ ཏེ། དེ་རྗེས་སུ་བརྗོད་པ་ནི་དགོས་པའི་ཕྱིར་ཡིན་ལ། དེ་ཡང་གདུལ་བྱ་དེ་གྲུབ་མཐའ་ངན་པ་གཞན་ ལས་ ལྡོག་པ་དང་རིམ་གྱིས་དེ་ཁོ་ན་ཉིད་རྟོགས་པའི་ཐབས་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་སྡོམ་ པ་གསུམ་བསྟན་པ་ལས།བཅམོ ་ལྡན་འདས་ཀྱིས་འཇིག་རྟེན་ང་དང་ལྷན་ཅིག་རྩདོ ་ཀྱི།ང་ ནི་འཇིག་རྟེན་དང་མི་རྩདོ ་དེ།གང་འཇིག་རྟེན་ན་ཡདོ ་པར་འདདོ ་པ་དེ་ནི་ངས་ཀྱང་ ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདདོ ་པ་དེ་ནི་ང་ཡང་མེད་པར་ བཞེད་དོ་ཞེས་གསུངས་པ་ལྟ་བུའ།ོ །༼ཁ ཅི་སྟེ་ཀུན་རྫོབ་འདི།
༼ཀ ཇི་ལྟར་ཕུང་པོ་སྤངས་ནས་ཞིར་ཞུགས་པས། ། དགྲ་བཅོམ་རྣམས་ལ་ཡོད་པ་མིན་དེ་ལྟར། ། འཇིག་རྟེན་ལ་ཡང་མེད་ན་དེ་བཞིན་འདི། ། འཇིག་རྟེན་ལས་ཀྱང་ཡོད་ཅེས་བདག་མི་སྨྲ། །
༼ག ཇི་ལྟར་དགྲ་བཅམོ ་པ་ཕུང་པ་ོལྷག་མ་མེད་པའི་མྱ་ངན་འདས་པའི་དབྱིངས་སུ་ ཞུགས་པ་རྣམས་ལ་བདག་ཉིད་ཐམས་ཅད་དུ་ཀུན་རྫབོ ་ཡདོ ་པ་མ་ཡིན་པ་དེ་བཞིན་ 213

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
དུ།གལ་ཏེ་འཇིག་རྟེན་པ་ལ་ཡང་ཡདོ ་པར་མི་འགྱུར་ན་ནི་དེ་བཞིན་དུ་དགྲ་བཅམོ ་ པའི་ཕུང་པོ་ལ་སོགས་པ་བཞིན་༼ཁ ཀུན་རྫོབ་པ་འདི་དག་ཡོད་དོ་ཞེས་༼ཀ འཇིག་ རྟེན་གྱི་ཐ་སྙད་ཀྱི་ངོ་ལ་ལྟོས་ནས་ཀྱང་༼ཁ ཁོ་བོ་མི་སྨྲ་སྟེ། དེའི་ཕྱིར་གཞན་འཇིག་རྟེན་གྱི་ ཐ་སྙད་ལ་རག་ལས་པ་ཉིད་ཀྱི་སྒོ་ནས་བདག་གིས་ཀུན་རྫོབ་ཁས་བླངས་ཀྱི། འཇིག་རྟེན་ གྱི་ཐ་སྙད་ལ་མ་ལྟསོ ་པར་རང་དབང་དུ་ནི་ཁས་བླངས་པ་མ་ཡིན་ན།ོ །ཁས་ཀྱང་འཇིག་རྟེན་ཁ་ོ ནས་ཐོག་མར་བླངས་པ་ཡིན་ཏེ། དེའི་ཕྱིར་གང་གིས་ཁས་བླངས་པ་དེ་ཁོ་ན་ལ་ལྟོས་ ནས་སེལ་བ ར་ནུས་པས་ན་བསལ་བར་འསོ ་པ་ཡིན་ཏེ། གཞན་དབུ་མ་པ་ལ་བལྟོས་ནས་ ནི་མ་ཡིན་ནོ་ཞེས་བཤད་པ།
གལ་ཏེ་ཁྱོད་ལ་འཇིག་རྟེན་མི་གནོད་ན། ། འཇིག་རྟེན་ཉིད་ལྟོས་འདི་ནི་དགག་པར་གྱིས། ། ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་གྱིས་དང་། ། ཕྱི་ནས་སྟོབས་ལྡན་བདག་གིས་བསྟེན་པར་བྱ། །
ཁོ་བོ་ཅག་ནི་འཇིག་རྟེན་གྱི་ཀུན་རྫོབ་འཁྲུལ་པའི་སྣང་བ་རང་རྒྱུད་ལ་བཟློག་པར་བྱ་བའི་ ཕྱིར་ཤིན་ཏུ་ཚེགས་ཆེ་བ[ར་] ས་ལམ་སྒོམ་པ་ལ་ གནས་པར་འགྱུར་གྱི། ༼ཁ ཁྱོད་ཀྱིས་ འཇིག་རྟེན་[གྱི་] ཉིད་ལ་ལྟསོ ་ནས་ཀུན་རྫབོ ་འདི་སལོ ་ཅིག་སྟེ་དགག་པར་གྱིས་ཤིག ། ༼ཀ གལ་ ཏེ་ཁྱོད་ལ་འཇིག་རྟེན་གྱིས་གནོད་པར་མི་འགྱུར་ན། ༼ག དེ་ཁྱོད་ཀྱིས་རིགས་པས་འགོག་ ནུས་ན་ངས་ཀྱང་ཁྱདོ ་ལ་སྟངོ ས་གདབ་པ[ར་] སྟེ་གྲགོ ས་བྱའ།ོ །འཇིག་རྟེན་གྱིས་ནི་གནདོ ་ པ་ཡང་ཡིན་ཏེ།དེའི་ཕྱིར་ཁ་ོབ་ོཅག་ཁྱདོ ་ཀྱི་གྲགོ ས་མི་བྱེད་པར་བཏང་སྙམོ ས་ཉིད་ལ་བརྟེན་ཏེ་ 214

སེམས་བསྐྱེད་པ་དྲུག་པ།
གནས་པར་བྱའ།ོ །ཁྱོད་དང་འཇིག་རྟེན་པ་གཉིས་འདིར་ནི་རྩོད་པ་གྱིས་ཤིག་དང་། བརྩད་ པའི་ཕྱིས་ནས་གང་སྟོབས་དང་ལྡན་པ་དེ་ལ་བདག་གིས་བརྟེན་པར་བྱའ།ོ །དེ་ལ་གལ་ཏེ་ཁྱོད་རྒྱལ་ན་ ནི་དེའི་ཕྱིར་འདི་ཁོ་བོ་ཅག་འདོད་པ་ཉིད་ཡོད་པས་ཁྱོད་ལ་བསྟེན་པར་བྱའ།ོ།འནོ་ ཏེ་ཁྱོད་འཇིག་རྟེན་གྱིས་ཕམ་པར་བྱས་ན་ནི་དེའི་ཚེ་ཤིན་ཏུ་སྟོབས་དང་ལྡན་པའི་ འཇིག་རྟེན་ཉིད་ལ་བདག་ཉིད་བརྟེན་པར་བྱའ།ོ །
འདིར་སྨྲས་པ། གལ་ཏེ་དེ་ཁོ་ན་ཉིད་དཔྱོད་པའི་འཐད་པ་སྟེ་རིགས་པས་གྲུབ་པ་དང་ བྲལ་ཡང་འཇིག་རྟེན་གྱིས་གནདོ ་པས་འཇིགས་ནས་ཁྱདོ ་ཀྱིས་ཀུན་རྫབོ ་ཁས་བླངས་ ན་ནི། ལུང་གི་གནོད་པས་འཇིགས་ནས་སེམས་ཙམ་ཉིད་དུ་ཡང་ཁས་བླང་བར་བྱ་ དགོས་ཏེ། ཇི་སྐད་དུ་ས་བཅུ་པ་ལས། དེ་འདི་སྙམ་དུ་སེམས་ཏེ་འདི་ལྟར་ཁམས་གསུམ་ པ་ོའདི་ནི་སེམས་ཙམ་སྟེ་ཞེས་གསུངས་པ་ལྟ་བུའ།ོ།ཞེ་ན།བརྗདོ ་པར་བྱ་སྟེ།བདེ་བར་ གཤེགས་པའི་གསུང་གི་ནརོ ་བུ་ཨིནྜ་རྙིལ་ལས་སྦྱར་བའི་མད་ོསྡེའི་ས་གཞི་བསྟར་བ་ ལ།ཨིནྜ་རྙིལ་དེའི་རང་བཞིན་གྱི་ཁྱད་པར་ངསོ ་མ་ཟིན་པར་[བྱས་ནས་]རྣམ་པར་ཤེས་པ་ དངོས་པོར་སྨྲ་བའི་ཆུའི་རྣམ་པར་ཡོངས་སུ་འགྱུར་བར་འཁྲུལ་པ་ཁྱོད་ནི་རྣམ་པར་ ཤེས་པ་དངོས་པོར་སྨྲ་བའི་ཆུ་ཙམ་ཞིག་བཅུ་བར་འདོད་པས། རང་གི་བློ་གྲོས་ཀྱི་ སའི་བུམ་པ་ས་ོམ་བཏང་བ་བཤལ་ཞིང་བསྙུགས་ནས་དུམ་བུ་རྣམ་པ་བརྒྱར་ཀླགོ ་པ་ ན། བདག་ཉིད་དེའི་རང་བཞིན་ཤེས་པ་རྣམས་ཀྱི་བཞད་གད་དུ་བྱ་བ་ཉིད་དུ་འགྱུར་ བར་བྱེད་པ་ཡིན་ན།ོ །མདའོ ་ིདགངོ ས་པ་འདི་ནི་ཇི་ལྟར་ཁྱདོ ་ཀྱི་བླ་ོ ལ་སྣང་བ་དེ་ལྟར་ མ་ཡིན་ནོ། །ཡང་འདིར་མདོའ་ིདོན་ཅི་ཡིན་ཞེ་ན། དེའི་ཕྱིར་བཤད་པ།
215

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
མངོན་གྱུར་མངོན་ཕྱོགས་བྱང་ཆུབ་སེམས་དཔའ་ཡིས། ། སྲིད་གསུམ་རྣམ་ཤེས་ཙམ་དུ་གང་རྟོགས་པ། ། རྟག་བདག་བྱེད་པོ་བཀག་པ་རྟོགས་ཕྱིར་དེས། ། བྱེད་པ་པོ་ནི་སེམས་ཙམ་ཡིན་པར་རྟོགས། །
གང་གི་ཕྱིར་ས་བཅུ་པའི་མད་ོ དེ་ཉིད་ལས་ལུགས་སུ་བྱུང་བའི་རྣམ་པར་རྟེན་ཅིང་འབྲེལ་ བར་འབྱུང་བ་ལ་རབ་ཏུ་རྟོག་གོ །དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་སྡུག་བསྔལ་གྱི་ ལྗནོ ་པ་བྱེད་པ་པ་ོདང་ཚོར་བ་པ་ོམེད་པ་འབའ་ཞིག་པ་ོའདི་མངནོ ་པར་འགྲུབ་པར་ འགྱུར་ར་ོསྙམ་མ།ོ།དེ་འདི་སྙམ་དུ་སེམས་ཏེ།བྱེད་པ་པ་ོལ་མངནོ ་པར་ཞེན་པས་ལས་ རྣམས་ཡདོ ་པར་གྱུར་ཏ།ོ །གང་ན་བྱེད་པ་པ་ོམེད་པ་དེ་ན་དནོ ་དམ་པར་ལས་ཀྱང་མི་ དམིགས་སོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཁམས་གསུམ་པོ་འདི་ནི་ སེམས་ཙམ་སྟེ། སྲིད་པའི་ཡན་ལག་བཅུ་གཉིས་པ་ོ གང་དག་དེ་བཞིན་གཤེགས་པས་ རབ་ཏུ་ཕྱེ་སྟེ་བཀའ་སྩལ་པ་དེ་དག་ཐམས་ཅད་ཀྱང་སེམས་གཅིག་ལ་བརྟེན་པ་དག་ ག་ོཞེས་རྒྱ་ཆེར་གསུངས་ས།ོ །དེའི་ཕྱིར་དེ་ལྟར་བདག་རྟག་པ་བྱེད་པ་པ་ོབཀག་ནས་ ཀུན་རྫབོ ་[ཏུ་]སེམས་ཙམ་ཞིག་ཁ་ོན་བྱེད་པ་པ་ོཡིན་པར་མཐངོ ་བ་སྟེ་རྟགོ ས་ཞིང་།ཁམས་ གསུམ་གྱི་བྱེད་པ་པ་ོནི་བྱང་སེམས་དེས་རྣམ་པར་ཤེས་པ་སྟེ་སེམས་ཙམ་དུ་རྟགོ ས་པ་ཡིན་ན།ོ།ས་ དྲུག་པ་མངནོ ་དུ་གྱུར་པ་ཆསོ ་དབྱིངས་ལ་མངནོ ་དུ་ཕྱགོ ས་པའི་བྱང་ཆུབ་ནི་ཐམས་ཅད་མཁྱེན་པའི་ ཡེ་ཤེས་སོ། །དེར་སེམས་པ་སྟེ་སེམས་ཤིང་མནོ་བ་དེ་ལ་ཡོད་པས་བྱང་ཆུབ་སེམས་ དཔའ་འམ་ཡང་ན་བྱང་ཆུབ་ཏུ་ངེས་པར་ཡོད་པ་ཉིད་དེ་བདོག་པ་ཉིད་དེ་ལ་ཡོད་ 216

སེམས་བསྐྱེད་པ་དྲུག་པ།
པས་བྱང་ཆུབ་སེམས་དཔའ་ཡིན་པའམ། བྱང་ཆུབ་ཏུ་ངེས་པའི་སེམས་ཅན་གང་ཟག་ ནི་བྱང་ཆུབ་སེམས་དཔའ་སྟེ། བར་གྱི་ཚིག་མི་མངནོ ་པར་བྱས་པའི་ཚིག་བསྡུ་བའ།ོ ། རྟོགས་པ་ནི་ཁོང་དུ་ཆུད་པ་ཞེས་བྱ་བའི་དོན་ཏོ། །མངོན་ཕྱོགས་ཞེས་བྱ་བ་ནི་ཆོས་ ཀྱི་དབྱིངས་ལ་མངནོ ་དུ་ཕྱགོ ས་པའ།ོ །མངནོ ་གྱུར་ཞེས་བྱ་བ་ནི་ས་དྲུག་པར་ཞེས་བྱ་ བའི་དོན་ཏེ་དེ་ལྟར་ཡན་ལག་གི་དོན་ཡིན་ནོ། །
དེའི་ཕྱིར་དེ་ལྟར་སེམས་ཙམ་གྱི་ཙམ་སྒྲས་བྱེད་པ་པོ་གཞན་འགོག་པ་ས་བཅུ་པའི་མདོའ་ི དོན་བཤད་ནས། དོན་འདི་ཉིད་མདོ་གཞན་གྱིས་ཀྱང་བསྟན་པའི་ཕྱིར་བཤད་པ།
དེ་ཕྱིར་བློ་ལྡན་བློ་ནི་འཕེལ་བྱའི་ཕྱིར། ། ལང་ཀར་གཤེགས་མདོ་དེ་ལས་ཀུན་མཁྱེན་གྱི། ། མུ་སྟེགས་སྤོ་མཐོན་རི་འཇོམས་ངག་རང་བཞིན། ། རྡོ་རྗེ་འདི་ནི་དགོངས་པ་བཅད་ཕྱིར་གསུངས། །
འདི་ནི་ཞེ་བྱ་བ་འདིས་བསྟན་པའི་ཚིགས་སུ་བཅད་པ་འདནོ ་པ་ནི།རྡ་ོརྗེ་ནི་གང་ཟག་ རྒྱུན་དང་ཕུང་པ་ོ དང་། །དེ་བཞིན་རྐྱེན་དང་རྡུལ་དག་དང་། །གཙོ་བ་ོ དབང་ཕྱུག་བྱེད་ པ་ོ རྣམས། །སེམས་ཙམ་དུ་ནི་ངས་བཤད་ད།ོ །ཞེས་བྱ་བ་སྟེ། ཚིགས་སུ་བཅད་པ་འདི་ ནི་འཕགས་པ་ལང་ཀར་གཤེགས་པ་ལས་འདོན་པ་སྟེ་གསུངས་པ་ཡིན་[ནོ་] ཏེ། གང་ཟག་ ནས་དབང་ཕྱུག་བྱེད་པ་པོར་སྨྲ་བ་རྣམས་ཀྱི་བྱེད་པ་པོ་ནི། དེ་རྣམས་མིན་གྱི་སེམས་ཙམ་ཞིག་བྱེད་པ་པོར་ང་ སྨྲའ་ོཞེས་གསུངས་སོ། །མདོ་འདིའི་དོན་དགྲོལ་བའི་ཕྱིར་བཤད་པ།
ཇི་བཞིན་རང་གི་བསྟན་བཅོས་དེ་དེ་ལས། །
217

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
མུ་སྟེགས་རྣམས་ཀྱིས་གང་ཟག་སོགས་དེ་དག ། སྨྲས་པ་དེ་དག་བྱེད་པོར་མ་གཟིགས་ནས། ། རྒྱལ་བས་སེམས་ཙམ་འཇིག་རྟེན་བྱེད་པོར་གསུངས། །
རྩ་བར་མུ་སྟེགས་རྣམས་ཀྱིས་ཞེས་བྱ་བ་ནི་ཕལ་ཆེར་བསྟན་པ་སྟེ་ཕལ་ཆེ་བ་ལ་བསམས་པ་སྟེ། ཆོས་འདི་པ་སངས་རྒྱས་པ་དག་གིས་ཀྱང་གང་ཟག་དང། རྒྱུན་ལ་སོགས་པ་དག་བྱེད་པ་ པརོ ་བརྟགས་པ་ཁ་ོ ན་ཡིན་ན།ོ །རྣམ་པ་གཅིག་ཏུ་ན་ཏེ་ཡང་ན་གང་ཟག་སགོ ས་བྱེད་པ་པརོ ་རྟགོ ་ པ་དེ་དག་ཀྱང་ཆསོ ་འདི་པ་སངས་རྒྱས་པ་མ་ཡིན་ཏེ།མུ་སྟེགས་ལྟར་སངས་རྒྱས་ཀྱིས་བསྟན་ པའི་དནོ ་ཕྱིན་ཅི་མ་ལགོ ་པར་ཁངོ ་དུ་མ་ཆུད་སྟེ་མ་རྟགོ ས་པའི་ཕྱིར་ར།ོ །དེའི་ཕྱིར་ངེས་ པར་བསྟན་པ་མུ་སྟེགས་ཞེས་བྱ་བ་འདི་ནི་ཀུན་ལ་ཁྱབ་པར་བྱེད་པ་ཁོ་ནའ།ོ །ཇི་སྐད་དུ། གང་ཟག་ཕུང་པོར་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང་། །གོས་མེད་ བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པ་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ ཀྱི་ནི།།བསྟན་པ་འཆི་མེད་ཡདོ ་མེད་ལས།།འདས་པ་ཟབ་མ་ོཞེས་བསྟན་པ།།ཆསོ ་ཀྱི་ ཁུད་པ་ཡིན་ཞེས་གྱིས།།ཞེས་གསུངས་ས།ོ།ཕུང་པ་ོལ་སགོ ས་པར་མངནོ ་པར་ཞེན་པ་ དེ་དག་ནི་ཕྱི་རོལ་པ་ཉིད་དུ་རིག་པར་བྱའ།ོ །ཇི་ལྟར་རང་གི་ཞེས་བྱ་བ་ནི་རང་རང་ གི་གྲུབ་པའི་མཐར་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་མུ་སྟེགས་པ་རྣམས་ཀྱིས་ ཕུང་པོ་ལ་སོགས་པ་དག་ཀྱང་བྱེད་པ་པོ་ཉིད་དུ་འདོད་པ་ཉེ་བར་མཚོན་པ་ཡིན་ཏེ། འཁོར་བ་འདི་ནི་ཐོག་མ་མེད་པས་འདི་སྔ ར་ངན་རྟོག་[པ་]ཅི་ཞིག་མ་བྱུང་བར་གྱུར་ ཅིང་ཕྱིས་ཀྱང་ཅི་ཞིག་མི་འབྱུང་བར་འགྱུར། འདི་ལྟར་ད་ལྟར་ཉིད་དུ་ཡང་རང་སྡེ་ཕུང་པ་ོ 218

སེམས་བསྐྱེད་པ་དྲུག་པ།
རྫས་ཡོད་བྱེད་པ་པོར་སྨྲ་བ་སྤོང་བ་དཀར་པོ་ལ་སོགས་པ་དག་ལ་ཕུང་པོ་ལ་སོགས་པ་རྫས་ སུ་ཡདོ ་པ་བྱེད་པ་པ་ོཉིད་དུ་སྟནོ ་པར་སྣང་བ་ཉིད་ད།ོ །བཅམོ ་ལྡན་འདས་ཀྱིས་ནི་གང་ཟག་ ལ་སོགས་པ་འདི་དག་བྱེད་པ་པོ་ཉིད་དུ་མ་གཟིགས་པ་ན་སེམས་ཙམ་ཁོ་ན་འཇིག་ རྟེན་གྱི་བྱེད་པ་པོ་ཉིད་དུ་བསྟན་ཏོ་ཞེས་བྱ་བ་ནི་མདོའ་ིདོན་ཡིན་ནོ། །
དེ་ལྟར་ན་རེ་ཞིག་བྱེད་པ་པོ་སེམས་ལས་གཞན་པ་བཀག་པས། ཙམ་གྱི་སྒྲའི་དོན་ བྱས་ཟིན་པའི་ཕྱིར་ཙམ་གྱི་སྒྲས་ཤེས་བྱ་ཕྱི་རོལ་གྱི་དོན་འགོག་པར་མི་ནུས་པར་བརྗོད་ ནས། བཤད་ཚུལ་དེ་ལས་རྣམ་པ་གཞན་དུ་སེམས་གཙོ་བོར་གྱུར་པར་བཤད་པ་ལས་ཀྱང་ཕྱི་ རོལ་འགོག་པ་མི་སྲིད་པར་བསྟན་པའི་ཕྱིར་བཤད་པ།
དེ་ཉིད་རྒྱས་ལ་སངས་རྒྱས་བསྙད་ཇི་བཞིན། ། དེ་བཞིན་སེམས་ཙམ་གཙོར་འགྱུར་འཇིག་རྟེན་ལ། ། མདོ་ལས་སེམས་ཙམ་ཞེས་གསུང་གཟུགས་ནི་འདིར། ། འགོག་པ་དེ་ལྟར་མདོ་ཡི་དོན་མ་ཡིན། །
ཇི་ལྟར་དེ་ཁ་ོན་ཉིད་ལ་བླ་ོརྒྱས་པ་ལ་སངས་རྒྱས་ཞེས་བཤད་པ་ནི།ཚིག་སྔ་མ་སངས་རྒྱས་ ཞེས་པ་མི་མངོན་པར་བྱས་ནས་ཏེ་མི་མངོན་ཀྱང་། སངས་རྒྱས་ཞེས་རྣམ་པར་བཤད་པ་ཡོད་ པ་ཇི་ལྟ་བ་དེ་བཞིན་དུ།གཟུགས་དང་སེམས་གཉིས་ཀྱི་ནང་ནས་སེམས་ཙམ་ཞིག་གཙོ་བརོ ་གྱུར་ པ་ལ་ཡང་གཞན་ཚིག་ཕྱི་མ་གཙོ་བོར་གྱུར་[ཡིན་]པ་བཀག་པ་སྟེ་མི་མངནོ ་པར་བྱས་ནས་མད་ོ ལས་ཁམས་གསུམ་ནི་སེམས་ཙམ་མོ་ཞེས་བྱ་བར་ཤེས་པར་བྱའ།ོ །དེའི་ཕྱིར་སེམས་ཙམ་ མོ་ཞེས་པ་འདིས་ནི་གཟུགས་ལ་སོགས་པ་རྣམས་ཁམས་གསུམ་འགྲུབ་པ་ལ་གཙོ་བོ་ཉིད་
219

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཡིན་པ་སེལ་བར་སྟནོ ་པ་ཡིན་གྱི།སེམས་ཙམ་ཞིག་ཁ་ོན་རང་བཞིན་གྱིས་ཡདོ ་ཀྱི་ཕྱི་རལོ ་ གྱི་གཟུགས་ནི་མེད་དོ་ཞེས་ཡོད་པ་ཉིད་འགོག་པ་དེ་ལྟར་འཆད་པ་ནི་མདོ་ཡི་དོན་མ་ཡིན་ ནོ། །ས་བཅུ་པའི་མདོའ་ིདོན་འདི་ནི་༼ཁ ཇི་སྐད་༼ཀ ཁོ་བོ་ཅག་གིས་༼ག བཤད་པ་ དེ་བཞིན་དུ་གདོན་མི་ཟ་བར་འདོད་པར་བྱའ།ོ །ཁྱོད་ཀྱི་ལུགས་ལྟར།
གལ་ཏེ་འདི་དག་སེམས་ཙམ་ཞེས་མཁྱེན་ནས། ། དེ་ལས་གཟུགས་ཉིད་དགག་པར་མཛད་ན་ནི། ། སླར་ཡང་དེ་ལས་བདག་ཉིད་ཆེན་པོས་སེམས། ། གཏི་མུག་ལས་ལས་སྐྱེས་པར་ཅི་ཕྱིར་གསུངས། །
འཕགས་པ་ས་བཅུ་པ འི་མད་ོ དེ་ཉིད་ལས། རྣམ་པར་ཤེས་པ་མ་རིག་པ་དང་འདུ་བྱེད་ ཀྱི་རྒྱུ་ཅན་[དུ་] ཏེ་འབྲས་བུར་གསུངས་ཀྱི་རང་གི་མཚན་ཉིད་ཀྱིས་གྲུབ་པར་ནི་གསུངས་ པ་མ་ཡིན་ན།ོ །རྟེན་འབྱུང་དུ་ཡང་གསུངས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཡང་གསུངས་ན་ནི་གསུང་ བ་པོ་འཁྲུལ་ཟད་ལ་དེ་གཉིས་ཀ་རང་ལུགས་སུ་བཞེད་པ་མི་སྲིད་པས། གདུལ་བྱ་གཞན་བཀྲི་བའི་ཕྱིར་གཞན་ ངོར་ཞལ་གྱིས་བཞེས་པར་ཤེས་པར་བྱའ།ོ །གཉིས་ཀ་རང་ལུགས་སུ་མི་རུང་བ་ནི་གལ་ཏེ་རྣམ་པར་ཤེས་ པ་རང་གི་བདག་ཉིད་ཀྱིས་གྲུབ་པར་གྱུར་ན་ནི། རྣམ་ཤེས་དེ་མ་རིག་པའམ་འདུ་བྱེད་ ལ་མི་ལྟསོ ་པར་འགྱུར་བ་ཞིག་ན་ལྟསོ ་པ་ཡང་ཡིན་[ན་ོ]ཏེ།དེའི་ཕྱིར་རང་གི་བདག་ཉིད་ཀྱིས་ གྲུབ་པ་ནི་མེད་དོ། །དེའི་ཕྱིར་རྣམ་པ་ཐམས་ཅད་དུ་རྣམ་པར་ཤེས་པ་ནི་རང་བཞིན་གྱིས་ ཡོད་པ་མ་ཡིན་པ་ཁོ་ན་སྟེ། རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་ ལྟར་ཕྱིན་ཅི་ལོག་གི་རྐྱེན་ཡོད་ན་ཡོད་པའི་ཕྱིར་ལ། དེ་ཁོ་ན་ལྟར་ཕྱིན་ཅི་ལོག་གི་ 220

སེམས་བསྐྱེད་པ་དྲུག་པ།
རྐྱེན་མེད་ན་མེད་པའི་ཕྱིར་རོ་སྙམ་དུ་བསམས་པའ།ོ །ཕྱིན་ཅི་ལོག་མ་རིག་པའི་རྐྱེན་ཡོད་ན་ རྣམ་ཤེས་ཡོད་པ་ནི། རྟེན་འབྲེལ་ལུགས་འབྱུང་གིས་བསྟན་ལ། མ་རིག་པ་མེད་ན་རྣམ་ཤེས་ལྡོག་པ་ནི་ལུགས་ ལྡོག་གིས་བསྟན་པ་ནི། ཇི་སྐད་དུ། དེ་ལྟར་བྱང་ཆུབ་སེམས་དཔའ་ལུགས་སུ་འབྱུང་བའི་ རྣམ་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རབ་ཏུ་རྟོག་གོ །དེ་འདི་སྙམ་དུ་སེམས་ ཏེ། བདེན་པ་རྣམས་མི་ཤེས་པ་ནི་དནོ ་དམ་པར་མ་རིག་པའ།ོ །མ་རིག་པས་བྱིས་པའི་ ལས་ཀྱི་རྣམ་པར་སྨིན་པ་ནི་འདུ་བྱེད་རྣམས་སོ། །འདུ་བྱེད་ལ་བརྟེན་པའི་སེམས་ དང་པོ་ནི་རྣམ་པར་ཤེས་པའ།ོ རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པ་ལེན་པའི་ ཕུང་པ་ོབཞི་ནི་མིང་དང་གཟུགས་ས།ོ །མིང་དང་གཟུགས་རྣམ་པར་འཕེལ་བ་ནི་སྐྱེ་ མཆེད་དྲུག་གོ །དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་ཕྲད་པས་ཟག་པ་ དང་བཅས་པ་ནི་རེག་པའ།ོ །རེག་པ་དང་ལྷན་ཅིག་སྐྱེས་པ་ནི་ཚོར་བའ།ོ །ཚོར་བ་ལ་ ཆགས་པ་ནི་སྲེད་པའ།ོ །སྲེད་པ་རྣམ་པར་འཕེལ་བ་ནི་ལེན་པའ།ོ །ལེན་པ་ལས་བྱུང་ བའི་ལས་ཟག་པ་དང་བཅས་པ་ནི་སྲིད་པའ།ོ །ལས་ཀྱི་རྒྱུ་མཐུན་པ་ནི་སྐྱེ་བ་སྟེ་ཕུང་ པ་ོརྣམས་འབྱུང་བའ།ོ།ཕུང་པ་ོཡངོ ས་སུ་སྨིན་པ་ནི་རྒ་བའ།ོ།རྒས་པའི་ཕུང་པ་ོའཇིག་ པ་ནི་འཆི་བའ།ོ །འཆི་ཞིང་འབྲལ་བའི་ཚེ་མྱསོ ་ཤིང་ཆགས་པ་དང་བཅས་པས་སེམས་ ཡོངས་སུ་གདུང་བ་ནི་མྱ་ངན་ནོ། །མྱ་ངན་ལས་བྱུང་བའི་ཚིག་ཏུ་བརྗོད་པ་ནི་སྨྲེ་ སྔགས་འདོན་པའ།ོ །དབང་པོ་ལྔའི་ཉམས་སུ་བབ་པ་ནི་སྡུག་བསྔལ་ལོ། །ཡིད་ཀྱི་ལྟ་ བ་ཉམས་སུ་བབ་པ་ནི་ཡིད་མི་བདེ་བའ།ོ །སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོ་ འབྱུང་བ་ནི་འཁྲུགས་པ་སྟེ།དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པ་ོསྡུག་བསྔལ་གྱི་ལྗནོ ་པ་
221

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
བྱེད་པ་པོ་དང་ཚོར་བ་པོ་མེད་པ་འདི་མངོན་པར་འགྲུབ་པར་འགྱུར་རོ་སྙམ་མོ། །དེ་ ལ་མ་རིག་པ་ནི་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། སེམས་ཅན་རྣམས་ཀྱང་ དམིགས་པ་ལ་ཀུན་ཏུ་རྨོངས་པར་བྱེད་པ་དང་། འདུ་བྱེད་མངོན་པར་འགྲུབ་པའི་ རྒྱུ་ཡང་འབྱིན་པའ།ོ །འདུ་བྱེད་རྣམས་ཀྱང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། མ་འངོ ས་པའི་རྣམ་པར་སྨིན་པ་ཡང་མངནོ ་པར་འགྲུབ་པར་བྱེད་པ་དང་།རྣམ་པར་ ཤེས་པ་མངནོ ་པར་གྲུབ་པའི་རྒྱུ་ཡང་འབྱིན་པའ།ོ །རྣམ་པར་ཤེས་པ་ཡང་བྱ་བ་གཉིས་ སུ་ཉེ་བར་གནས་པ་ཡིན་ཏེ། སྲིད་པའི་ཉིང་མཚམས་སྦྱོར་བར་ཡང་བྱེད་པ་དང་། མིང་དང་གཟུགས་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའ།ོ །མིང་དང་གཟུགས་ ཀྱང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཕན་ཚུན་རྟེན་པར་ཡང་བྱེད་པ་དང་། སྐྱེ་མཆེད་དྲུག་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའ།ོ །སྐྱེ་མཆེད་དྲུག་ཀྱང་བྱ་ བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ།རང་གི་ཡུལ་རྣམ་པར་ཕྱེ་བ་ཡང་སྟནོ ་པ་དང་། རེག་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའ།ོ །རེག་པ་ཡང་བྱ་བ་གཉིས་སུ་ཉེ་ བར་གནས་པ་ཡིན་ཏེ།དམིགས་པ་ལ་རེག་པ་ཡང་བྱེད་པ་དང་།ཚོར་བ་མངནོ ་པར་ འགྲུབ་པའི་རྒྱུ་ཡང་འབྱིན་པའ།ོ །ཚོར་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ ཏེ།ཡིད་དུ་འངོ ་བ་དང་ཡིད་དུ་མི་འངོ ་བ་དང་གཉི་ག་ལས་རྣམ་པར་གྲལོ ་བས་མྱངོ ་ བར་ཡང་བྱེད་པ་དང་། སྲེད་པ་མངནོ ་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའ།ོ །སྲེད་པ་ ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཆགས་པར་འགྱུར་བའི་དངོས་པོ་ལ་ ཀུན་ཏུ་ཆགས་པར་ཡང་བྱེད་པ་དང་།ལེན་པ་མངནོ ་པར་འགྲུབ་པའི་རྒྱུ་ཡང་འབྱིན་ 222

སེམས་བསྐྱེད་པ་དྲུག་པ།
པའ།ོ །ལེན་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། གངོ ་མ་ལྟ་བུ་དང་། སྲིད་ པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའ།ོ །སྲིད་པ་ཡང་བྱ་བ་གཉིས་སུ་ཉེ་བར་ གནས་པ་ཡིན་ཏེ།སྲིད་པའི་རྒྱུས་གཞན་གནས་པར་བྱེད་པ་དང་།སྐྱེ་བ་མངནོ ་པར་ འགྲུབ་པའི་རྒྱུ་ཡང་འབྱིན་པའ།ོ །སྐྱེ་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། གོང་མ་ལྟ་བུ་དང་། རྒ་བ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའ།ོ །རྒ་བ་ཡང་བྱ་ བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། དབང་པོ་ཡོངས་སུ་འགྱུར་བར་ཡང་བྱེད་པ་ དང་། འཆི་བ་དང་ཕྲད་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའ།ོ །ཇི་སྲིད་དུ་ འཆི་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། འདུ་བྱེད་འཇིག་པར་ཡང་ བྱེད་པ་དང་།ཡངོ ས་སུ་མི་ཤེས་པ་རྒྱུན་མི་ཆད་པའི་རྒྱུ་ཡང་འབྱིན་པའ་ོཞེས་བྱ་བའི་ བར་དུ་གསུངས་པ་ལྟ་བུ་སྟེ། དེ་ལྟ་བུ་ལ་སོགས་པ་རྣམ་པར་ཤེས་པ་མ་རིག་པ་དང་། འདུ་བྱེད་ཀྱི་རྒྱུ་ཅན་དུ་བསྟན་པ་ཡིན་ན།ོ །དེ་ལྟར་རེ་ཞིག་ཕྱིན་ཅི་ལགོ ་གི་རྐྱེན་ཡདོ ་ པས་རྣམ་པར་ཤེས་པ་ཡོད་པར་གསལ་བར་བྱས་མོད་ཀྱི། དེ་མེད་པས་དེ་ཡང་མེད་ པ་ཇི་ལྟར་ཞེ་ན། མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་གོ་ཞེས་བྱ་བ་ནི་ རྐྱེན་མ་རིག་པ་མེད་པས་འདུ་བྱེད་རྣམས་ཉེ་བར་ཞི་ཞིང་བརྟེན་པ་མེད་པའ།ོ །འདུ་ བྱེད་འགགས་པས་རྣམ་པར་ཤེས་པ་འགག་ག་ོ ཞེས་བྱ་བ་ནི་རྐྱེན་འདུ་བྱེད་མེད་པས་ རྣམ་པར་ཤེས་པ་ཉེ་བར་ཞི་ཞིང་བརྟེན་པ་མེད་པའ་ོ ཞེས་རྒྱས་པར་གསུངས་ནས། དེ་ འདི་སྙམ་དུ་སེམས་ཏེ།འདུ་བ་ལས་ནི་འདུས་བྱས་འབྱུང་ང་ོ།།བྲལ་བ་ལས་ནི་འདུས་ བྱས་མི་འབྱུང་ངོ་། །ཚོགས་པ་ལས་ནི་འདུས་བྱས་འབྱུང་། མ་ཚོགས་པ་ལས་ནི་མི་
223

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
འབྱུང་ངོ་། །དེ་ལྟས་བདག་གིས་འདུས་བྱས་ཉེས་པ་མང་པོའ་ིསྐྱོན་ཆགས་པ་དེ་ལྟ་ བུ་འདི་ཤེས་པར་བྱས་ལ་འདུ་བ་འདི་དང་ཚོགས་པ་འདིའི་རྒྱུན་བཅད་པར་ཡང་བྱ་ ཞིང་སེམས་ཅན་ཡངོ ས་སུ་སྨིན་པར་བྱ་བའི་ཕྱིར་འདུ་བྱེད་རྣམས་ཤིན་ཏུ་ཞི་བ་ཐབོ ་ པར་ནི་མི་བྱའ་ོ སྙམ་མོ། །ཀྱེ་རྒྱལ་བའི་སྲས་དག་དེ་དེ་ལྟར་འདུ་བྱེད་དུ་གྱུར་པ་ཉེས་ པ་མང་པའོ ་ིསྐྱནོ ་ཆགས་ཤིང་ང་ོབ་ོཉིད་མེད་པ་དང་།མ་སྐྱེས་པ་མ་འགགས་པར་ས་ོ སོར་རྟོག་པ་ན་ཞེས་རྒྱས་པར་གསུངས་ཏེ། དེའི་ཕྱིར་དེ་ལྟར་ན་སེམས་དང་བཅས་ པ་སུ་ཞིག་དེ་ཉིད་ལས་གསུངས་པའི་ལུང་མཐངོ ་ནས་རྣམ་པར་ཤེས་པ་རྫས་སུ་ཡདོ ་ པར་རྟགོ ་པར་བྱེད་དེ་མི་བྱེད་ད།ོ །དེ་ལྟར་ ཡངོ ས་སུ་རྟགོ ་པར་བྱེད་པ་དེ་ནི་ལྟ་བ་སྟེ་ནང་གི་ བདེན་འཛིན་གྱིས་གྲུབ་མཐ ས་བྱས་པ་ཉིད་དུ་འགྱུར་ར།ོ །དེའི་ཕྱིར་སེམས་ཙམ་དུ་གསུངས་ པ་ནི་སེམས་ཙམ་ཞིག་ཁ་ོ ན་གཙོ་བརོ ་གྱུར་པ་ཉིད་དུ་ཡངོ ས་སུ་གསལ་བར་བྱ་བའི་ ཕྱིར་ཡིན་གྱི། ལུང་འདི་གཟུགས་མེད་པ་གསལ་བར་བྱེད་པ་ནི་རྣམ་པ་ཐམས་ཅད་ དུ་མ་ཡིན་ནོ། །སེམས་ཀྱི་གཙོ་བོ་དེ་ཉིད་བསྟན་པའི་ཕྱིར་བཤད་པ།
སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། ། སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད། ། འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། ། སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །
དེ་ལ་སེམས་ཅན་གྱི་འཇིག་རྟེན་ནི་སེམས་ཅན་རང་གི་སེམས་ཀྱིས་བསགས་པའི་ལས་ དང་ཉོན་མོངས་པས་བདག་གི་དངོས་པོ་རྙེད་པ་རྣམས་སོ། །སྣོད་ཀྱི་འཇིག་རྟེན་ཤིན་ 224

སེམས་བསྐྱེད་པ་དྲུག་པ།
ཏུ་སྣ་ཚོགས་པ་ནི་སེམས་ཅན་དེ་དག་ཁོ་ནའི་སེམས་ཀྱིས་བསགས་པའི་ཐུན་མོང་གི་ལས་ཀྱིས་ བསྐྱེད་པའི་རླུང་གི་དཀྱིལ་འཁོར་ལ་སོགས་པ[འི་] ནས་འགོ ་མིན་གྱི་གཞལ་ཡས་ ཁང་གི་མཐར་ཐུག་པ་དག་གོ།དེ་ལ་རྨ་བྱ་ལ་སགོ ས་པ་རྣམས་ཀྱི་མདངོ ས་ལ་སགོ ས་ པ་སྣ་ཚོགས་པ་གང་ཡིན་པ་དེ་ནི་རྨ་བྱ་ལ་སོགས་པ་སེམས་ཅན་དེ་ཁོ་ནའི་ལས་ཐུན་ མངོ ་མ་ཡིན་པས་བསྐྱེད་པའ།ོ །པདྨ་ལ་སགོ ས་པ འི་འདབ་མ་དང་ཁ་དགོ ་སྣ་ཚོགས་པ་ནི་ སེམས་ཅན་ཐམས་ཅད་ཀྱི་ལས་ཐུན་མོང་བས་བསྐྱེད་པ [ཡིན་ཏེ་] འ།ོ །དེ་བཞིན་དུ་ གཞན་ལ་ཡང་ཤེས་པར་བྱའ།ོ །ཇི་སྐད་དུ། སེམས་ཅན་ལས་ཀྱི་དབང་གིས་རི། །ནག་ པ་ོདུས་སུ་སྐྱེས་ཏེ་དཔེར།།སེམས་དམྱལ་མཐ་ོརིས་འཇིག་རྟེན་དུ།།མཚོན་དང་རིན་ ཆེན་ཤིང་བཞིན་ན།ོ །ཞེས་གསུངས་ས།ོ །གང་གི་ཕྱིར་དེ་ལྟར་ན་འགྲ་ོ བ་མ་ལུས་པ་ལས་ ལས་སྐྱེས་ཤིང་༼ཁ ལས་ཀྱང་སེམས་ལ་བརྟེན་པ་ཡིན་ཏེ། ༼ཀ སེམས་དང་བཅས་ པ་ཁ་ོནས་ལས་སགོ་པའི་ཕྱིར་[ལ་]ན་༼གསེམས་མེད་ན་ལས་མེད་པའི་ཕྱིར་ར།ོ།དེ་ ལྟར་ན་ས་བཅུ་པར་བྱེད་པ་པོ་དང་ཚོར་བ་པོ་མེད་པ་ཞེས་གསུངས་ལ་བརྟེན་ནས། ཙམ་གྱིས་སྒྲས་བྱེད་པ་པོ་ གཞན་འགོག་པར་བསྟན་ལ། ཡན་ལག་བཅུ་གཉིས་པོ་ཐམས་ཅད་ཀྱང་སེམས་གཅིག་ལ་བརྟེན་པར་གསུངས་ པ་ལ་བརྟེན་ནས། ཙམ་གྱིས་སྒྲས་སེམས་གཙོ་བོར་གྱུར་པར་བསྟན་ཏེ་བཤད་པ་སྔ་མ་དགག་ཕྱོགས་དང་ཕྱི་མ་ སྒྲུབ་ཕྱོགས་ནས་ཡིན་ནོ། །དེའི་ཕྱིར་འགྲོ་བ་རབ་ཏུ་འཇུག་པ་ལ་སེམས་ཉིད་གཙོ་བོའ་ིརྒྱུ་ ཡིན་གྱི། སེམས་ལས་གཞན་པ་ནི་གཙོ་བོའ་ིརྒྱུ་མ་ཡིན་པས་མདོ་ལས་སེམས་ཙམ་ཞིག་ཁོ་ ན་གཙོ་བོར་གཞག་གི་གཟུགས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན།
གལ་ཏེ་གཟུགས་ཡོད་མོད་ཀྱི་དེ་ལ་ནི། །
225

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
སེམས་བཞིན་བྱེད་པ་པོ་ཉིད་ཡོད་མ་ཡིན། ། ༼ཁ གཟུགས་ནི་བེམ་པོ་ཡིན་ནོ་སྙམ་དུ་བསམས་པའ།ོ །
༼ཀ དེས་ན་སེམས་ལས་གཞན་པའི་བྱེད་པ་པོ། ། བཟློག་གི་གཟུགས་ནི་བཀག་པ་མ་ཡིན་ནོ། །
འདི་ན་གྲངས་ཅན་སགོ ས་ཁ་ཅིག་དག་གིས་ནི་གཙོ་བ་ོལ་སགོ ས་པ་རྣམས་བྱེད་པ་པ་ོཉིད་ དུ་འདོད་ལ། སངས་རྒྱས་པ་ཁ་ཅིག་གིས་ནི་སེམས་[ལ་] བྱེད་པ་པོར་འདོད་ཀྱི། གཟུགས་ བྱེད་པ་པ་ོཉིད་མ་ཡིན་པ་ལ་ནི་རྩདོ ་པ་མེད་[ད་ོ]དེ།༼ག དེའི་ཕྱིར་གཙོ་བ་ོལ་སགོ ས་ པ་གཞན་གྱིས་བྱེད་པ་པ་ོཉིད་དུ་དགོ ས་པ་སྟེ་བརྟགས་པར་བྱས་པ།བྱེད་པ་པ་ོདེའི་མཚན་ཉིད་ མེད་པ་གཙོ་བ་ོལ་སགོ ས་པ་ཁ་ོན་བསལ་བར་བྱ་བའི་ཕྱིར། ཐ་སྙད་དུ་བྱེད་པ་པ་ོཉིད་དུ་ནུས་ པར་མཐངོ ་བའི་སེམས་ཙམ་ཞིག་བྱེད་པ་པརོ ་བརྗདོ ་པ་ན་གཙོ་བ་ོལ་སགོ ས་པ་བྱེད་ པ་པ་ོཉིད་ཡིན་པ་བསལ་ནས།གཙོ་བ་ོལ་སགོ ས་པ་ཡུལ་བཏནོ ་པའི་རྩདོ ་པའི་གནས་ཀྱི་ཡུལ་ གནོན་ནོ་ཞེས་བྱ་བར་རིགས་ཏེ། ཡུལ་གཅིག་ལ་དབང་བྱེད་པར་འདོད་པའི་རྒྱལ་ པོ་གཉིས་ཀྱི་ནང་ནས་དགྲ་ཟླ་གཅིག་བཏོན་ནས། བཏོན་པ་རང་གི་ཡུལ་འཐོབ་ཅིང་ གཉི་ག་ལ་ཉེ་བར་མཁོ་བའི་ཕྱིར་སྐྱེ་བོ་ཕལ་པ་ལ་གནོད་པ་མེད་པ་ལྟར། དེ་བཞིན་ དུ་འདིར་ཡང་གཉི་ག་ལ་ཉེ་བར་མཁོ་བའི་ཕྱིར་གཟུགས་ལ་རྟག་ཏུ་གནོད་པ་མེད་ པས། གཟུགས་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་བྱའ།ོ །
དེའི་ཕྱིར་དེ་ལྟར་སྔར་ཇི་སྐད་བསྟན་པའི་ཚུལ་གྱིས། འཇིག་རྟེན་པ་ཡི་དེ་ཉིད་ལ་གནས་ལ། །
226

སེམས་བསྐྱེད་པ་དྲུག་པ།
ཕུང་པོ་འཇིག་རྟེན་གྲགས་དེར་ལྔ་ཆར་ཡོད། ། དེ་ཉིད་ཡེ་ཤེས་འཆར་བར་འདོད་པ་ན། ། རྣལ་འབྱོར་པ་ལ་དེ་ལྔ་འབྱུང་མི་འགྱུར། །
གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། གཟུགས་མེད་ན་ནི་སེམས་ཡོད་མ་འཛིན་ཅིག ། སེམས་ཡོད་ཉིད་ནའང་གཟུགས་མེད་མ་འཛིན་ཅིག །
གང་གི་ཚེ་བཏགས་དོན་འཚོལ་བའི་ འཐད་པས་དཔྱད་པ་ན་ཕྱིའི་གཟུགས་མེད་པར་རྟོགས་ ན་ནི། དེའི་ཚེ་ཕྱི་ནང་གཉི་གའི་ཡོད་པ་འཐད་པ ས་འགྲུབ་པ་དང་བྲལ་བའི་ཕྱིར་ནང་ གི་སེམས་མེད་པར་ཡང་རྟགོ ས་པར་བྱ་དགསོ ་ལ།ཡང་གང་གི་ཚེ་སེམས་ཡདོ ་པ་ཉིད་ དུ་རྟོགས་ན་ནི་དེའི་ཚེ་གཟུགས་ཀྱང་རྟོགས་པར་བྱ་དགོས་ཏེ། གཉི་ག་ཡང་འཇིག་ རྟེན་ལ་གྲགས་པའི་ཕྱིར་ར།ོ །ལུང་ལས་ཀྱང་ཕྱི་རལོ ་གྱི་དནོ ་དང་ནང་གི་ཤེས་པ་ཡདོ ་མེད་མཚུངས་ པ་དེ་ལྟར་རྟོགས་པར་བྱ་སྟེ། འདི་ལྟར།
དེ་དག་ཤེས་རབ་ཚུལ་མདོར་སངས་རྒྱས་ཀྱིས། །
མཚུངས་པར་སྤངས་ཤིང་མངོན་པའི་ཆོས་ལས་གསུངས། ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་དེ་དག་ནི་༼ཁ ཆོས་མངོན་པ་ལས་ནི་ལྔ་ཆར་ ཡང་རང་དང་སྤྱིའི་མཚན་ཉིད་ལ་སོགས་པའི་རབ་ཏུ་དབྱེ་བའི་སྒོ་ནས་ལྔ་ཆར་ཡང་ མཚུངས་པར་གསུངས་[ལ་] སོ། །༼ཀ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ འི་མདོ་ལས་ ནི་སངས་རྒྱས་ཀྱིས་ལྔ་ཆར་ཡང་མཚུངས་པར་རང་བཞིན་གྱིས་གྲུབ་པ་བཀག་པ་ཡིན་ཏེ། རབ་
227

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
འབྱོར་གཟུགས་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ནི་རང་ བཞིན་གྱིས་སྟོང་ངོ་ཞེས་བྱ་བའི་བར་དུ་གསུངས་པའི་ཕྱིར་རོ། །༼ག དེའི་ཕྱིར་ཕ་རོལ་གྱིས་ ནི་སྔར་བཤད་པ་དེ་ལྟར་ཕྱི་རལོ ་དང་སེམས་གཉིས་དནོ ་དམ་པར་མེད་མཉམ་དང།ཀུན་རྫབོ ་ཏུ་ཡདོ ་མཉམ་ དུ་ལུང་དང་རིགས་པས་གྲུབ་པ་ཡི། །
བདེན་གཉིས་རིམ་པ་འདི་དག་བཤིག་ནས་ཀྱང་། །
ཁྱོད་ཀྱི་རྫས་ནི་བཀག་པས་འགྲུབ་མི་འགྱུར། ། གཟུགས་མེད་པར་རྣམ་པར་ཤེས་པ་ཙམ་ཞིག་འདདོ ་པས་ནི་ཀུན་རྫབོ ་དང་དནོ ་དམ་ པ་དག་གི་རིམ་པ་ཇི་སྐད་དུ་སྨྲས་པ་བཤིག་པར་འགྱུར་ལ། དེ་ལྟར་བདེན་པ་དག་གི་ རིམ་པ་དེ་དག་བཤིག་ནས་ཀྱང་སེམས་ཙམ་པ་ཁྱདོ ་ཀྱི་གཞན་དབང་རྫས་སུ་གྲུབ་པ་ནི་འགྲུབ་ པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སྔར་གཞན་དབང་རྫས་སུ་གྲུབ་པ་ལན་དུ་ མར་བཀག་པ་དེའི་ཕྱིར། ཁྱོད་ཀྱི་ངལ་བ་དོན་མེད་པ་ཉིད་དུ་འགྱུར་རོ། །
དེ་ཕྱིར་དེ་ལྟའི་རིམ་པས་དངོས་གདོད་ནས། །
དེ་ཉིད་མ་སྐྱེས་འཇིག་རྟེན་སྐྱེས་རིག་བྱ། །
འདིར་སྨྲས་པ། གལ་ཏེ་ཡང་ས་བཅུ་པའི་མདོའ་ིདོན་འདི་དེ་ལྟར་བཤད་མོད་
ཀྱི། དེ་ལྟར་ན་ཡང་ལུང་གཞན་ལས་སེམས་ཙམ་ཡོད་པ་ཉིད་དུ་ངེས་ཏེ། ཇི་སྐད་ དུ་ལང་ཀར་གཤེགས་པ་ལས།ཕྱི་རལོ ་སྣང་བ་ཡདོ ་མེད་དེ།།སེམས་ནི་སྣ་ཚོགས་རྣམས་སུ་ སྣང་། །ལུས་དང་ལངོ ས་སྤྱདོ ་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་ད།ོ །ཞེས་ གསུངས་ས།ོ །དེ་ལ་ལུས་ནི་མིག་ལ་སགོ ས་པའི་སྐྱེ་མཆེད་རྣམས་ས།ོ །ལངོ ས་སྤྱདོ ་ནི་ 228

སེམས་བསྐྱེད་པ་དྲུག་པ།
གཟུགས་སྒྲ་ལ་སགོ ས་པའི་ཡུལ་ལྔ་རྣམས་ས།ོ །གནས་ནི་སྣདོ ་ཀྱི་འཇིག་རྟེན་ན།ོ །སེམས་ ལས་ལགོ ས་ཤིག་ན་ཕྱི་རལོ ་ཡདོ ་པ་མ་ཡིན་པའི་ཕྱིར།རྣམ་པར་ཤེས་པ་ཙམ་ཞིག་ཁ་ོ ན་ལུས་དང་ལངོ ས་སྤྱདོ ་དང་གནས་སུ་སྣང་བར་སྐྱེ་བ་ན་ཡུལ་གྱི་དངསོ ་པརོ ་གནས་ པ་ལུས་ལ་སགོ ས་པ་རྣམ་པར་ཤེས་པ་ལས་ཐ་དད་པར་ཕྱི་རལོ ་ལྟ་བུར་མངནོ ་པ་ཡིན་ ན།ོ །དེའི་ཕྱིར་ཁམས་གསུམ་པ་ོ ནི་སེམས་ཙམ་ཡིན་ན་ོ ཞེ་ན། མད་ོ འདི་ཡང་དགངོ ས་ པ་ཅན་ཉིད་དུ་བརྗོད་པའི་ཕྱིར་བཤད་པ།
མདོ་སྡེ་གང་ལས་ཕྱི་རོལ་སྣང་ཡོད་མིན། །
སེམས་ནི་སྣ་ཚོགས་སྣང་ངོ་ཞེས་གསུངས་པ། ། དེའི་དགོངས་པ་ནི་འདི་ཡིན་ཏེ།
གཟུགས་ལ་ཤིན་ཏུ་ཆགས་གང་དེ་དག་ལ། །
གཟུགས་བཟློག་པ་སྟེ་དེ་ཡང་དྲང་དོན་ཉིད། ། དེ་ལ་འདི་ནི་དྲང་བའི་དནོ ་ཡིན་ཏེ་གང་དག་གཟུགས་ལ་ཤིན་ཏུ་རེ་བ་དང་བཅས་པ་ དེའི་རྐྱེན་ཅན་གྱི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་ང་རྒྱལ་ལ་སོགས་པ་རྣམས་ ཀྱིས་འཇུག་པ་རང་དབང་མེད་པར་བྱས་པར་འགྱུར་ཞིང་། དེ་ལ་མངོན་པར་ཞེན་ པས་དེ་དག་སྡིག་པ་ཆེན་པོ་དང་སྦྱར་བ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ བསགས་པ་ལས་ཉམས་པར་འགྱུར་བ་དེ་དག་ལ་བཅོམ་ལྡན་འདས་ཀྱིས་གཟུགས་ ཀྱི་རྐྱེན་ཅན་གྱི་ཉོན་མོངས་པ་གཞོམ་པའི་ཕྱིར་ཆགས་པ་ཅན་དག་ལ་ཕྱི་རོལ་གྱི་ ཡུལ་ལ་ཆགས་པ་འཇམོ ས་པའི་ཀེང་རུས་ལྟར།དེ་ལྟ་བུར་གྱུར་པ་མ་ཡིན་ཡང་དེ་ལྟ་
229

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
བུ་ཉིད་དུ་སེམས་ཙམ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་ཤེས་པར་བྱའ།ོ །ཡང་ལུང་འདི་ དྲང་བའི་དནོ ་ཡིན་གྱི་ངེས་པའི་དནོ ་ནི་མ་ཡིན་ན་ོཞེས་བྱ་བ་དེ་ལྟར་གང་ལས་ངེས་ ཤེ་ན། ལུང་དང་རིགས་པ་ལས་སོ། །དེ་ཉིད་སྟོན་པར་བྱེད་པ་ནི། འདི་ནི་སྟོན་པས་ དྲང་དོན་ཉིད་གསུངས་ཤིང་། །
འདི་ནི་དྲང་དོན་ཉིད་དུ་རིགས་པས་འཐད། ། ཅེས་བྱ་བའ།ོ །
ཕྱི་རོལ་སྣང་བ་ཡོད་མེད་དེ། ཞེས་སོགས་ཀྱིས་ཕྱི་རོལ་མེད་པར་སེམས་ཙམ་ཞིག་ཡོད་པར་བསྟན་པའི་མདོ་ འདི་དྲང་བའི་དོན་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་ཡང་།
རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །
དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། ། རྣམ་པ་དེ་ལྟ་བུའི་མདོ་སྡེ་དེ་ཡང་གང་ཡིན་ཞེ་ན། ཇི་སྐད་དུ་དགོངས་པ་ངེས་པར་ འགྲེལ་བའི་མད་ོལས།བརྟགས་པ་དང་གཞན་གྱི་དབང་དང་ཡངོ ས་སུ་གྲུབ་པ་ཞེས་ བྱ་བ་རང་བཞིན་ཏེ་ངོ་བོ་ཉིད་གསུམ་བསྟན་པ་ལས། ཀུན་བརྟགས་[པ་]མེད་པ་ཉིད་ དང་། གཞན་གྱི་དབང་ཡོད་པ་ཉིད་དང་། དེ་བཞིན་དུ། ལེན་པའི་རྣམ་པར་ཤེས་ པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའ་ིརྒྱུན་ལྟར་འབབ། །བདག་ཏུ་རྟོག་པར་ གྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །ཞེས་བྱ་བ་ལ་སོགས་ པ་སྟེ་འདི། ལང་ཀར་གཤེགས་པ་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་རྣམས་ གཏོང་བ་ལྟར། །སངས་རྒྱས་དེ་བཞིན་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་ 230

སེམས་བསྐྱེད་པ་དྲུག་པ།
གསུངས། །ཞེས་བྱ་བའི་ལུང་འདིས་སེམས་ཙམ་དུ་གསུངས་པ་ཡང་སྟོན་པའི་རང་ལུགས་ཀྱི་དབང་ གིས་མིན་གྱི། གདུལ་བྱའི་བསམ་པའི་དབང་གིས་ཡིན་པར་གསུངས་པས་ལུང་སྔ་མ་དྲང་བའི་དོན་ཉིད་ དུ་གསལ་བར་བྱེད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་མདོ་བརྗོད་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ་བཅོམ་ལྡན་འདས་ཀྱིས་རང་བཞིན་ གྱིས་འདོ ་གསལ་བ་རྣམ་པར་དག་པས། ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་ སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་ བརྗོད་དེ། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ ཡོངས་སུ་དཀྲིས་པ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་ དཀྲིས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཟིལ་གྱིས་ནོན་པ། ཡོངས་ སུ་རྟགོ ་པའི་དྲི་མས་དྲི་མ་ཅན་དུ་གྱུར་པ།རྟག་པ་བརྟན་པ་ཐེར་ཟུག་པར་ནི་བརྗདོ ་ ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་སྙིང་པོར་སྨྲ་ བ་འདི་ནི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་འདྲ་བ་མ་ལགས། བཅོམ་ ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པ་བྱེད་པ་པོ་མ་ཡིན་པ་ཡོན་ཏན་མེད་ པ་ཁྱབ་པ་མི་འཇིག་པའ་ོཞེས་བདག་ཏུ་སྨྲ་བ་སྟོན་པར་བྱེད་དོ།།བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། མ་སྐྱེས་
231

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
པ་དང་། མཚན་མ་མེད་པ་དང་། སྨནོ ་པ་མེད་པ་ལ་སགོ ས་པའི་ཚིག་གི་དནོ ་རྣམས་ ལ་དེ་བཞིན་གཤེགས་པའི་སྙིང་པརོ ་བསྟན་པ་བྱས་ནས།བྱིས་པ་རྣམས་བདག་མེད་ པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་བར་བྱ་བའི་དོན་དུ་དེ་བཞིན་ གཤེགས་པའི་སྙིང་པོའ་ི སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་ པའི་སྤྱོད་ཡུལ་སྟོན་ཏེ།བློ་གྲོས་ཆེན་པོ་མ་འངོས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པ་ོརྣམས་ཀྱི་བདག་ལ་མངནོ ་པར་ཞེན་པར་མི་བྱའ།ོ། བློ་གྲོས་ཆེན་པོ་དཔེར་ན་རྫ་མཁན་ནི་འཇིམ་པའི་རྡུལ་གྱི་ཕུང་པོ་གཅིག་ལས་ལག་ པ་དང་བཟ་ོ དང་ལག་གཟུངས་དང་ཆུ་དང་སྲད་བུ་དང་ནན་ཏན་དང་ལྡན་པ་ལས་ སྣོད་རྣམ་པ་སྣ་ཚོགས་བྱེད་དོ། །བློ་གྲོས་ཆེན་པོ་དེ་བཞིན་དུ། དེ་བཞིན་གཤེགས་པ་ རྣམས་ཀྱང་ཆོས་ལ་བདག་མེད་པ་རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་རྣམ་ པར་ལགོ ་པ་དེ་ཉིད་ཤེས་རབ་དང་ཐབས་ལ་མཁས་པ་དང་ལྡན་པ་རྣམ་པ་སྣ་ཚོགས་ ཀྱིས་དེ་བཞིན་གཤེགས་པའི་སྙིང་པརོ ་བསྟན་པའམ་བདག་མེད་པར་བསྟན་པས་ཀྱང་ རུང་སྟེ།རྫ་མཁན་བཞིན་དུ་ཚིག་དང་ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་སྟནོ ་ ཏ།ོ།དེ་ལྟར་དེའི་ཕྱིར་བླ་ོགྲསོ ་ཆེན་པ་ོདེ་བཞིན་གཤེགས་པའི་སྙིང་པ་ོབསྟན་པ་ནི།མུ་ སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བའི་བསྟན་པ་དང་མི་འདྲའ།ོ།བླ་ོགྲསོ ་ཆེན་པ་ོདེ་ལྟར་དེ་ བཞིན་གཤེགས་པ་རྣམས་ཀྱིས་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་ལ་མངནོ ་པར་ཞེན་པ་ རྣམས་དྲང་བའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པ་ོ བསྟན་པས་དེ་བཞིན་གཤེགས་ པའི་སྙིང་པོ་སྟོན་ཏེ། ཡང་དག་པའི་བདག་ཏུ་རྣམ་པར་རྟོག་པའི་ལྟ་བར་རྣམ་པར་ 232

སེམས་བསྐྱེད་པ་དྲུག་པ།
ལྷུང་བའི་བསམ་པ་ཅན་དག །རྣམ་པར་ཐར་པ་གསུམ་གྱི་སྤྱོད་ཡུལ་ལ་གནས་པའི་ བསམ་པ་དང་ལྡན་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫགོ ས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་རྒྱ་བར་ཇི་ལྟར་འགྱུར་ཞེས་ཏེ་ཞེས་པ་ནི་རྣམ་རིག་པས་ཀུན་ གཞི་ངེས་དནོ ་དུ་ཁས་བླངས་པ་དྲང་དནོ ་དུ་སྟནོ ་པའི་ལུང་ང།ོ །ཞེས་བྱ་བ་དང་། ཡང་དེ་ཉིད་ལས་བླ་ོ གྲོས་ཆེན་པོ་སྟོང་པ་ཉིད་དང་མི་སྐྱེ་བ་དང་མི་གཉིས་པ་དང་རང་བཞིན་མེད་པའི་ མཚན་ཉིད་སངས་རྒྱས་ཐམས་ཅད་ཀྱི་མད་ོ སྡེའི་ནང་དུ་ཆུད་པ་འདི་ཞེས་བསྟན་ཏ།ོ ། དེའི་ཕྱིར་དེ་ལྟར་ན་རྣམ་པ་དེ་ལྟ་བུའི་མདོ་སྡེ་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱི་ ངེས་པའི་དོན་ཉིད་དུ་ཁས་བླངས་པ་ཐམས་ཅད་དྲང་བའི་དོན་ཉིད་ཡིན་པར་ལུང་ འདིས་མངོན་པར་གསལ་བར་བྱས་[ནས་] སོ། །
ད་ནི་རིགས་པས་སེམས་ཙམ་གསུངས་པ་དྲང་བའི་དོན་ཉིད་དུ་གསལ་བར་བྱ་བའི་
ཕྱིར་བཤད་པ། ཤེས་བྱ་མེད་ན་ཤེས་པ་བསལ་བ་ནི། ། བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས། །
ཤེས་བྱ་མེད་ན་ཤེས་པ་བཀག་འགྲུབ་པས། །
དང་པོར་ཤེས་བྱ་དགག་པ་མཛད་པ་ཡིན། །
༼ག སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་༼ཁ ཟབ་མོའ་ིདོན་རྫོགས་པ་ཐོག་མ་ནས་ རྟགོ ས་པར་མི་ནུས་པའི་གདུལ་བྱ་རྣམས་༼ང རིམ་གྱིས་རང་བཞིན་མེད་པ་ལ་འཛུད་པར་ མཛད་ད།ོ །༼ཀ དེ་ལ་བསདོ ་ནམས་བྱས་པ་བསགས་པ་རྣམས་ཆསོ ་ཉིད་ལ་བདེ་བླག་ཏུ་
233

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
འཇུག་པའི་ཕྱིར་ཆསོ ་ཉིད་ལ་འཇུག་པའི་ཐབས་ཡིན་པས་ཇི་ལྟར་ཐགོ ་མར་སྦྱིན་པ་ ལ་སོགས་པའི་གཏམ་སྦྱོར་བར་མཛད་པ་དེ་བཞིན་དུ།༼ཅ ཤེས་བྱ་ཕྱི་རོལ་བཀག་པ་ ཡང་བདག་མེད་པ་རྫགོ ས་པར་ཁངོ ་དུ་ཆུད་པའི་ཐབས་ཡིན་པའི་ཕྱིར།སངས་རྒྱས་བཅམོ ་ ལྡན་འདས་རྣམས་ཀྱིས་སྔར་ཤེས་བྱ་ཕྱི་རལོ ་དགག་པར་མཛད་པ་ཁ་ོན་གསུངས་པ་ཡིན་ཏེ། ཤེས་བྱ[འི་]ཕྱི་རལོ ་གྱི་བདག་མེད་པ་རིག་པ་རྣམས་ཤེས་པའི་བདག་མེད་པ་[ལ་]བདེ་ བླག་[ཏུ་]འཇུག་སྟེ་འགྲུབ་པའི་ཕྱིར་རོ། །ཤེས་བྱ་སྟེ་ཕྱི་རོལ་རང་བཞིན་མེད་པར་རིག་པ་ རྣམས་ཀྱིས་ནི་ཤེས་པ་རང་བཞིན་གྱིས་མེད་པར་རེས་འགའ་རང་ཉིད་ཁོ་ནས་རྟོགས་ པར་འགྱུར་ལ།རེས་འགའ་ནི་གཞན་གྱིས་ཅུང་ཟད་ཅིག་ཉེ་བར་བསྟན་པ་ཙམ་གྱིས་རྟགོ ས་ པར་འགྱུར་བར་ཤེས་བྱ་ཕྱི་རལོ ་དགག་པ་ཉིད་སྔར་གསུངས་ས།ོ །ཕྱི་རལོ ་མེད་པ་དང་ཤེས་པ་རང་ བཞིན་གྱིས་ཡདོ ་པ་དྲང་དནོ ་ཡིན་པར་ནི་བྱང་ཆུབ་སེམས་འགྲེལ་ལས་གསལ་བར་གསུངས་ཏེ།འདི་དག་ཐམས་ ཅད་སེམས་ཙམ་ཞེས།།ཐུབ་པ་ཡིས་ནི་གང་གསུངས་པ།།བྱིས་རྣམས་སྐྲག་པ་སྤང་དནོ ་ཏེ།།དེ་ནི་དེ་བཞིན་ཉིད་ མ་ཡིན་། །ཞེས་གསུངས་ཤིང་འཕགས་པ་ལྷས་ཀྱང་ཡེ་ཤེས་སྙིང་པ་ོ ཀུན་ལས་བཏུས་ལས་གསལ་བར་གསུངས་ས།ོ །
ཤེས་རབ་ཅན་དག་གིས་དེ་ཉིད་རྫོགས་པར་དངོས་སུ་མི་སྟོན་པའི་དྲང་དོན་གྱི་མདོ་གཞན་ ཡང་དེ་བཞིན་དུ་བརྟག་སྟེ་བསྟན་པར་བྱའ་ོཞེས་བཤད་པ།
དེ་ལྟར་ལུང་གི་ལོ་རྒྱུས་ཤེས་བྱས་ཏེ། ། མདོ་གང་དེ་ཉིད་མ་ཡིན་བཤད་དོན་ཅན། ། དྲང་དོན་གསུངས་པའང་རྟོགས་ནས་དྲང་བྱ་ཞིང་། ། སྟོང་ཉིད་དོན་ཅན་ངེས་དོན་ཤེས་པར་གྱིས། །
234

སེམས་བསྐྱེད་པ་དྲུག་པ།
མད་ོསྡེ་གང་དག་སྐྱེ་བ་མེད་པ་ལ་སགོ ས་པས་ཁྱད་པར་དུ་བྱས་པའི་རྟེན་ཅིང་འབྲེལ་ བར་འབྱུང་བ་དངསོ ་སུ་གསལ་བར་བྱེད་པ་མ་ཡིན་པ་དྲང་དནོ ་དུ་གསུངས་པ་དེ་དག་ནི་ ཇི་ལྟར་རང་བཞིན་མེད་པ་རྟགོས་པ་ལ་འཇུག་པའི་རྒྱུར་འགྱུར་བ་དེ་ལྟར་བཤད་པར་ བྱ་སྟེ།ཇི་སྐད་དུ་འཇིག་རྟེན་ལས་འདས་པར་བསྟདོ ་པ་ལས། འབྱུང་རྣམས་མིག་བཟུང་མ་ཡིན་ ན། །དེ་འབྱུང་མིག་བཟུང་ཇི་ལྟར་ཞེས། །གཟུགས་ལ་དེ་སྐད་གསུངས་པ་ན། །ཁྱོད་ ཀྱིས་གཟུགས་ཀྱི་འཛིན་པ་བཟླགོ །ཅེས་གསུངས་ལ།མད་ོལས་ཀྱང་།མི་རྟག་དནོ ་ནི་ མེད་དནོ ་ཞེས་གསུངས་ས།ོ །མད་ོགང་ལས་གང་ཟག་དང་ཆསོ ་རང་བཞིན་གྱིས་སྟངོ ་པ་ཉིད་ཀྱི་དནོ ་ ཅན་དངོས་སུ་བརྗོད་པར་བྱེད་པ་དེ་ངེས་པའི་དོན་དུ་ཡང་ཤེས་པར་གྱིས་[ཏེ་] ཤིག ། དེ་ལྟར་ ཡང་ཇི་སྐད་དུ་ཏིང་ངེ་འཛིན་རྒྱལ་པ་ོལས། སྟངོ ་པ་བདེ་བར་གཤེགས་པས་བཤད་པ་ལྟར།། ངེས་དནོ ་མད་ོསྡེ་དག་གི་བྱེ་བྲག་ཤེས།།གང་ལ་སེམས་ཅན་གང་ཟག་སྐྱེས་བུ་བསྟན།། ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་བྱ་བ་[དང་] གསུངས་ཏེ་མདོ་སྡེ་དག་གི་ བྱེ་བྲག་ནི་དྲང་དོན་གྱི་མདོ་སྡེ་དང་མི་འདྲ་བའི་ཁྱད་པར་རོ། །གང་ཟག་བསྟན་པ་ནི་མཚོན་པ་ཙམ་སྟེ་བྱེད་པ་ པོ་དང། ལས་སུ་བྱ་བ་དང་བྱེད་པ་རྣམས་ཡོད་པར་སྟོན་པའ།ོ །འདི་ནི་མདོ་སྡེ་ལ་དྲང་ངེས་གཉིས་སུ་འཇོག་ ཚུལ་གྱི་ཁུངས་སོ། །དེ་བཞིན་དུ་ཡང་དེ་ཉིད་ལས། འཇིག་རྟེན་ཁམས་ནི་སྟོང་ཕྲག་ཏུ། །ང་ ཡིས་མདོ་རྣམས་གང་གསུངས་པ། །ཡི་གེ་ཐ་དད་དོན་གཅིག་སྟེ། །ཡོངས་སུ་བསྒྲག་ པར་ནུས་མ་ཡིན།།དངསོ ་པ་ོགཅིག་ནི་བསམ་བྱས་ན།།དེ་དག་ཐམས་ཅད་བསྒམོ ས་ འགྱུར་ཏེ། །སངས་རྒྱས་ཀུན་གྱི་ཆོས་མང་པོ། །ཇི་རྙེད་རབ་ཏུ་བསྟན་པ་རྣམས། །ཆོས་ རྣམས་ཀུན་གྱི་བདག་མེད་ཡིན། །མི་གང་དོན་ལ་མཁས་རྣམས་ཀྱིས། །གནས་འདི་
235

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ལ་ནི་བསླབ་བྱས་ན། །སངས་རྒྱས་ཆསོ ་རྣམས་རྙེད་མི་དཀའ། ཞེས་གསུངས་ས།ོ །ཟླ་བ་ སྒྲནོ ་མ་ལས།དྲང་ངེས་སུ་འཇགོ ་ཚུལ་གསུངས་པ་དེ་བཞིན་དུ་འཕགས་པ་བླ་ོགྲསོ ་མི་ཟད་པ་ལ་ སོགས་པའི་མདོ་སྡེ་དག་ལས་རྒྱ་ཆེར་བསྟན་པ་ཡང་རྟོགས་པར་བྱའ།ོ །ཕྱོགས་ཙམ་ ཞིག་ནི་བརྗདོ ་པར་བྱ་སྟེ།ཞེས་པ་ནི་དགངོ ས་འགྲེལ་ལས་ང་ོབ་ོཉིད་གསུམ་བཤད་པ་དྲང་དནོ ་དུ་འགྲེལ་ ན་རང་ལུགས་ཀྱིས་དེ་གསུམ་གྱི་འཇོག་ཚུལ་ཇི་ལྟར་ཡིན་སྙམ་པ་ལ་དེའི་ཕྱོགས་ཙམ་སྟོན་པའ།ོ །དཔེར་ན་ སྦྲུལ་ནི་ཐག་པས་བསྡོམས་པ འི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ལོག་པར་བརྟགས་ པ་ཡིན་ཏེ། སྦྲུལ་དེ་ཐག་པ་དེ་ལ་ཡདོ ་པ་མ་ཡིན་པའི་ཕྱིར་ར།ོ །དེ་སྦྲུལ་དངསོ ་པ་ོ [ལ་]ནི་ ཡངོ ས་སུ་གྲུབ་པ་ཡིན་ཏེ། མེད་བཞིན་དུ་ཀུན་ཏུ་མ་བརྟགས་པའི་ཕྱིར་ར།ོ །དེ་བཞིན་དུ་ རང་བཞིན་[ཡང་] གཤིས་ལུགས་ཀྱང་གཞན་[གྱི་]དབང་རྒྱུ་རྐྱེན་གྱིས་བྱས་པ་ཅན་ལ་ནི་དེར་ མེད་བཞིན་དུ་ཀུན་ཏུ་བརྟགས་ཡིན་ཏེ། རྩ་ཤེ་ལས། རང་བཞིན་དག་ནི་བཅསོ ་མིན་དང་། ། གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་འབྱུང་བས་གཤིས་ལུགས་ངོ་བོ་ཉིད་ནི་བྱས་པ་ ཅན་ཡིན་[ནོ་] པའི་ཕྱིར་རོ། །།བཟུང་བཞིན་པ་སྟེ་མཐོང་བཞིན་པའི་རྟེན་ཅིང་འབྲེལ་བར་ འབྱུང་བ་བྱས་པ་ཅན་གཟུགས་བརྙན་དང་འདྲ་བ་ལ་གཤིས་ལུགས་སུ་ཀུན་བརྟགས་པ འི་རང་བཞིན་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཇི་ལྟ་བ་གཟིགས་པའི་སྤྱོད་ཡུལ་ལ་ནི་གཤིས་ ལུགས་དངོས་ཡིན་ཏེ། དེར་ནི་མེད་བཞིན་དུ་ཀུན་ཏུ་མ་བརྟགས་པའི་ཕྱིར་ཏེ། དངོས་པོ་རྒྱུ་ རྐྱེན་གྱིས་བྱས་པ་ཅན་ལ་ཡེ་ཤེས་དེས་མ་རེག་པར་རང་བཞིན་འབའ་ཞིག་མངནོ ་སུམ་དུ་ མཛད་པས་དེ་ཉིད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བརྗདོ ་ད།ོ །དེའི་ཕྱིར་དེ་ ལྟར་བརྟགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་ཞེས་བྱ་བ་ངོ་བོ་ཉིད་ 236

སེམས་བསྐྱེད་པ་དྲུག་པ།
གསུམ་རྣམ་པར་གཞག་པ་རྟགོ ས་པར་བྱས་ནས་མདའོ ་ིདགངོ ས་པ་རྣམ་པར་བཤད་ པར་བྱའ།ོ །ཞེས་གསུངས་ཏེ། བཤད་ཚུལ་དེས་བྱམས་ཞུས་ཀྱི་ལེའུར་མཚན་ཉིད་གསུམ་བཤད་པའི་དགོངས་ པ་ཡང་ཤེས་པར་བྱས་ལ།དགངོ ས་འགྲེལ་གྱི་ང་ོབ་ོཉིད་གསུམ་བཤད་པའི་དགངོ ས་པ་དྲང་དནོ ་ཡིན་པ་ཡང་ཤེས་ པར་བྱའ།ོ།༼ཁ གཟུང་བ་དང་འཛིན་པ་གཉིས་ནི་གཞན་[གྱི་]དབང་[ལས་]ཡིན་གྱི་དེ་མ་ གཏོགས་པ[ར་] འི་གཞན་དབང་ནི་དངོས་པོ་མེད་པའི་ཕྱིར་[ན་] རོ། །༼ཀ སེམས་ཙམ་པས་ གདགས་གཞི་ གཞན་[གྱི་]དབང་ལ་གཟུང་འཛིན་ང་ོ བ་ོ ཐ་དད་པ་དེ་གཉིས་སུ་བཏགས་པ་ཀུན་[ཏུ་] བརྟགས་སུ་བྱེད་པ་ཉིད་བསམ་པའམ་བརྟག་པར་པར་བྱ་[སྟེ་] དགོས་ཏེ། སྤྲོས་པས་ཆོག་གོ །
དཀྱུས་མ་ཉིད་བཤད་པར་བྱའ།ོ །དེའི་ཕྱིར་དེ་ལྟར་གཞན་ལས་ཀྱང་སྐྱེ་བ་ བསལ་ནས། ད་ནི་བདག་གཞན་གཉི་ག་ལས་སྐྱེ་བ་བསལ་བར་འདོད་པས་བཤད་པ། གཉིས་ལས་སྐྱེ་བའང་རིགས་པའི་ངོ་བོ་མ་ཡིན་གང་གི་ཕྱིར། །
བཤད་ཟིན་ཉེས་པ་དེ་དག་ཐོག་ཏུ་འབབ་པ་ཡིན་པའི་ཕྱིར་རོ། །དེ་ལ་བདག་ དང་གཞན་ལས་སྐྱེ་བའི་ཚིག་གལ་གཉིས་སུ་སྨྲ་བ་གཅེར་བུ་པ་རྣམས་ནི་སྐྱེ་བ་བདག་ལས་ ཀྱང་འགྱུར་ཞིང་གཞན་ལས་ཀྱང་འགྱུར་བས་གཉི་ག་ལས་སྐྱེ་བར་སེམས་ས།ོ །དེ་ལ་ འཇིམ་པའི་གངོ ་བུ་དང་དབྱུག་གུ་དང་འཁརོ ་ལ་ོདང་སྐུད་པ་དང་ཆུ་དང་རྫ་མཁན་ལ་ སགོ ས་པ་དག་ལས་བུམ་པ་འབྱུང་བར་འདདོ ་པ་ན།གང་གི་ཕྱིར་འཇིམ་པ་དང་བུམ་ པ་གཉིས་གཞན་ཉིད་མ་ཡིན་པས་རྫ་ཡི་བུམ་པ་འཇིམ་པའི་བདག་ཉིད་དུ་ཡདོ ་པ་ཁ་ོ ན་སྐྱེ་བ་དེའི་ཕྱིར་བདག་ལས་ཀྱང་སྐྱེ་ལ། གང་གི་ཕྱིར་རྫ་མཁན་གྱི་བྱ་བ་ལ་སོགས་ པ་གཞན་དུ་གྱུར་པ་དག་རྫ་བུམ་འདིའི་སྐྱེད་པར་བྱེད་པ་ཡིན་པ་དེའི་ཕྱིར། གཞན་
237

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ལས་ཀྱང་སྐྱེའ་ོསྙམ་དུ་བདག་དང་གཞན་ལས་སྐྱེ་བར་སེམས་ས།ོ །ཕྱི་རལོ ་གྱི་བདག་ ལ་ཇི་ལྟ་བ་དེ་བཞིན་དུ་ནང་གི་རྣམས་ལ་ཡང་བདག་དང་གཞན་ལས་སྐྱེ་བར་འགྱུར་ རོ། །དེ་ལ་གང་ཟག་དང་བདག་ཅེས་པའི་སྲོག་དང་། དབང་པོ་ལ་སོགས་པ་སྲོག་མ་ཡིན་པ་དང་། མངནོ ་མཐ་ོདང་ངེས་ལེགས་འགྲུབ་པའི་ཆསོ ་བསདོ ་ནམས་དང་།དེ་ལས་བཟླགོ ་པའི་ཆསོ ་མིན་པ་སྡིག་ པ་དང་།ཉནོ་མོངས་པའི་ཟག་པ་དང་འཆལ་ཁྲིམས་འགོག་པའི་སྡོམ་པ་དང།ལ་སོགས་པས་ བདེ་བ་དང་སྡུག་བསྔལ་བ་དང། ཤེས་པ་ལས་སྐྱེས་ཤིང་ཤེས་པའི་རྒྱུར་གྱུར་པའི་འདུ་བྱ་བའི་ཤུགས་ཏེ། ཚིག་ གི་དནོ ་དགུ་ནི་དེ་ཉིད་དག་ག་ོཞེས་ཚིག་དནོ ་གྱི་རྣམ་པར་གཞག་པ་བྱས་ནས་གང་ གི་ཕྱིར་བྱམས་པ་ཚེ་རབས་གཞན་དུ་ཡང་སྲོག་གི་བདག་ཉིད་དུ་ཡོད་པ་ཁོ་ནས་ད་ ལྟའི་སྐྱེ་བ་འདི་ལེན་པ་དེའི་ཕྱིར་བདག་ལས་སྐྱེ་བ་ཡིན་ཏེ།བྱམས་པ་དང་སྲགོ ་གཉིས་ གཞན་ཉིད་མ་ཡིན་པའི་ཕྱིར་ར།ོ །སྲགོ ་ནི་སྐྱེ་བ་གཅིག་ནས་གཅིག་ཏུ་འགྲ་ོ བ་དང་ལྡན་པའི་ ཕྱིར་ན་༼ཁ གཞན་གྱིས་༼ཀ ལྷ་ལ་སོགས་པའི་འགྲོ་བར་རྒྱུ་བ་ཡང་༼ག འདོད་པ་ ཡིན་ནོ། །གང་གི་ཕྱིར་ཡང་བྱམས་པ་རང་གི་ཕ་དང་མ་དང་། ཆོས་དང་ཆོས་མ་ཡིན་པ་ དང་ཟག་པ་ལ་སོགས་པ་གཞན་དུ་གྱུར་པ་དག་ལས་སྐྱེ་བ་དེའི་ཕྱིར་གཞན་ལས་ ཀྱང་སྐྱེ་བ་ཡིན་ཏེ། དེའི་ཕྱིར་བདག་ལས་སྐྱེ་བ་མ་ཡིན་ཞིང་གཞན་ལས་སྐྱེ་བ་ཡང་ མ་ཡིན་ཏེ་ཞེས་བྱ་བ་བདག་གཞན་རེ་རེ་ལས་སྐྱེ་བ་བཀག་པ་འདི་ཁོ་བོ་ཅག་ལ་གནོད་པར་ བྱེད་པ་མ་ཡིན་ཏེ། བདག་ཁ་ོ ན་ལས་སྐྱེ་བར་ཁས་མ་བླངས་པའི་ཕྱིར་དང་གཞན་ཁ་ོ ན་ལས་སྐྱེ་བར་ཁས་མ་བླངས་པའི་ཕྱིར་ར་ོཞེའ།ོ།རྩདོ ་པ་འདི་ཡང་།རེ་རེ་བ་ལས་སྐྱེ་བ་མི་ རིགས་པར་མ་ཟད་རང་གཞན་གཉི་ག་ལས་སྐྱེ་བ་མི་རིགས་པ་ཉིད་དུ་བཤད་པ། གཉིས་ལས་སྐྱེ་ 238

སེམས་བསྐྱེད་པ་དྲུག་པ།
བའང་རིགས་པའི་ང་ོ བ་ོ མ་ཡིན་ཏེ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། །བཤད་ཟིན་ཉེས་ པ་དེ་དག་ཐགོ ་ཏུ་འབབ་པ་ཡིན་ཕྱིར་ར།ོ །གང་གི་ཕྱིར་སྔར་ཕྱགོ ས་རེ་རེ་བ་གཉི་ག་དག་ ལ་སྐྱནོ ་གང་དག་བསྟན་པ་དེ་དག་རང་གཞན་གཉི་གའི་ཕྱགོ ས་འདི་ལ་ཡང་འབབ་པ་ དེའི་ཕྱིར་། རང་གཞན་གཉི་ག་ལས་ཀྱང་སྐྱེ་བ་སྲིད་པ་མ་ཡིན་ན།ོ །གང་གི་ཕྱིར་བུམ་པ་ འཇིམ་པའི་བདག་ཉིད་དུ་ཡོད་པ་དེའི་ཕྱིར་སྐྱེ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་རོ། །ཇི་ སྐད་དུ།དེ་ནི་དེ་ལས་འབྱུང་ན་ཡནོ ་ཏན་འགའ་ཡང་ཡདོ ་མ་ཡིན།།སྐྱེས་པར་གྱུར་པ་ སླར་ཡང་སྐྱེ་བར་རིགས་པའང་མ་ཡིན་ཉིད།།ཅེས་བྱ་བ་ལ་སགོ ས་པ་བཤད་པ་ཡིན་ ནོ། །དེ་བཞིན་དུ་སྲོག་གི་བདག་ཉིད་ཁོ་ནར་གནས་པའི་ཕྱིར་བྱམས་པ་ལ་ཡང་སྐྱེ་ བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའ།ོ །གང་གི་ཕྱིར་བུམ་པ་ཆུ་དང་སྐུད་ པ་དང་འཁརོ ་ལ་ོལ་སགོ ས་པའི་བདག་ཉིད་དུ་རྣམ་པར་གནས་པ་ཡིན་པ་དེའི་ཕྱིར་ དེ་དག་ལས་སྐྱེ་བ་མ་ཡིན་ཏེ། ཇི་སྐད་དུ། གཞན་ལ་བརྟེན་ནས་གལ་ཏེ་གཞན་ཞིག་ འབྱུང་བར་འགྱུར་ན་ནི།།འ་ོན་མེ་ལྕེ་ལས་ཀྱང་མུན་པ་མཐུག་པ་ོའབྱུང་འགྱུར་ཞིང་།། ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ་གང་གི་ཕྱིར། །སྐྱེད་པར་བྱེད་པ་མ་ ཡིན་མ་ལུས་ལ་ཡང་གཞན་ཉིད་མཚུངས། །ཞེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། ། ཕ་དང་མ་ལ་སོགས་གཞན་དུ་གྱུར་པ་དག་ལས་བྱམས་པ་སྐྱེ་བ་ལ་ཡང་དེ་བཞིན་ དུ་བརྗདོ ་པར་བྱའ།ོ །དེ་ལ་ཇི་ལྟར་གངོ ་དུ་བདག་དང་གཞན་ལས་སྐྱེ་བ་འཇིག་རྟེན་ གྱི་ཀུན་རྫབོ་དང་དནོ ་དམ་པར་ཡང་མི་རིགས་སོ་ཞེས་བསྟན་པ་དེ་བཞིན་དུ།ཚིག་ གལ་གཉིས་སུ་སྨྲ་བ་འདི་ལ་ཡང་ཇི་སྐད་དུ་བཤད་པའི་རིགས་པས་གཉིས་ཀ་ལས་སྐྱེ་བ་མི་
239

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
སྲིད་དོ་ཞེས་གོང་དུ་བསྟན་པ་མཇུག་བསྡུ་བའི་ཕྱིར་བཤད་པ། འདི་ནི་འཇིག་རྟེན་ལས་མིན་དེ་ཉིད་དུ་ཡང་འདོད་མིན་ཏེ། །
ཞེས་བྱ་བ་སྨསོ ་ས།ོ།སྔར་བཤད་པའི་རིགས་པ་ཁ་ོནས་གཉི་གའི་ཕྱགོ ས་ལ་ཡང་གཉི་ ག་ལས་སྐྱེ་བ་མི་རིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་འདིར་བཤད་པས་ཀྱང་ཡིན་ནོ་ ཞེས་བསྟན་པའི་ཕྱིར་བཤད་པ།
གང་ཕྱིར་རེ་རེ་ལས་ནི་སྐྱེ་བ་འགྲུབ་པ་ཡོད་མ་ཡིན། ། དཔེར་ན་ཏིལ་གཅིག་གིས་འབྲུ་མར་འབྱིན་ནུས་པས། མང་པ་ོ རྣམས་ཀྱིས་ཀྱང་འགྱུར་ ལ། ནུས་པ་མ་མཐོང་བའི་བྱེ་མ་རྣམས་ཀྱིས་ནི་མ་ཡིན་པ་ལྟར་རེ་རེ་བསྐྱེད་པར་ འགྱུར་ན་ནི།དེ་ལྟ་བུའི་རང་བཞིན་ཅན་མང་པ་ོརྣམས་ཀྱིས་ཀྱང་འགྱུར་བ་ཞིག་གོ། དེའི་ཕྱིར་གཉིས་ཀ་ལས་སྐྱེ་བ་ཡང་རིགས་པ་མ་ཡིན་ནོ། །
འདིར་ངོ་བོ་ཉིད་ལས་བྱུང་བར་སྨྲ་བ་རྒྱང་ཕན་པ་ནི། གལ་ཏེ་སྐྱེ་བ་རྒྱུ་ལས་ཡིན་ ན་ནི་རྒྱུ་དེ་འབྲས་བུའི་བདག་ཉིད་དུ་གྱུར་པ་དང་། གཞན་དུ་གྱུར་པ་དང་། གཉི་གར་ གྱུར་པ་ཞིག་ཏུ་སྐྱེ་བར་འགྱུར་བས་ཉེས་པ་དེ་དག་ཏུ་འགྱུར་[བ་ཞིག་]ན། བདག་གིས་ ནི་རྒྱུ་ལས་སྐྱེ་བ་ཁས་མ་བླངས་པས་ཕྱགོ ས་གསུམ་ཀ་ལ་བཤད་ཟིན་པའི་ཉེས་པའི་ག་ོསྐབས་ མེད་ད།ོ།དེའི་ཕྱིར་དངསོ ་པ་ོརྣམས་ཀྱི་སྐྱེ་བ་ནི་ང་ོབ་ོཉིད་ལས་འབྱུང་བ་ཁ་ོན་ཡིན་ཏེ། འདི་ལྟར་པདྨའི་ཆུ་བ་དང་དེའི་འདབ་མ་རྣམས་ཀྱི་རྩུབ་པ་དང་དེའི་འཇམ་ཤ་དག་ འགའ་ཞིག་གིས་བསྒྲིམས་ཏེ་བྱེད་པར་མ་མཐོང་ལ། དེའི་འདབ་མ་དང་ཟེའུ་འབྲུ་ དང་ལྟེ་བ་རྣམས་ཀྱི་ཁ་དོག་དང་དབྱིབས་སྣ་ཚོགས་པ་དག་ཀྱང་བྱེད་པར་མཐོང་ 240

སེམས་བསྐྱེད་པ་དྲུག་པ།
བ་མ་ཡིན་ནོ། །དེ་བཞིན་དུ་པ་ན་ས་དང་བལ་པོ་སེའུ་ལ་སོགས་པའི་སྣ་ཚོགས་པ་ ཡང་ཡིན་ནོ། །དེ་ལྟར་ཕྱི་རོལ་དག་ལ་ཇི་ལྟར་ཡིན་པ་དེ་བཞིན་དུ་རྨ་བྱ་དང་བྱ་ཏི་ཏི་ རི་དང་བྱ་གག་ལ་སོགས་པ་ནང་གི་བདག་ཉིད་ཅན་དག་ལ་ཡང་འགའ་ཞིག་གིས་ འབད་པས་བཟུང་ནས་ཁ་དོག་དང་དབྱིབས་ལ་སོགས་པ་འགོད་པར་མ་དམིགས་ པ་ཉིད་དོ། །དེའི་ཕྱིར་དངོས་པོ་རྣམས་ཀྱི་སྐྱེ་བ་ནི་ངོ་བོ་ཉིད་ལས་འབྱུང་བ་ཁོ་ནའ་ོ ཞེས་སྨྲའ།ོ །འདི་ལ་བཤད་པར་བྱ་སྟེ།
གལ་ཏེ་རྒྱུ་མེད་ཁོ་ནར་སྐྱེ་བར་ལྟ་ཞིག་འགྱུར་ན་ནི། ། དེ་ཚེ་མཐའ་དག་རྟག་ཏུ་ཐམས་ཅད་ལས་ཀྱང་སྐྱེ་འགྱུར་ཞིང་། ། འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡིས་ས་བོན་ལ་སོགས་ནི། ། བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར། །
གལ་ཏེ་དངོས་པོ་རྣམས་ཀྱི་སྐྱེ་བ་གློ་བུར་བར་འགྱུར་ན་ནི་ཇི་ལྟར་པ་ན་སའི་ཤིང་ དེའི་ཤིང་ཐོག་གི་རྒྱུ་མ་ཡིན་པ་དེ་བཞིན་དུ། ནིམ་པ་དང་ཨ་མྲ་ལ་སོགས་པ་དངོས་ པ་ོ ཐམས་ཅད་ཀྱང་དེའི་རྒྱུ་མ་ཡིན་པས་དེ་དག་ལས་སྐྱེ་བར་འགྱུར་ཏེ། རྒྱུ་མ་ཡིན་པ་ ཉིད་དུ་འདྲ་བའི་ཕྱིར་ར།ོ །ཡང་ཇི་ལྟར་ཤིང་ཐགོ ་པ་ན་ས་དེའི་ཤིང་རྒྱུ་མ་ཡིན་པ་ལས་ སྐྱེ་བ་དེ་བཞིན་དུ་ཁམས་གསུམ་ལས་ཀྱང་འགྱུར་ར།ོ །ཡང་གང་ཞིག་ཨ་མྲ་དང་ལ་ཀུ་ རྩ་ལ་སགོ ས་པ་རྣམས་ཀྱི་སྨིན་པ་ལས་སྐྱེས་པའི་སྐྱེ་བ་དུས་ཚིགས་ལ་ལྟསོ ་ཤིང་རེས་ འགའ་མངནོ་པ་དེ་ཡང་དེ་དག་ལ་རྟག་ཏུ་ཁ་ོནར་ཡདོ་པ་འགྱུར་ཏེ།དུས་ཚིགས་ཀྱི་ ལྟསོ ་པ་ལ་མི་ལྟསོ ་པའི་ཕྱིར་རོ། །དེ་བཞིན་དུ་རྨ་བྱ་རྨ་བྱའི་མདངོ ས་ཀྱི་ཚོགས་ཀྱི་རྒྱུ་
241

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཡིན་པས་བྱ་རགོ ་ལ་ཡང་མདངོ ས་ཀྱི་ཚོགས་ཡདོ ་པར་འགྱུར་ལ།རྨ་བྱ་ལ་ཡང་དུས་ ཐམས་ཅད་ཀྱི་ཚེ་སྟེ་མངལ་གྱི་གནས་སྐབས་ན་ཡང་ནེ་ཙོའི་སྒྲ་ོཡང་ཡདོ ་པར་འགྱུར་ ར།ོ།དེ་ལྟར་འགྲ་ོབའ་ོཅགོ ་རྟག་ཏུ་སྐྱེ་བར་འགྱུར་ན་དེ་ནི་ཡདོ ་པ་ཡང་མ་ཡིན་པས་ང་ོ བ་ོ ཉིད་དུ་སྨྲ་བ་མི་རིགས་ས།ོ །དེ་ལྟར་རིགས་པ་དང་འགལ་བ་བརྗདོ ་ནས། མཐངོ ་བ་ དང་འགལ་བ་བརྗདོ ་པའི་ཕྱིར་བཤད་པ། སྟནོ ་ཏགོ ་ལ་སགོ ས་པའི་འབྲས་བུ་འབྱུང་བའི་ཆེད་ དུ་འཇིག་རྟེན་པ་འདི་པ་ཡིས་ས་བནོ ་ལ་སགོ ས་ནི།དཀའ་བ་བརྒྱ་ཕྲག་དག་གི་སྒ་ོནས་ སྡུད་པ་སྟེ་སགོ ་པར་བྱེད་པར་ཡང་མི་འགྱུར་བ་ཞིག་ན་བྱེད་པ་ཡང་ཡིན་པ་དེའི་ཕྱིར་ སྐྱེ་བ་ངོ་བོ་ཉིད་ལས་བྱུང་བ་མ་ཡིན་ནོ། །སྐྱོན་གཞན་ཡང་།
གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་པར་འགྱུར་ན་ནམ་མཁའ་ཡི། ། ཨུཏྤ་ལ་ཡི་དྲི་མདོག་ཇི་བཞིན་གཟུང་དུ་མེད་ཉིད་ན། ། ཤིན་ཏུ་ཆེས་བཀྲའི་འཇིག་རྟེན་འཛིན་པའང་ཡིན་པ་དེ་ཡི་ཕྱིར། ། རང་གི་བློ་བཞིན་འཇིག་རྟེན་རྒྱུ་ལས་ཡིན་པར་ཤེས་པར་གྱིས། །
གལ་ཏེ་འགྲོ་བ་རྒྱུས་སྟོང་པ་སྟེ་རྒྱུ་མེད་པར་འབྱུང་བ ར་འགྱུར་ན་ནི་འགྲོ་བ་འདི་དག་ནམ་ མཁའི་ཨུཏྤལའི་དྲི་དང་ཁ་དོག་བཞིན་དུ་འཛིན་པའི་ལམ་དུ་མི་འགྱུར་བ་ཉིད་ན་ འགྱུར་བ་ཡང་ཡིན་ཏེ། ཤིན་ཏུ་ཆེས་བཀྲ་བའི་འཇིག་རྟེན་འཛིན་པའང་ཡིན་པ་དེའི་ཕྱིར་རང་གི་ བློ་སྔོན་པོའ་ི རྣམ་པ་ཅན་ནི་སྔོན་པོ་ལས་སྐྱེ་བ་ལྟར་འགྲོ་བ་མཐའ་དག་རང་རང་གི་རྒྱུ་ཁོ་ན་ལས་ སྐྱེའ་ོཞེས་བྱ་བར་རིག་པར་གྱིས་ཤིག །ཁྱོད་ཀྱི་ལྟར་ན་ནི་སྔོན་པོའ་ིརྣམ་པ་ཅན་གྱི་ བླ་ོཡུལ་སྔནོ ་པ་ོབསལ་ནས་ཉེ་བར་སྐྱེ་བ་མ་ཡིན་ཏེ།སྔནོ ་པའོ ་ིརྣམ་པ་ཅན་གྱི་བླ་ོནི་ 242

སེམས་བསྐྱེད་པ་དྲུག་པ།
སྔནོ ་པ་ོཁ་ོན་ལས་ཡིན་གྱི་ང་ོབ་ོཉིད་ལས་མ་ཡིན་པས་ང་ོབ་ོཉིད་སྨྲ་བ་ནི་མི་རིགས་ སོ། །སེམས་པ་འབྱུང་བ་ལས་གྱུར་པ་དག་ནི་རྒྱུ་དམིགས་བཞིན་པ་ལ་ནི་བསྙོན་ པར་མི་ནུས་ཏེ། མཐོང་བའི་ཕྱིར་དང་། ཇི་སྐད་བཤད་པའི་སྐྱོན་དུ་ཐལ་བར་འགྱུར་ བའི་ཕྱིར་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་འཇིག་རྟེན་ལ་གྲགས་པ་འདི་ནི་ཡོད་པ་ ཉིད་དོ། །རྒྱང་ཕན་ལྟར་ན་དེ་ཉིད་ནི་བཞི་ཁོ་ན་སྟེ། འགྲོ་བ་སྣ་ཚོགས་པ་མཐའ་དག་གི་ རྒྱུར་གྱུར་པ་ས་དང་ཆུ་དང་མེ་དང་རླུང་ཞེས་བྱ་བ་རྣམས་སོ། །དེ་རྣམས་ཀྱི་ཡོངས་ སུ་སྨིན་པའི་ཁྱད་པར་ལས་པདྨ་དང་བལ་པོ་སེའུ་ལ་སོགས་པ་དག་དང་རྨ་བྱ་དང་ བྱ་གག་གི་ཚོགས་པ་དག་གི་སྣ་ཚོགས་པ་ཇི་ལྟར་མཐོང་བཞིན་པ་འཐད་པ་འབའ་ ཞིག་ཏུ་མ་ཟད་ཀྱི། བློ་དངོས་པོའ་ིདེ་ཁོ་ན་ཉིད་སྣ་ཚོགས་ཡོངས་སུ་གཅོད་པ་པོར་ གྱུར་པ་ཡང་དེ་ཁོ་ན་ལས་སྐྱེ་བ་ཡིན་ནོ། །དེ་ལ་ཇི་ལྟར་ཆང་དག་ལས་འབྱུང་བའི་ བྱེ་བྲག་ཕྲད་པ་ཡོངས་སུ་འགྱུར་བའི་ཁྱད་པར་ལས་སྲོག་ཆགས་རྣམས་ཀྱི་མྱོས་པ་ དང་བརྒྱལ་བའི་རྒྱུ་མྱོས་པར་འགྱུར་བའི་ནུས་པ་སྐྱེ་བ་དེ་བཞིན་དུ། ནུར་ནུར་པོ་ལ་ སོགས་པའི་འབྱུང་བ་ཆེན་པོ་ཁྱད་པར་ཅན་ཡོངས་སུ་སྨིན་པ་ལས་བློ་དག་སྐྱེ་ཞིང་ དེ་དག་དངསོ ་པ་ོ མཐའ་དག་ཡངོ ས་སུ་གཅདོ ་པར་བྱེད་པའི་བར་དུ་ཡང་འགྱུར་ར།ོ ། དེའི་ཕྱིར་ཕྱི་རལོ་དང་ནང་གི་དངསོ་པ་ོརྣམས་ནི་འཇིག་རྟེན་འདིའི་རྒྱུ་ལས་འབྱུང་ བ་ཁ་ོན་ཡིན་གྱི།གང་དུ་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་འདིར་རམ་འདིར་བྱས་ པའི་རྣམ་པར་སྨིན་པ་འཇིག་རྟེན་གཞན་དུ་འབྱུང་བ་འཇིག་རྟེན་ཕ་རལོ ་དག་ཡདོ ་ པ་ཉིད་ནི་མ་ཡིན་ན་ོ སྙམ་དུ་སེམས་ས།ོ །མཛེས་མ་ལེགས་པར་སྤྱདོ ་ཅིང་བཟའ་བར་
243

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
གྱིས། །ལུས་མཆོག་འདས་གང་དེ་ཁྱོད་ལ་མི་འབྱུང་། །ལུས་འདི་ཚོགས་པར་གྱུར་པ་ ཙམ་ཞིག་སྟེ། །འཇིགས་མ་སོང་བ་ལྡོག་པར་མི་འགྱུར་རོ། །ཞེས་སྨྲས་ཏེ། འདི་ནི་བུ་ མ་ོལ་མངནོ ་པར་བགྲདོ ་པར་འདདོ ་ཅིང་བུ་མསོ ་འཇིག་རྟེན་ཕ་རལོ ་མེད་པར་རྟགོ ས་ པར་འདདོ ་ནས་སྨྲས་པ་ཡིན་ན།ོ །ནག་ཚོས། འདས་པའི་འཇིགས་པ་འབྱུང་བར་འགྱུར་མ་ཡིན། ཞེས་ བསྒྱུར་ར།ོ།འདི་ལ་བརྗདོ ་པར་བྱ་སྟེ།ཁྱདོ ་ཀྱི་འཇིག་རྟེན་ཕ་རལོ ་ཡདོ ་པ་མ་ཡིན་ན་ོསྙམ་ པའི་ངེས་པ་འདི་རྒྱུ་མཚན་ག ང་ལས་ཡིན། འཇིག་རྟེན་ཕ་རལོ ་ད་ལྟ་མངནོ ་སུམ་དུ་མཐངོ ་བ་མ་ ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། ཁྱོད་ཀྱི་འཇིག་རྟེན་ཕ་རོལ་མངོན་སུམ་དུ་མཐོང་བ་མ་ ཡིན་པ་ཉིད་ཅི་མངནོ ་སུམ་ཞིག་གམ་འནོ ་ཏེ་མངནོ ་སུམ་མ་ཡིན་པ་ཞིག་ཡིན་གྲང་། མངོན་སུམ་མོ་ཞེ་ན། འཇིག་རྟེན་ཕ་རོལ་མངོན་སུམ་དུ་གྱུར་པ་ཉིད་མེད་པ་སྟེ་ལོག་ པ་མངོན་སུམ་ཡིན་པ[ས་] ར་འདོད་ན་དངོས་པོ་མེད་པ་ཡང་མངོན་སུམ་དང་མི་འགལ་ བ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དངོས་པོ་མེད་པ་ཡང་ཁྱོད་ལ་དངོས་པོར་འགྱུར་ཏེ། ཚེ་རབས་ཕ་རོལ་མངོན་སུམ་དུ་མཐོང་བ་ལོག་པ་མངོན་སུམ་གྱི་དངོས་ཀྱི་གཞལ་བྱ་མངོན་སུམ་པ་ཡིན་ པའི་ཕྱིར་དངསོ ་པ་ོབཞིན་ན།ོ།དེའི་ཕྱིར་ཏེ་དེ་ལྟ་ན་དངསོ ་པ་ོམེད་པ་ཞེས་བྱ་བ་འགའ་ ཡང་མེད་པས་༼ཁ ཟླ་བོ་མེད་པའི་ཕྱིར་༼ཀ དངོས་པོ་ཡང་མེད་པར་འགྱུར་ཏེ། ༼ག ར།ོ །དངསོ ་པ་ོ དང་དངསོ ་པ་ོ མེད་པ་མེད་ན་ཡང་འབྱུང་བ་བཞི་རྣམས་ཀྱི་ཡདོ ་པ་ཉིད་ དང་།འཇིག་རྟེན་ཕ་རལོ་མེད་པ་ཉིད་དུ་དམ་བཅའ་བ་ཡང་ཉམས་པར་འགྱུར་ར།ོ།ཅི་སྟེ་ མངོན་སུམ་མ་ཡིན་ན་ནི་རེ་ཞིག་མངོན་སུམ་མ་ཡིན་པ་དེ་ཉིད་མངོན་སུམ་ཏེ་མངོན་ གྱུར་མ་ཡིན་པའི་ཕྱིར། མངོན་སུམ་ཚད་མས་མ་བཟུང་བས། ཅི་ལྟར་མ་བཟུང་བ་དེའི་སྒོ་ 244

སེམས་བསྐྱེད་པ་དྲུག་པ།
ནས་འཇིག་རྟེན་ཕ་རོལ་མེད་པར་རྗེས་སུ་དཔོག་པར་འགྱུར། ཅི་སྟེ་རྗེས་སུ་དཔག་ པས་བཟུང་བ་ཡིན་ན་ོཞེ་ན།སྤྱིར་མངནོ ་སུམ་དུ་མ་ཟད་རྗེས་སུ་དཔག་པ་ལས་རབ་ཏུ་གྲུབ་ པས་ཀྱང་སྐྱེས་བུའི་དནོ ་སྒྲུབ་པ་ཡིན་ན་རྗེས་དཔག་འདི་ནི་ཁྱདོ ་ཀྱིས་ཁས་བླངས་པ་ཡང་མ་ཡིན་ཏེ། ཇི་ཙམ་དབང་པའོ ་ིསྤྱདོ ་ཡུལ་བས། །སྐྱེས་བུ་དེ་ཙམ་ཁ་ོ ནར་ཟད། །བཟང་མ་ོ མང་ཐསོ ་ གང་སྨྲ་བ།།དེ་ནི་སྤྱང་ཀིའི་རྗེས་དང་འདྲ།།ཞེས་སྐྱེས་བུས་དནོ ་རྟགོ ས་པའི་ཚད་མ་ནི་མིག་སགོ ས་ ཀྱི་དབང་པའོ ་ིསྤྱདོ ་ཡུལ་ཇི་ཙམ་མཐངོ ་བའི་མངནོ ་སུམ་དེ་ཙམ་དུ་ཁྱདོ ་ཀྱིས་ཁས་བླངས་པ་ཡང་ཡིན་ ན།ོ །དེའི་ཕྱིར་འདི་ཐམས་ཅད་ལ་སྐུར་པ་འདེབས་པར་བྱེད་པ་ནི། སེམས་པ་ཡདོ ་པ་ འབྱུང་བ་ལས་གྱུར་བ་ལ་སུན་འབྱིན་པ་བཤད་ཟིན་པའི་ལམ་གྱི་རྗེས་སུ་འབྲངས་ཏེ་ ཐམས་ཅད་དུ་སུན་འབྱིན་པ་བརྗདོ ་པར་བྱའ།ོ །གཞན་ཡང་ཇི་ལྟར་རབ་རིབ་ཅན་ཟླ་ བ་གཉིས་ལ་སོགས་པའི་ངོ་བོ་ཡོད་པ་མ་ཡིན་པ་ཡོད་དོ་སྙམ་དུ་འཛིན་པའི་མཐོང་ བ་སྐྲ་ཤད་དང་སྦྲང་མ་ལ་སགོ ས་པ་ཡང་དག་པ་མ་ཡིན་པའི་ཡུལ་ཅན་དུ་རྣམ་པ་དེ་ ལྟ་བུ་གཞན་ཡང་མི་བདེན་པ་ཁ་ོན་ཡིན་པ་དེ་བཞིན་དུ་ཁྱདོ ་ཀྱི་འཇིག་རྟེན་ཕ་རལོ ་ ལ་སགོ ས་པ་མེད་པར་ཤེས་པ་གཞན་ཡང་མཐངོ ་བའི་དངསོ ་པ་ོཕྱིན་ཅི་ལགོ ་ཏུ་རྟགོ ་ པའི་སྒོ་ནས་ཕྱིན་ཅི་ལོག་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ།
འབྱུང་བ་དེ་དག་བདག་ཉིད་གང་ཞིག་གིས་ནི་ཁྱོད་ཀྱི་བློའ།ི ། ཡུལ་དུ་འགྱུར་བ་དེ་ཡི་བདག་ཉིད་ཅན་ནི་མ་ཡིན་ན། ། གང་ལ་ཡིད་ཀྱི་མུན་པ་མཐུག་པོ་འདི་ཉིད་དུ་ཡོད་པ། ། དེས་ན་ཇི་ལྟར་འཇིག་རྟེན་ཕ་རོལ་ཡང་དག་རྟོགས་པར་འགྱུར། །
245

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ས་ལ་སགོ ས་པ་དེ་ཁ་ོན་ཉིད་བཞི་པ་ོགང་དག་སྨྲས་པ་དེ་དག་ནི་ཇི་ལྟར་ཁྱདོ ་ཀྱི་ཤེས་ པའི་ཡུལ་ཉིད་དུ་འགྱུར་བ་དེ་ལྟར་དེ འི་བདག་ཉིད་དེར་ཡོད་པ་མ་ཡིན་ནོ། །གང་གི་ ཚེ་དེ་ལྟར་ཁྱདོ ་འཇིག་རྟེན་འདི་ཉིད་ལ་ཕྱིན་ཅི་ལགོ ་ཏུ་མཐངོ ་བ་ཡིན་པ་དེའི་ཚེ།༼ཁ འཇིག་རྟེན་ཕ་རོལ་[ཏེ་པོར་] ༼ཀ ཤིན་ཏུ་ཕྲ་བ་ལྷའི་མིག་གི་ཤེས་པའི་སྤྱོད་ཡུལ་དུ་ གྱུར་པ་༼ག ཡདོ ་པ་དང་མེད་པ་ཇི་ལྟར་རྟགོ ས་པར་འགྱུར་ཏེ་རྟགོ ས་པ་མི་སྲིད་པ་ཉིད་ད།ོ །
སྐྱོན་གཞན་ཡང་འ། ཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། ། ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། །
དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །
གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། ། མཚུངས་པ་ནི་མཉམ་པ་སྟེ་འདྲ་བ་ཞེས་བྱ་བའི་དནོ ་ཏ།ོ །རྟེན་ནི་དེ་གནས་པའི་རྒྱུའ།ོ ། ལུས་ནི་ཁོག་པའ།ོ །ཤེས་བྱའི་རང་བཞུན་ཕྱིན་ཅི་ལོག་ཏུ་ལྟ་བའི་འཇིག་རྟེན་ཕ་རོལ་འགོག་པའི་དུས་སུ་ རྒྱང་ཕན་དེའི་ལྟ་བའི་རྣམ་པ་ནི་འཇིག་རྟེན་ཕ་རོལ་ལ་སྐུར་བ་འདེབས་པ་དེའི་ལྟ་ བའི་རྣམ་པའ།ོ །རྟེན་ཡང་དེ་ཡིན་ལ་མཚུངས་པ་ཡང་དེ་ཡིན་པས་ཞེས་ཁྱད་པར་གྱི་ ཚིག་བསྡུའ།ོ །རྟེན་དུ་མཚུངས་པ་ཉིད་ལུས་ཡིན་པས་ན་དེའི་ལྟ་བའི་རྣམ་པའི་རྟེན་ དུ་མཚུངས་པའི་ལུས་ཞེས་ཚིག་རྣམ་པར་སྦྱར་ར།ོ །དེ་འདི་ལ་ཡདོ ་པས་ན་མ་ཏུབ་ཀྱི་ རྐྱེན་ནོ། །དེའི་དངོས་པོ་ནི་དེའི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ ཕྱིར་ཞེས་བྱ་བ་སྟེ། གཏན་ཚིགས་སོ། །རྟེན་དེ་ནི་ཇི་སྲིད་སེམས་པ་འབྱུང་བ་ལས་ 246

སེམས་བསྐྱེད་པ་དྲུག་པ།
གྱུར་པའི་འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུ་ལྟ་བའམ། ཐེ་ཚོམ་གྱི་རྟེན་ཉིད་དུ་མ་ གྱུར་པ་དེ་སྲིད་དུ་ལོག་པར་ལྟ་བ་འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པའི་རྟེན་ དུ་མཚུངས་པ་ཉིད་དུ་འགྱུར་བས་འབྱུང་བའི་བདག་ཉིད་ཡདོ ་པ་ཉིད་དུ་རྟགོ ས་པ་ན་ ཡང་འཇིག་རྟེན་རྒྱང་འཕེན་པ་ལ་དེའི་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་ དང་ལྡན་པ་ཉིད་ཡོད་པ་ཡིན་ཏེ། འདི་ལྟར་དེའི་གནས་སྐབས་ནི་གཉིས་ཏེ། གཅིག་ ནི་འབྱུང་བའི་རང་བཞིན་ཁངོ ་དུ་ཆུད་པའི་གནས་སྐབས་ས།ོ །གཞན་ནི་འཇིག་རྟེན་ གཞན་ལ་སྐུར་པ་འདེབས་པའི་གནས་སྐབས་ས།ོ །དེ་ལ་གཅིག་ནི་ཕྱགོ ས་སུ་བྱས་པ་ ཉིད་ཀྱིས་ན་གཞན་དཔེ་ཉིད་དུ་བསྟན་པའི་ཕྱིར། གང་ཚེ་འབྱུང་བའི་བདག་ཉིད་ ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། །ཞེས་བྱ་བ་སྨོས་ཏེ། གནས་སྐབས་དེར་ཡང་དེའི་ ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་ཉིད་དང་། ཤེས་བྱའི་རང་ བཞིན་ཕྱིན་ཅི་ལོག་ཏུ་ལྟ་བ་ཡོད་པ་ཡིན་ནོ། །ཅི་སྟེ་འབྱུང་བའི་བདག་ཉིད་ཡོད་པ་ ཉིད་དེ་བདེན་པར་རྟོགས་པའི་གནས་སྐབས་ན་ཡང་བདག་ཕྱིན་ཅི་མ་ལོག་པ་མཐོང་ བ་ཡིན་པའི་ཕྱིར་དཔེ་བསྒྲུབ་བྱས་སྟོང་པ་ཉིད་ཡིན་ནོ་སྙམ་ན། དེ་ཡང་ཡོད་པ་མ་ ཡིན་ཏེ། རང་བཞིན་གྱིས་མ་སྐྱེས་པ་[ཉིད་ཀྱིས་] དང། ཡོད་པ་མ་ཡིན་པའི་རང་བཞིན་ ཅན་གྱི་འབྱུང་བ་དག་ལ་༼ག སྐྱེ་བ་༼ཁ དང་༼ཀ རང་བཞིན་གྱིས་ཡོད་པ་༼ང ཉིད་ དུ་རྟོགས་པས་ཕྱིན་ཅི་ལོག་ཏུ་ལྟ་བ་ཉིད་གྲུབ་པའི་ཕྱིར་རོ། །འབྱུང་བ་དག་རང་བཞིན་ གྱིས་མ་སྐྱེས་པ་ཉིད་དེ་ཁོ་ན་བསྒྲུབ་པར་བྱ་དགོས་སོ་ཞེ་ན། མ་ཡིན་ཏེ་བསྒྲུབ་ཟིན་ པའི་ཕྱིར་རོ་ཞེས་བཤད་པ།
247

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
འབྱུང་བ་དེ་དག་ཇི་ལྟར་ཡོད་མིན་དེ་ལྟར་བཤད་ཟིན་ཏེ། ། གང་གི་ཕྱིར་ན་གོང་དུ་རང་གཞན་ལས་དང་གཉི་ག་ལས། ། སྐྱེ་དང་རྒྱུ་མེད་ཐུན་མོང་དུ་ནི་བཀག་ཟིན་དེ་ཡི་ཕྱིར། ། མ་བཤད་འབྱུང་བ་འདི་དག་ལྟ་ཞིག་ཡོད་པ་མ་ཡིན་ནོ། །
གོང་དུ་དངོས་པོ་རྣམས་༼ཁ ཐུན་མོང་དུ་༼ཀ རང་དང་གཞན་དང་གཉི་ག་དང་རྒྱུ་ མེད་པ་ལས་སྐྱེ་བ་འགོག་པར་བྱེད་པ་ན། འབྱུང་བ་[དང་] རང་བཞིན་གྱིས་སྐྱེ་བ་ཡང་ བདག་གིས་༼ག སྤྱིར་བཀག་པ་ཁོ་ན་ལས་སྐྱེ་བ་མེད་པའི་ཕྱིར། འབྱུང་བ་དག་ལ་ རང་བཞིན་ཡདོ ་པ་མ་ཡིན་པས་དཔེ་གྲུབ་པ་ཉིད་ད།ོ །དེ་བཞིན་དུ་ཐམས་ཅད་མཁྱེན་ པ་ལ་སྐུར་པ་འདེབས་པ་དང་། དངོས་པོ་ཡོད་པ་ཉིད་དུ་སྨྲ་བ་དང་། དངོས་པོ་མེད་ པ་ཉིད་དུ་སྨྲ་བ་དང་། དབང་ཕྱུག་དང་དུས་དང་རྡུལ་དང་རང་བཞིན་དང་ངོ་བོ་ ཉིད་སྨྲ་བ་རྣམས་དང་། དེ་དག་ལས་གཞན་པ་རྣམས་ལ་ཡང་རང་རང་གི་ཇི་ལྟ་བ་ ཡིན་པ་སྨྲ་བ་རྣམས་ཀྱི་གྲུབ་པའི་མཐའ་འགགོ ་པ་ན་ཡང་རྟགོ ས་པ་ཕྱིན་ཅི་ལགོ ་ཉིད་སྦྱར་བར་ བྱ[འ་ོ]སྟེ། འདི་ལྟ་སྟེ་དཔེར་ན། རྫོགས་པའི་སངས་རྒྱས་འགོག་པར་བྱེད་པའི་དུས་སུ་ བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། །དེ་ཡི་ ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་ཚེ་འབྱུང་བའི་བདག་ ཉིད་ཡདོ ་ཉིད་ཁས་ལེན་དེ་ཚེ་བཞིན།།ཞེས་བྱ་བ་ལ་སགོ ས་པ་སྦྱར་བར་བྱ་སྟེ།ཡདོ ་ པ་དང་མེད་པ་ཉིད་དུ་ལྟ་བ་ཐམས་ཅད་དགག་པར་འདོད་པའི་ཕྱིར་ར།ོ །ཁོ་བོ་ཅག་ ལ་ནི་གནས་སྐབས་འགར་ཡང་མི་འདོད་པ་ཐོབ་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་ 248

སེམས་བསྐྱེད་པ་དྲུག་པ།
མཁས་པས་ཡངོ ས་སུ་བསྒྱུར་ལ་ཚིགས་སུ་བཅད་པ་འདི་ཉིད་ཀྱིས་གཞན་གྱིས་ཡངོ ས་ སུ་བརྟགས་པའི་ཕྱགོ ས་སྔ་མ་མ་ལུས་པ་བསལ་བར་ངེས་པར་བྱ་སྟེ།རྟགོ ་པའི་དྲྭ་བ་ མ་ལུས་པར་བཀག་པར་དནོ ་དམ་པའི་ཡེ་ཤེས་གྲུབ་པར་མངནོ ་པར་འདདོ ་པའི་ཕྱིར་ ར།ོ།ཅི་སྟེ་ཁྱདོ ་ལ་ཡང་ཐལ་བར་འགྱུར་བ་འདི་ཙམ་མཚུངས་ས་ོསྙམ་ན།དེ་ཡང་ཡདོ ་ པ་མ་ཡིན་ཏེ།ཁ་ོབ་ོཅག་ཕྱིན་ཅི་ལགོ ་པར་སྒྲུབ་པ་ལ་དཔེ་མེད་པའི་ཕྱིར་ར།ོ།འཇིག་ རྟེན་གཞན་རྟགོ ་ཡདོ ་པ་ཉིད་དུ་རྟགོ ས་པའི་དུས་སུ་བདག།ཤེས་བྱའི་རང་བཞིན་དམ་ པའི་དནོ ་ནི་ལྟ་བར་རྟགོ ས་བྱ་སྟེ།།བདག་གི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ ལྡན་ཉིད་ཕྱིར། །གང་གི་ཚེ་ན་བདག་མེད་རྟོགས་པར་ཁས་ལེན་དེ་ཚེ་བཞིན། །ཞེས་ བྱ་བར་བརྗོད་པར་ནུས་པ་ཡང་ཡིན་ནོ། །དེ་བཞིན་དུ། འདི་ན་ཐམས་ཅད་མཁྱེན་ པ་ཡོད་ཅེས་རྟོགས་པའི་དུས་སུ་བདག ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་ བར་རྟོགས་བྱ་སྟེ། གཏན་ཚིགས་དང་དཔེ་དག་ནི་དེ་གཉིས་ཁོ་ནའ།ོ །དེ་བཞིན་དུ་ དངོས་པོ་ཐམས་ཅད་ངེས་པ་ལ་ཡང་སྦྱར་བར་བྱའ།ོ །དེའི་ཕྱིར་ཚུལ་འདིས་ནི། དེ་ ཉིད་དེ་ལས་འབྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག །གཉི་ག་ལས་ཀྱང་མ་ཡིན་ རྒྱུ་མེད་པར་ནི་ག་ལ་ཡདོ །།ཅེས་གང་དམ་བཅས་པར་གྱུར་པ་དེ་རབ་ཏུ་བསྒྲུབས་པ་ ཡིན་ན།ོ །ཞེས་གསུངས་པས་གཞན་ལུགས་བཀག་པ་ཡིན་གྱི་རང་ལུགས་མ་བསྒྲུབས་ས་ོ ཞེས་སྨྲ་བར་མི་བྱའ།ོ །
འདིར་སྨྲས་པ།གལ་ཏེ་དངསོ ་པ་ོརྣམས་བདག་དང་གཞན་དང་གཉི་ག་དང་ རྒྱུ་མེད་པ་ལས་མི་སྐྱེ་ན།འ་ོན་ཇི་ལྟར་སྐྱེ་ཞེ་ན། བཤད་པ།གལ་ཏེ་དངོས་པོ་རྣམས་ ལ་རང་བཞིན་འགའ་ཞིག་ཡོད་ན་ནི་སྐྱེ་བའི་རྣམ་པར་རྟོག་པ་གཞན་མི་སྲིད་པའི་
249

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཕྱིར་ཐེ་ཚོམ་མེད་པར་དེ་བདག་གམ་གཞན་ནམ་གཉི་གའམ་རྒྱུ་མེད་པ་ཞིག་ལས་ སྐྱེ་བའམ་དམིགས་པར་འགྱུར་བ་ཞིག་གོ །གང་དག་དབང་ཕྱུག་ལ་སོགས་པ་དག་ ལས་དངོས་པོ་རྣམས་སྐྱེ་བར་མངོན་པར་འདོད་པ་དེ་དག་གི་ལྟར་ན་ཡང་དབང་ ཕྱུག་ལ་སོགས་པ་དེ་ག་བདག་ཏུ་གྱུར་པའམ། གཞན་དུ་གྱུར་པའམ། གཉི་གར་གྱུར་ པ་ཞིག་ཏུ་འགྱུར་བས་དབང་ཕྱུག་ལ་སགོ ས་པ་རྒྱུར་སྨྲ་བ་དག་ཀྱང་བཤད་ཟིན་པའི་ སྐྱནོ ་ལས་མི་འདའ་སྟེ།དེའི་ཕྱིར་སྐྱེད་པར་བྱེད་པའི་རྒྱུའི་རྣམ་པར་རྟགོ ་པ་གཞན་ལྔ་ པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གཞན་མེད་པའི་ཕྱིར་ལ་རྣམ་པར་རྟོག་པ་བཞིས་ སྐྱེ་བར་བཏགས་པ་བཀག་པའི་ཕྱིར་དངསོ ་པ་ོརྣམས་ཀྱི་རང་བཞིན་སྐྱེ་བ་མེད་ད་ོཞེས་ བསྟན་པའི་ཕྱིར།
གང་གི་ཕྱིར་ན་བདག་དང་གཞན་དང་གཉི་ག་ལས་སྐྱེ་དང་། །
རྒྱུ་ལ་མ་ལྟོས་ཡོད་པ་མིན་པས་དངོས་རྣམས་རང་བཞིན་བྲལ། ། ཞེས་བྱ་བ་སྨོས་སོ། །འདིས་ནི་མཐའ་བཞིའི་སྐྱེ་བ་ཐལ་འགྱུར་གྱིས་བཀག་ཀྱང། མཐར་རྟགས་གང་ལ་ བརྟེན་ནས་རྗེས་དཔག་སྐྱེ་ཚུལ་སྟོན་ཏེ། དེ་ཡང་མཐའ་བཞི་ལས་སྐྱེ་བ་མེད་པ་ནི་གཏན་ཚིགས་སོ། དངོས་པོ་ རྣམས་ཞེས་པ་ནི་ཆོས་ཅན་ནོ། རང་བཞིན་གྱིས་གྲུབ་པ་དང་བྲལ་བ་ནི་དམ་བཅའ།ོ །
འདིར་སྨྲ་པ།གལ་ཏེ་དངསོ ་པ་ོརྣམས་ཀྱི་རང་བཞིན་སྐྱེ་བ་མེད་པ་ཉིད་ཡིན་ ན།འ་ོན་མ་སྐྱེས་པ་སྔོན་པོ་ལ་སོགས་པ་རྣམས་ཅི་ལྟར་བཟུང་ཞེ་ན།བཤད་པ།སྔོན་ པོ་ལ་སོགས་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟར་ཡང་མ་རིག་པས་བསླད་པ་འགའ་ཞིག་ གི་སྣང་བའི་ཡུལ་ཉིད་དུ་འགྱུར་བ་མ་ཡིན་པས། ད་ལྟར་གྱི་མིག་ལ་སོགས་པའི་ཤེས་པས་སྔོན་ 250

སེམས་བསྐྱེད་པ་དྲུག་པ།
པོ་ལ་སོགས་པ་རྣམས་ཀྱི་རང་བཞིན་ནི་བཟུང་བ་མ་ཡིན་ནོ། །གལ་ཏེ་དེ་ལྟར་ན་ ནི་འ་ོན་གང་ཞིག་ཡང་དང་ཡང་དུ་ཡུལ་གྱི་ང་ོབ་ོཉིད་དུ་མདུན་ན་སྣང་བར་མཐངོ ་ བ་དེ་ཅི་ཞིག་ཏུ་འགྱུར་བར་འསོ ་ཤེ་ན། བཤད་པ། འདི་ནི་ཕྱིན་ཅི་ལགོ ་ཉིད་ཀྱིས་སྣང་ བས་ན་རང་བཞིན་མ་ཡིན་ཏེ། མ་རིག་པ་དང་བཅས་པ་སྟེ་བསླད་པའི་དབང་གིས་[རྣམས་] ཁ་ོ ནས་བདག་ཉིད་དེར་དམིགས་པའི་ཕྱིར་ལ་མ་རིག་པ་དང་བྲལ་བ་རྣམས་ཀྱིས་ནི་ མ་དམིགས་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་བཤད་པ། གང་གི་སྤྲིན་ཚོགས་དང་ མཚུངས་གཏི་མུག་སྟུག་པོ་འཇིག་རྟེན་ལ། །
ཡོད་པ་དེས་ན་ཡུལ་རྣམས་ལོག་པ་དག་ཏུ་སྣང་བར་འགྱུར། ། སྤྲིན་ཚོགས་ནི་ཆར་སྤྲིན་གྱི་ཚོགས་ས།ོ །གང་གི་ཕྱིར་ནག་པའོ ་ིསྤྲིན་གྱི་ཚོགས་དང་འདྲ་ བའི་གཏི་མུག་སྟུག་པོ་སྔོན་པོ་ལ་སོགས་པའི་རང་བཞིན་མཐོང་བ་གཡོགས་ནས་ གནས་པ་སེམས་ཅན་ལ་ཡོད་པ་དེའི་ཕྱིར། བྱིས་པ་རྣམས་ལ་སྔོན་པོ་ལ་སོགས་པའི་རང་ བཞིན་མཐོང་བ་ཡོད་པ་མ་ཡིན་ཏེ། ཡུལ་རྣམས་ལ་རང་གི་ངོ་བོ་ཕྱིན་ཅི་ལོག་པ་དག་ཏུ་ མངོན་པར་ཞེན་པའི་གནས་སུ་གྱུར་པ་འདི་ནི། བྱིས་པ་འདི་བདེན་པར་མངོན་པར་ ཞེན་པ་རྣམས་ལ་སྣང་བ་ཡིན་ནོ། །འདིར་སྨྲས་པ་གལ་ཏེ། གཏི་མུག་གིས་བཀབ་པའི་ ཕྱིར་རྣམ་པ་ཐམས་ཅད་དུ་དེ་ཁོ་ན་ཉིད་མི་མཐོང་བར་ནི་འགྱུར་ལ་རག་ན། ཕྱིན་ ཅི་ལོག་ཏུ་མཐོང་བ་ག་ལས་ཤེ་ན། དེ་ལྟ་བུར་གྱུར་པ་མ་ཡིན་པ་རྣམས་མ་རིག་པའི་ དབང་གིས་དེ་ལྟ་བུའི་བདག་ཉིད་དུ་སྣང་ངོ་ཞེས་བྱ་བ་འདི་ཉིད་ཕྱི་རོལ་གྱི་དཔེའི་ སྒོ་ནས་བསྟན་པའི་ཕྱིར།
251

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཇི་ལྟར་རབ་རིབ་མཐུ་ཡིས་འགའ་ཞིག་སྐྲ་ཤད་ཟླ་གཉིས་དང་། །
རྨ་བྱའི་མདོངས་དང་སྦྲང་མ་ལ་སོགས་ལོག་པར་འཛིན་བྱེད་པ། ། ཞེས་བྱ་བ་སྨསོ ་ཏེ།ཇི་ལྟར་དབང་པ་ོརབ་རིབ་ཀྱིས་བསླད་པའི་མཐུས་རབ་རིབ་ཅན་གྱིས་ སྐྲ་ཤད་དང་།ཟླ་བ་གཉིས་དང་རྨ་བྱའི་མདངོ ས་དང་སྦྲང་མ་ལ་ལ་སགོ ས་པ་རྣམས་མ་སྐྱེས་པའི་རང་ བཞིན་ཏེ་མེད་པ་ཡིན་དུ་ཟིན་ཀྱང་དངསོ ་པ་ོསྟེ་ཡདོ ་པ་ཉིད་འཛིན་པ་སྟེ་མཐངོ ་བར་བྱེད་པ། དེ་བཞིན་དུ་ནི་གཏི་མུག་སྐྱོན་གྱི་དབང་གིས་མི་མཁས་པས། །
འདུས་བྱས་ལྟ་ཞིག་སྣ་ཚོགས་བློ་གྲོས་ཀྱིས་ནི་རྟོགས་པར་འགྱུར། ། འདི་ནི་རྟེན་འབྲེལ་གྱི་མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དང་། དེ་བཞིན་དུ་མ་རིག་པ་དང་རྗེས་སུ་འབྲེལ་བའི་གང་ཟག་འདི་ནི་བསདོ ་ནམས་མངནོ ་ པར་འདུ་བྱ་བ་དང་། བསོད་ནམས་མ་ཡིན་པ་མངོན་པར་འདུ་བྱ་བ་དང་། མི་གཡོ་ བ་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ་ཞེས་བྱ་བ་དང་། དེ་བཞིན་ དུ་མ་རིག་པ་འགག་པས་འདུ་བྱེད་འགག་ཅེས་བཅོམ་ལྡན་འདས་ཀྱིས་གསུངས་པ་
ཡིན་ནོ། །དེའི་ཕྱིར་ཚུལ་འདིས། གལ་ཏེ་གཏི་མུག་བརྟེན་ནས་ལས་འབྱུང་གཏི་མུག་མེད་པར་དེ། ། མི་འབྱུང་ཞེས་བྱར་མི་མཁས་ཁོ་ནས་རྟོག་པར་གོར་མ་ཆག ། བློ་བཟང་ཉི་མས་མུན་པ་སྟུག་པོ་རྣམ་པར་བསལ་བ་བཞིན། ། མཁས་པ་དག་ནི་སྟོང་ཉིད་ཁོང་དུ་ཆུད་ཅིང་གྲོལ་བར་འགྱུར། །
མཁས་པ་ཤེས་རབ་ཅན་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དོ་ཞེས་བྱ་བ་མཐོང་བ་ན།
252

སེམས་བསྐྱེད་པ་དྲུག་པ།
འདུ་བྱེད་རྣམས་རང་བཞིན་མེད་པ[ར་]འི་སྟོང་ཉིད་ཁངོ ་དུ་ཆུད་པར་འགྱུར་བ་འབའ་ ཞིག་ཏུ་མ་ཟད་ཀྱི།རྟེན་འབྱུང་གི་དེ་ཉིད་རྟགོ ས་པ་ལས་མ་རིག་པ་སྤངས་ཞིང་།ལས་འདུ་ བྱེད་དེ་དག་ཀྱང་ཉེ་བར་མི་ལེན་ཏེ་ལས་དེ་ཉེ་བར་ལེན་པའི་རྒྱུ་མ་རིག་པ་སྤངས་པའི་ ཕྱིར་རོ། །དེའི་ཕྱིར་འཁོར་བ་ལས་རྣམ་པར་ཏེ་ངེས་པར་གྲོལ་བར་འགྱུར་[རོ་] ཏེ། སྡུད་པ་ ལས། བྱང་ཆུབ་སེམས་དཔའ་གང་ཞིག་རྟེན་ཅིང་འབྲེལ་འབྱུང་ལ། སྐྱེ་མེད་ཟད་པ་མེད་པར་ཤེས་རབ་འདིས་ ཤེས་ཏེ། ཉི་མ་སྤྲིན་མེད་འདོ ་ཟེར་འཕྲོ་བས་མུན་བསལ་ལྟར། མ་རིག་ཐིབས་པོ་བཅོམ་ནས་རང་བྱུང་ཐོབ་པར་ འགྱུར། ཞེས་གསུངས་སོ། །འདིར་སྨྲས་པ། གལ་ཏེ་དེ་ལྟར་གཟུགས་ལ་སོགས་པ་རྣམས་ལ་ དནོ ་དམ་པར་རང་བཞིན་འགའ་ཡང་མེད་ན།འ་ོན་མ་ོགཤམ་གྱི་བུ་ཇི་ལྟ་བ་བཞིན་དུ་ དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར། ༼ཁ སྔོ་སོགས་དེ་དག་གི་རང་བཞིན་ཏེ་ངོ་བོ་ ༼ཀ ཀུན་རྫོབ་ཏུ་ཡང་༼ག ཡོད་པར་མི་འགྱུར་བ་ཞིག་ན། གཟུགས་ལ་སོགས་པ་ རྣམས་ཀྱི་རང་བཞིན་ཏེ་ངོ་བོ་ནི་ཀུན་རྫོབ་ཏུ་ཡོད་པ་ཡང་ཡིན་ནོ། །དེའི་ཕྱིར་དེ་དག་ གི་ཡོད་པ་ཉིད་ནི་དོན་དམ་པར་ཡང་ཡོད་པ་ཁོ་ནའ་ོཞེས་སྨྲས་པ།
གལ་ཏེ་དངོས་རྣམས་དེ་ཉིད་དུ་མེད་ན། ། ཐ་སྙད་དུ་ཡང་མོ་གཤམ་བུ་ཇི་བཞིན། ། དེ་དག་མེད་པ་ཉིད་འགྱུར་དེ་ཡི་ཕྱིར། ། དེ་དག་རང་བཞིན་གྱིས་ནི་ཡོད་པ་ཉིད། །
འདི་ལ་བརྗོད་པར་བྱ་སྟེ། གང་དག་རབ་རིབ་ཅན་སོགས་ཡུལ་གྱུར་པ། །
253

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
སྐྲ་ཤད་ལ་སོགས་དེ་དག་མ་སྐྱེས་པས། ། རེ་ཞིག་དེ་དག་ཉིད་ལ་བརྩད་བྱ་སྟེ། ། ཕྱི་ནས་མ་རིག་རབ་རིབ་རྗེས་འབྲེལ་ལའ།ོ །
དེ་ཅིའི་ཕྱིར་ཁྱེད་ཅག་གིས་ཡདོ ་པ་མ་ཡིན་པའི་ཡུལ་སྐྲ་ཤད་ལ་སགོ ས་པ་དག་མཐངོ ་ ལ། མོ་གཤམ་གྱི་བུ་ནི་མ་མཐོང་བ་ཅི་ཡིན་ཞེས་རེ་ཞིག་སྔོན་ལ་གང་དག་རབ་རིབ་ལ་ སགོ ས་པས་ཉམས་པར་བྱེད་པ་དེ་དག་ཁ་ོན་ལ་བརྩད་པར་བྱ་ལ།དེའི་ཕྱིས་ཏེ་རྗེས་སུ་ནི་ ཅིའི་ཕྱིར་༼ཁ མ་སྐྱེས་པ[འི་]མཚུངས་པ་ལ་༼ཀ རང་བཞིན་[ཅན་]གྱིས་༼ག ཁྱདོ ་གཟུགས་ ལ་སོགས་པ་དག་མཐོང་ལ་མོ་གཤམ་གྱི་བུ་ནི་མ་མཐོང་བ་ཅི་ཡིན་ཞེས། མ་རིག་པའི་ རབ་རིབ་ཀྱིས་བླའོ ་ིམིག་བསྒྲིབས་པ་རྣམས་ལ་བརྒལ་ཞིང་བརྟག་པར་བྱ་དགསོ ་ས།ོ ། ཁ་ོབ་ོཅག་ལ་ནི་འདི་བརྒལ་ཞིང་བརྟག་པར་བྱ་བ་མ་ཡིན་ཏེ།འདི་ལྟར་ཁ་ོབ་ོཅག་ནི་ རྣལ་འབྱོར་པ་རྣམས་ཀྱིས་དངོས་པོ་དག་འདི་ལྟར་གཟིགས་ཤིང་གཞན་གང་དག་ རྣལ་འབྱརོ ་པའི་ཡེ་ཤེས་ཐབོ ་པར་འདདོ ་པ་དེ་དག་གིས་ཀྱང་ཆསོ ་ཀྱི་རང་བཞིན་དེ་ སྐད་བཤད་པ་ལ་ལྷག་པར་མོས་པར་བྱའ་ོཞེས།ལུང་ཇི་ལྟ་བ་བཞིན་དུ་རྣལ་འབྱོར་ པའི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པའི་སྒ་ོནས་དངསོ ་པ་ོརང་བཞིན་མེད་པར་འཆད་ པར་ཞུགས་པ་ཡིན་གྱི། རང་གི་ཤེས་པ་ལ་ལྟོས་ནས་ནི་མ་ཡིན་ཏེ། ཁོ་བོ་ཅག་ནི་མ་ རིག་པའི་རབ་རིབ་ཀྱིས་བླའོ ་ིམིག་བསྒྲིབས་པ་ཡིན་པའི་ཕྱིར་ར།ོ །ཇི་སྐད་དུ་མད་ོ ལས། ཕུང་པ་ོརང་བཞིན་དབེན་ཞིང་སྟངོ ་པ་ཉིད།།བྱང་ཆུབ་རང་བཞིན་དབེན་ཞིང་སྟངོ ་ པ་ཉིད།།གང་སྤྱདོ ་དེ་ཡང་རང་བཞིན་སྟངོ ་པ་སྟེ།།ཡེ་ཤེས་ལྡན་པས་ཤེས་ཀྱི་བྱིས་པས་ 254

སེམས་བསྐྱེད་པ་དྲུག་པ།
མིན། །ཡེ་ཤེས་རང་བཞིན་སྟོང་པར་རིག་འགྱུར་ཏེ། །ཤེས་བྱའི་རང་བཞིན་སྟོང་པར་ རིག་གྱུར་ནས། །ཤེས་པ་པོ་དང་འདྲ་བར་རྟོགས་གྱུར་ན། །བྱང་ཆུབ་ལམ་ལ་དེ་དག་ སྤྱོད་ཅེས་བྱ། །ཞེས་གསུངས་པ་ལྟ་བུའ།ོ །དེའི་ཕྱིར་འདི་ནི་རྣལ་འབྱོར་པ་རྣམས་ལ་ བརྒལ་ཞིང་བརྟག་པ་མ་ཡིན་ཏེ། དེ་དག་གིས་ནི་ཀུན་རྫོབ་ཏུ་ཡང་ཆོས་འགའ་ཞིག་ [གི་]ལ་ང་ོབསོ ་གྲུབ་པའི་རང་བཞིན་འགའ་ཡང་མ་གཟིགས་ལ།དནོ ་དམ་པར་ཡང་ཡང་ཅི་ཡང་ གཟིགས་པ་མ་ཡིན་ན།ོ །རབ་རིབ་ཅན་ལ་བརྒལ་ཞིང་བརྟག་པ་ལྟར་ཕར་འདུག་ཅིག ། རེ་ཞིག་འདི་ནི་ཁྱདོ ་ཉིད་ལ་ཆེར་བརྒལ་ཞིང་བརྟག་པར་བྱ་བ་ཡིན་ན་ོཞེས་བཤད་པ།
གལ་ཏེ་རྨི་ལམ་དྲི་ཟའི་གྲོང་ཁྱེར་བཅས། ། སྨིག་རྒྱུའི་ཆུ་དང་མིག་འཕྲུལ་གཟུགས་བརྙན་སོགས། ། སྐྱེ་མེད་མཐོང་ན་ཡོད་ཉིད་མིན་མཚུངས་ཀྱང་། ། ཁྱོད་ལ་ཇི་ལྟར་དེར་འགྱུར་དེ་མི་རིགས། །
དཔེར་ན་རྨི་ལམ་དུ་ཁང་ཁྱིམ་དམིགས་པ་དང་། མོ་གཤམ་གྱི་བུ་ཡོད་པ་མ་ཡིན་པ་ ཉིད་དུ་འདྲ་ཡང་རྨི་ལམ་མཐོང་ལ་མོ་གཤམ་གྱི་བུ་མ་ཡིན་པར་འགྱུར། དེ་བཞིན་ དུ་དྲི་ཟའི་གྲོང་ཁྱེར་མཐོང་བ་ལ་ཡང་ངོ་། །སྨིག་རྒྱུའི་ཆུ་ཞེས་བྱ་བ་ནི་སྨིག་རྒྱུ་ལ་ཆུ་ ཞེས་བྱ་བའི་དོན་ནོ། །དེ་བཞིན་དུ་མིག་འཕྲུལ་མཁན་གྱིས་སྤྲུལ་པའི་སྐྱེས་པ་དང་བུད་མེད་ལ་ ཡང་ངོ་། །གཟུགས་བརྙན་ལ་བྱད་བཞིན་དུ་མཐོང་བ་དང། སོགས་ཞེས་བྱ་བའི་སོགས་པའི་ སྒྲས་ནི་བྲག་ཅ་དང་སྤྲུལ་པ་ལ་སོགས་པ་དག་ཡོངས་སུ་བཟུང་ངོ་། །དཔེར་ན་རང་ བཞིན་གྱིས་སྟོང་པ་ཡིན་དུ་ཟིན་ཀྱང་། དེ་དག་མཐོང་གི་མོ་གཤམ་གྱི་བུ་ནི་མ་ཡིན་
255

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ནོ། །དེའི་ཕྱིར་དེ་དག་ཉིད་ལ་བརྒལ་ཞིང་བརྟག་པ་གྱིས་[དང་] ལ། དེ་ནས་ཕྱིས་ང་ ལ་བརྒལ་ཞིག་བརྟག་པར་[འགྱུར་རོ་] བྱའ།ོ །
དེ་ཉིད་དུ་འདི་ཇི་ལྟར་སྐྱེ་མེད་ཀྱང་། ། མོ་གཤམ་བུ་ལྟར་གང་ཕྱིར་འཇིག་རྟེན་གྱི། ། མཐོང་བའི་ཡུལ་དུ་མི་འགྱུར་མ་ཡིན་ན། ། དེ་ཡི་ཕྱིར་ན་སྨྲས་འདི་མ་ངེས་པའ།ོ །
ཞེས་བརྗོད་པར་ནུས་པ་ཡང་ཡིན་ནོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། འགྲོ་བ་ དག་ནི་རྨི་འདྲར་བཤད།།དེ་ཉིད་དུ་ནི་རྣམ་མ་གཞག།རྨི་ལམ་གང་ལའང་དངསོ ་པ་ོ མེད།།ལགོ ་པའི་བླ་ོཅན་མངནོ ་པར་ཞེན།།དྲི་ཟའི་གྲངོ ་ཁྱེར་ཇི་ལྟར་སྣང་གྱུར་ཀྱང་།། གྲངོ ་ཁྱེར་ཕྱགོ ས་བཅུར་ཡདོ ་མིན་གཞན་ནའང་མེད།།གྲངོ ་ཁྱེར་མིང་ཙམ་ཞིག་གིས་ རབ་ཏུ་བཞག །དེ་བཞིན་བདེ་བར་གཤེགས་པས་འགྲོ་འདི་གཟིགས། །ཆུ་ཡི་འདུ་ ཤེས་ཅན་གྱིས་ནི། །མཐོང་ཡང་སྨིག་སྒྱུ་ལ་ཆུ་མེད། །དེ་བཞིན་ཡོངས་སུ་རྟོགས་པས་ བཀྲུས། །སྡུག་པ་མིན་པར་སྡུག་པར་རྟོག །མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་ རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ ཤེས་པར་གྱིས། །ཞེས་གསུངས་པའི་ལུང་ལས་ན་གཟུགས་ལ་སོགས་པ་རྣམས་རང་ བཞིན་གྱིས་མ་སྐྱེས་པ་ཡིན་བཞིན་དུ་འཇིག་རྟེན་གྱི་འཛིན་པའི་ཡུལ་ཉིད་དུ་འགྱུར་ ལ།མ་ོགཤམ་གྱི་བུ་ནི་མ་ཡིན་པས་འདི་ནི་ཁྱདོ ་ལ་རང་ཉིད་ལས་མ་ངེས་པ་ཡིན་ན།ོ། ཁ་ོ བ་ོ ཅག་ལ་ནི་འདི་བརྩད་དུ་མེད་པ་ཉིད་དེ་འདི་ལྟར་ཁ་ོ བ་ོ ཅག་གིས་ནི་གཟུགས་ 256

སེམས་བསྐྱེད་པ་དྲུག་པ།
ལ་སགོ ས་པ་རྣམས་ཀུན་རྫབོ ་ཏུ་རང་བཞིན་གྱིས་སྐྱེ་བར་ཁས་བླངས་ནས་དནོ ་དམ་ པར་འགོག་པ་མ་ཡིན་ནོ། །
ཁྱོད་ཀྱི་ལུགས་ཀྱིས་གཟུགས་སོགས་རྣམས་ཀུན་རྫོབ་ཏུ་རང་བཞིན་གྱིས་སྐྱེ་བར་དམིགས་ནས། དོན་ དམ་དུ་འགོག་པ་མིན་པ་དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར།
མོ་གཤམ་བུ་ལ་རང་གི་བདག་ཉིད་ཀྱི། ། སྐྱེ་བ་དེ་ཉིད་དུ་མེད་འཇིག་རྟེན་དུའང་། ། ཡོད་མིན་དེ་བཞིན་དངོས་འདི་ཀུན་ངོ་བོ། ། ཉིད་ཀྱིས་འཇིག་རྟེན་དེ་ཉིད་དུ་མ་སྐྱེས། །
ཞེས་གསུངས་པས།དངསོ ་པ་ོརྣམས་རང་གི་ང་ོཉིད་ཀྱིས་སྐྱེ་བར་འཛིན་པའི་འཁྲུལ་ངརོ ་ཡདོ ་པ་ལ་དབུ་མ་པས། ཀུན་རྫོབ་ཏུ་ཡོད་པར་གཏན་མི་འདོད་ལ། ངོ་ཉིད་ཀྱིས་སྐྱེ་བ་ཞེས་དགག་བྱ་ལ་ཁྱད་པར་གསལ་བར་སྦྱར་བ་ རྣམས་དྲན་པར་བྱའ།ོ །གང་གི་ཕྱིར་དེ་ལྟར་ཡིན་པ།
དེ་ཕྱིར་འདི་ལྟར་སྟོན་པས་ཆོས་རྣམས་ཀུན། ། གདོད་ནས་ཞི་ཞིང་སྐྱེ་བྲལ་རང་བཞིན་གྱིས། ། ཡོངས་སུ་མྱ་ངན་འདས་པ་གསུངས་གྱུར་པ། ། དེ་ཕྱིར་རྟག་ཏུ་སྐྱེ་བ་ཡོད་མ་ཡིན། །
གང་གི་ཕྱིར་ཆསོ ་རྣམས་ཀུན་གདདོ ་མ་ནས་ཞི་ཞིང་རང་བཞིན་གྱིས་སྐྱེ་བ་དང་བྲལ་བ་དང། རང་བཞིན་ གྱིས་ཡངོ ས་སུ་མྱ་ངན་ལས་འདས་པའ།ོ །ཞེས་གསུངས་པ་དེ་ལྟ་བུའི་ལུང་ཡདོ ་པ་དེའི་ཕྱིར། དུས་རྟག་ ཏུ་རང་བཞིན་གྱིས་སྐྱེ་བ་ཡདོ ་པ་མ་ཡིན་ན།ོ །ལུང་བརྗདོ ་པ་སྟེ་གསུངས་ཚུལ་ནི། དཀནོ ་མཆགོ ་
257

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
སྤྲིན་ལས།ཆསོ ་ཀྱི་འཁརོ ་ལ་ོབསྐརོ ་བ་ན།།གདདོ ་ནས་ཞི་ཞིང་མ་སྐྱེས་པ།།རང་བཞིན་ མྱ་ངན་འདས་པ་ཡི།།ཆསོ ་རྣམས་མགནོ ་པ་ོཁྱདོ ་ཀྱིས་སྟནོ །།ཞེས་བྱ་བ[འ་ོ]གསུངས་ས།ོ། དེ་ཡང་ཆསོ ་རྣམས་ཀྱི་དེ་ཁ་ོན་ཉིད་ནི་ཡེ་ཤེས་ཞི་བའི་ཡུལ་ཡིན་པའི་ཕྱིར་ཆསོ ་ཐམས་ཅད་ ཞི་བའ།ོ །ཡང་ཅིའི་ཕྱིར་ཡེ་ཤེས་ཞི་བའི་ཡུལ་ཡིན་ཅེ་ན། མ་སྐྱེས་པ་ཞེས་བྱ་བ་སྨོས་ ཏེ། མ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་མ་སྐྱེས་པ་དེའི་ཕྱིར་ཡེ་ ཤེས་ཞི་བའི་ཡུལ་ལ།ོ །ཡང་ཅིའི་ཕྱིར་མ་སྐྱེས་ཤེ་ན། གང་གི་ཕྱིར་རང་བཞིན་མྱ་ངན་ འདས་པ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་འགའ་ཞིག་ལ་རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་གྲུབ་ པ་ཡདོ ་ན་དེ་སྐྱེ་བར་འགྱུར་བ་[ཞིག་]ན།རང་བཞིན་དེ་ཡང་ཡདོ ་པ་མ་ཡིན་པས་ཅི་ ཞིག་སྐྱེ་བར་འགྱུར།འདིས་ནི་དུས་ཐམས་ཅད་དུ་མ་སྐྱེས་པར་སྟནོ ་པ་ཡིན་ཏེ།སྔར་ ཡང་མ་བྱུང་བ་ལས་ཕྱིས་འབྱུང་བ་མ་ཡིན་ཞིང་ཕྱིས་བྱུང་ནས་ཀྱང་ཡང་འགྱུར་བ་ ནི་མ་ཡིན་ཏེ།འ་ོན་ཅི་ཞེ་ན།རང་བཞིན་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ སྟེ་རྣམ་པར་དག་པའ།ོ །གདོད་ནས་ཞེས་བྱ་བ་སྨོས་པས་ནི་ཆོས་དེ་དག་རྣལ་འབྱོར་པའི་ ཡེ་ཤེས་ཀྱི་གནས་སྐབས་ཁོ་ནར་མ་སྐྱེས་པ་ནི་མ་ཡིན་ཏེ།འ་ོན་ཅི་ཞེ་ན།དེའི་གོང་ རོལ་འཇིག་རྟེན་པའི་ཐ་སྙད་ཀྱི་གནས་སྐབས་སུ་ཡང་ཆོས་དེ་དག་རང་གི་བདག་ ཉིད་ཀྱིས་མ་སྐྱེས་པའ་ོ ཞེས་བྱ་བ་འདི་སྟོན་པར་བྱེད་དོ། །གདོད་ཀྱི་སྒྲ་ནི་དང་པོའ་ི སྒྲའི་རྣམ་གྲངས་ཏེ། འཇིག་རྟེན་གྱི་ཐ་སྙད་ཀྱི་གནས་སྐབས་བརྗོད་དོ་ཞེས་བྱ་བར་ ཤེས་པར་བྱའ།ོ །དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་ཆོས་རྣམས་ཁྱོད་ཀྱིས་ བསྟན་ཏོ་ཞེས་ཡོན་ཏན་ཕུལ་དུ་བྱུང་བ་བརྗོད་པའི་སྒོ་ནས་བཅོམ་ལྡན་འདས་ལ་ 258

སེམས་བསྐྱེད་པ་དྲུག་པ།
བྱང་ཆུབ་སེམས་དཔའ་འཕགས་པ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བསྟོད་ པ་ཡིན་ནོ། །རང་གི་སྡེ་པ་རྣམས་ཀྱིས་༼ཁ འདི་༼ཀ ནི་དོན་དམ་དུ་མེད་ན། ཀུན་རྫོབ་ཏུ་ ཡང་མེད་དོ་ཞེས་པའི་བརྒལ་བ་༼ག བྱ་བ་མ་ཡིན་པ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན། གང་གི་ ཕྱིར་དེ་དག་གིས་ཁས་བླངས་པ།
བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང་། ། འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན། ། དེ་བཞིན་དངོས་པོ་ཐམས་ཅད་འགྱུར་བས་ན། ། མོ་གཤམ་བུ་དང་མཚུངས་པར་ཐལ་མི་འགྱུར། །
ཅི་སྟེ་གལ་ཏེ་བུམ་པ་ལ་སོགས་པར་གདགས་པའི་རྟེན་ས་དང་ཆུ་དང་མེ་དང་རླུང་སྟེ་ འབྱུང་བ་བཞི་དང་། གཟུགས་དང་དྲི་དང་རོ་དང་རེག་བྱ་ཏེ་འབྱུང་འགྱུར་བཞི་ལ་སོགས་པ་ རྣམས་རྫས་གྲུབ་ཏུ་ཡདོ་པ་དེའི་ཕྱིར།བུམ་པ་ལ་སགོ ས་པར་བཏགས་པ་ནི་རྒྱུའམ་གཞི་དང་ བཅས་པ་ཞེས་བྱ་བར་རིགས་ན། དབུ་མ་གང་གི་ལྟར་ན་ཆོས་ཐམས་ཅད་བཏགས་པ་ ཙམ་ཁོ་ན་ཡིན་གྱི། བཏགས་པའི་རྟེན་རྫས་ཅི་ཡང་མེད་པ་དེ་ལ་ནི་མོ་གཤམ་གྱི་བུ་ དང་འདྲ་བར་ཐལ་བ་བཟླགོ ་པ་མེད་པ་ཉིད་ད་ོསྙམ་ན།དེ་ཡང་མི་རིགས་ཏེ།བཏགས་ པའི་རྟེན་རྫས་སྒྲུབ་པར་མི་ནུས་པའི་ཕྱིར་རོ། །ཇི་སྐད་དུ། གཟུགས་ལ་སོགས་པ་མ་ གཏོགས་པར། །ཇི་ལྟར་བུམ་པ་ཡོད་མིན་ལྟར། །དེ་བཞིན་རླུང་སོགས་མ་གཏོགས་ པར། །གཟུགས་ཀྱང་ཡདོ ་པ་མ་ཡིན་ན།ོ །ཞེས་བྱ་བ་དང་། དེ་བཞིན་དུ། ས་ཆུ་མེ་དང་ རླུང་རྣམས་ནི། །རེ་རེ་ངོ་བོ་ཉིད་དུ་མེད། །གང་གསུམ་མེད་པར་རེ་རེ་མེད། །གཅིག་
259

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
མེད་པར་ཡང་གསུམ་མེད་ད།ོ །གལ་ཏེ་གསུམ་མེད་རེ་རེ་མེད། །གཅིག་མེད་པར་ཡང་ གསུམ་མེད་ན། །སོ་སོ་རང་ཡོད་མ་ཡིན་ཏེ། །ཅི་ལྟར་འདུས་པ་སྐྱེ་བར་འགྱུར། །ཞེས་ བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་རྟག་པ་ལས་མི་རྟག་པ་སྐྱེ་བར་མི་འདོད་པ་ དེ་བཞིན་དུ་རྫས་སུ་ཡོད་པ་ལས་ཀྱང་རྫས་སུ་མེད་པ་སྐྱེ་བར་མི་རིགས་ཏེ། ཇི་སྐད་ དུ། དངོས་པོ་རྟག་པ་ལས་བྱུང་བ། །མི་རྟག་པར་ནི་ཇི་ལྟར་འགྱུར། །རྒྱུ་འབྲས་མཚན་ ཉིད་མི་མཐུན་པ། །ནམ་ཡང་མཐོང་བ་མ་ཡིན་ནོ། །ཞེས་གསུངས་སོ། །དེའི་ཕྱིར་དེ་ ལྟར་དཔེར་ན་བརྟགས་པར་ཡོད་པ་བཞིན་ལ་སོགས་པའི་ཚོགས་པ་ལ་བརྟེན་ནས་ མེ་ལོང་ལ་གཟུགས་བརྙན་བརྟགས་པ་ཙམ་དམིགས་པ་དང་། བརྟགས་པར་ཡོད་ པ་ཀ་བ་ལ་སོགས་པ་ལ་བརྟེན་ནས་ཁྱིམ་དུ་བཏགས་པ་དང་། དེ་བཞིན་དུ་ཤིང་གི་ རྟེན་ཅན་ནགས་བརྟགས་པ་དང་ཇི་ལྟར་རྨི་ལམ་ན་མ་སྐྱེས་པའི་རང་བཞིན་ཅན་གྱི་ ས་བནོ ་ལས་མ་སྐྱེས་པའི་རང་བཞིན་ཅན་གྱི་མྱུ་གུ་སྐྱེ་བར་དམིགས་པ་དེ་བཞིན་དུ། དངོས་པོ་བརྟགས་པར་ཡོད་པ་ཐམས་ཅད་ཀྱི་བརྟགས་པ་སྟེ་གདགས་གཞི་ཡང་དངོས་ པ་ོབརྟགས་པར་ཡདོ ་པའི་རྟེན་ཅན་དུ་རིགས་ཏེ།ཇི་སྐད་དུ།ཇི་ལྟར་སྟནོ ་པས་སྤྲུལ་ པ་ནི། །ཞེས་བྱ་བ་ལ་སོགས་པ་ནས། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྨིག་རྒྱུ་རྨི་ལམ་ འདྲ་བ་ཡིན། །ཞེས་བྱ་བའི་བར་དུ་གསུངས་ས།ོ །དེའི་ཕྱིར་འདི་བརྒལ་བ་མ་ཡིན་ན།ོ །
འདིར་སྨྲས་པ། གལ་ཏེ་ཁྱོད་ཀྱིས་བདག་དང་གཞན་དང་གཉི་ག་དང་རྒྱུ་ མེད་པ་ལས་སྐྱེ་བ་བདེན་གཉིས་ཀྱི་ཕྱགོ ས་གཉི་གར་ཡང་བཀག་ནས།མ་རིག་པ་དང་ལ་ སོགས་པས་འདུ་བྱེད་༼ཁ ལ་སོགས་པ་དང་། ས་བོན་ལ་སོགས་པ་[དག་]ལས་༼ཀ རྣམ་ 260

སེམས་བསྐྱེད་པ་དྲུག་པ།
པར་ཤེས་པ་[དང་] ༼ག མྱུ་གུ་ལ་སོགས་པ་ཀུན་རྫོབ་ཏུ་སྐྱེ་བ་ཅི་ལྟར་ངེས་པར་བྱ། དེ་བརྗོད་པར་བྱ་སྟེ།
གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི ། རྒྱུ་ལ་སོགས་དང་བདག་གཞན་གཉི་ག་ལས། ། དངོས་རྣམས་སྐྱེ་བར་འགྱུར་བ་མ་ཡིན་པ། ། དེ་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར། །
གང་གི་ཕྱིར་ན་སྔར་ཇི་སྐད་བཤད་པའི་ཚུལ་གྱིས་དངོས་པོ་རྣམས་ཀྱི་སྐྱེ་བ་རྒྱུ་མེད་ པར་ངོ་བོ་ཉིད་ལས་བྱུང་བ་ཡོད་པ་མ་ཡིན་ལ། དབང་ཕྱུག་དང་དུས་དང་རྡུལ་དང་ རང་བཞིན་དང་སྐྱེས་བུ་དང་སྲེད་མེད་ཀྱི་བུ་ལ་སོགས་པ་རྣམས་ལས་ཀྱང་མ་ཡིན་ ཞིང་། བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བ་ཡང་མ་ཡིན་པ་དེའི་ཕྱིར། རྒྱུ་དང་ རྐྱེན་འདི་ལ་བརྟེན་ནས་འབྲས་བུ་འདི་འབྱུང་བ་ཞིག་སྟེ། མཐའ་བཞིའི་སྐྱེ་བ་སྤངས་པ་དེ་ཙམ་ ཞིག་ལ་འཇིག་རྟེན་གྱི་རྒྱུ་འབྲས་ཀྱི་ཐ་སྙད་མི་བཅད་པའི་དནོ ་དུ་བརྟེན་ཏ།ོ །ཇི་སྐད་དུ་ བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་ཀྱི་བརྡ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་ན་ འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ རྣམས་ཞེས་བྱ་བ་ལ་སགོ ས་པ་གསུངས་ས།ོ །དེ་བཞིན་དུ་རིན་ཆེན་ཕྲེང་བ་ལས། འདི་ཡདོ ་ པས་ན་འདི་འབྱུང་དཔེར།།རིང་པ་ོཡདོ ་ན་ཐུང་ངུ་བཞིན།།འདི་སྐྱེས་པས་ན་འདི་སྐྱེ་ དཔེར། །མར་མེ་འབྱུང་བས་འདོ ་བཞིན་ན།ོ །ཞེས་བྱ་བ་དང་། བསྟན་བཅསོ ་རྩ་ཤེ་ལས་ ཀྱང་། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་
261

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །དེ་བཞིན་ཉེར་ལེན་ཤེས་ པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །བྱེད་པ་པོ་དང་ལས་དག་གིས། །དངོས་ པོ་ལྷག་མ་ཤེས་པར་བྱ། །ཞེས་བྱ་བ་འདི་ཙམ་ཞིག་ཁ་ོ ན་གསུངས་ཀྱི་མཐའ་བཞིའི་སྐྱེ་བ་མ་ གསུངས་ས།ོ །དེ་ལྟར་རྐྱེན་ཉིད་འདི་པ་ཙམ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་བཤད་པ་ ན། རྒྱུ་མེད་པར་སྐྱེ་བ་ལ་སོགས་པའི་རྟོག་པ་འདི་དག་མི་སྲིད་པ་འབའ་ཞིག་ཏུ་མ་ ཟད་ཀྱི། རང་བཞིན་གྱིས་ཡོད་པར་སྒྲོ་འདོགས་པའི་རྟག་པ འི་ལྟ་བ་དང་། བྱ་བྱེད་མི་འཐད་པའི་ཆད་ པར་ལྟ་བ་དང་།དུས་སྔ་མ་ན་ཡདོ ་པ་དེ་ཉིད་དུས་ཕྱི་མ་རྣམས་སུའང་ཡདོ ་པའི་རྟག་པ་དང་།རང་བཞིན་ གྱིས་སྔ་ཕྱི་ས་ོས་ོབའི་སྐད་ཅིག་མའི་མི་རྟག་པ་དང་།དངསོ ་པ་ོདང་དངསོ ་པ་ོམེད་པ་གཉིས་ང་ོ བོ་ཉིད་ཀྱིས་གྲུབ་པ་ལ་སོགས་པ ར་རྟོག་པ འང་བརྟགས་པའི་ཡུལ་གཞན་དག་ཀྱང་། མི་སྲིད་ པ་ཉིད་དོ་ཞེས་བསྟན་པའི་ཕྱིར་བཤད་པ།
གང་ཕྱིར་དངོས་པོ་རྟེན་ནས་རབ་འབྱུང་བས། ། རྟོག་པ་འདི་དག་བརྟག་པར་མི་ནུས་པ། ། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། ། ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །
གང་གི་ཕྱིར་རྒྱུ་འདི་ལ་བརྟེན་ནས་འབྲས་བུ་འདི་རབ་ཏུ་འབྱུང་ང་ོ ཞེས་བྱ་བའི་རིགས་པ་ འདི་ཙམ་ཞིག་གིས་དངོས་པོ་ཀུན་རྫོབ་པ་རྣམས་ཀྱིས་བདག་གི་དངོས་པོ་ཡོད་པ་ འཐབོ ་ཀྱི།གཞན་དུ་མ་ཡིན་པ་དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་ པ་ཙམ་གྱིས་རིགས་པ་འདི་ཡིས་ནི་ཇི་སྐད་བཤད་པའི་བདག་གཞན་ལས་སྐྱེ་བ་ལ་སགོ ས་པར་ 262

སེམས་བསྐྱེད་པ་དྲུག་པ།
ལྟ་བའི་ལྟ་བ་ངན་པའི་དྲྭ་བ་མཐའ་དག་གཅདོ ་པ་ཡིན་ན།ོ །འདི་ལྟར་རྐྱེན་ཉིད་འདི་པ་ ཙམ་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བའི་དནོ ་དུ་རྣམ་པར་འཇགོ ་པའི་དབུ་མ་པས་ནི། དངསོ ་པོ་འགའ་ལ་ཡང་རང་བཞིན་གྱིས་གྲུབ་པ་ཁས་མི་བླངས་ཏེ། འདི་སྐད་དུ་རིགས་པ་ དྲུག་ཅུ་པ་ལས། དེ་དང་དེ་བརྟེན་གང་འབྱུང་བ།།རང་གི་ང་ོབརོ ་དེ་མ་སྐྱེས།།རང་གི་ང་ོ བརོ ་མ་སྐྱེས་གང་།།དེས་ནི་སྐྱེས་ཞེས་ཇི་སྐད་བྱ།།ཞེས་བརྟེན་ནས་སྐྱེས་པ་ནི་རང་གི་ང་ོབ་ོཉིད་ ཀྱིས་མ་སྐྱེས་པ་དང། དེ་ལྟ་ཡིན་ན་མྱུ་གུ་ལ་སོགས་པ་རང་གི་ངོ་བོ་ཉིད་ཀྱིས་སྐྱེས་པར་ཇི་སྐད་དུ་བརྗོད་པར་ བྱ་ཞེས་བྱ་བ་དང་། དེ་བཞིན་དུ་རྩ་ཤེ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྒྱུར་བཅས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ ཡིན་ནོ། །ཞེས་རྟེན་འབྱུང་ཡིན་པ་ཉིད་ཀྱིས་རང་བཞིན་གྱིས་གྲུབ་པས་སྟོང་པར་གསུངས་[སོ་] ཤིང། མད་ོསྡེ་ལས་ཀྱང་།གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས།།དེ་ལ་སྐྱེ་བའི་རང་བཞིན་ ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་ དེ་བག་ཡོད་ཡིན། །ཞེས་གསུངས་སོ། །རྐྱེན་ལས་སྐྱེས་པ་ནི་གཏན་ཚིགས་སོ། བསྒྲུབ་པར་བྱ་བ་མ་ སྐྱེ་ཞེས་པའི་དནོ ་ནི་རྐང་པ་གཉིས་པས་བསྟན་ཏེ།རང་བཞིན་གྱིས་མ་སྐྱེས་ཏེ་ཞེས་པའི་དནོ ་ཡིན་གྱི།དགག་བྱ་ ལ་ཁྱད་པར་མ་སྦྱར་བ་མིན་ཏེ།ལང་གཤེགས་ཚིག་གསལ་ཏུ་དྲངས་པ་ལས།བླ་ོགྲསོ ་ཆེན་པ་ོརང་བཞིན་གྱིས་མ་ སྐྱེས་པ་ལ་དགངོ ས་ནས།ངས་ཆསོ ་ཐམས་ཅད་མ་སྐྱེས་པའ་ོ།།ཞེས་བསྟན་ཏེ།ཞེས་སངས་རྒྱས་ཉིད་ཀྱིས་རང་གི་ དགངོ ས་པ་རང་གིས་བླངས་པའི་ཕྱིར་ར།ོ །དེའི་ཕྱིར་རིགས་པའི་རྒྱལ་པ་ོ རྟེན་འབྱུང་གི་རིགས་པ་ཉིད་ཀྱིས། རང་ བཞིན་གྱིས་སྐྱེ་བ་འགགོ ་པ་འདི་ཉིད་བཅནོ ་ལྡན་འདས་ཀྱིས་གསུངས་པས་ཐུགས་འཕྲགོ ས་ནས།རྩ་ཤེ་དངརིགས་ པ་དྲུག་ཅུ་པ་སོགས་གཞུང་དུ་མར། འཕགས་པས་བཅོམ་ལྡན་འདས་ལ་རྟེན་འབྱུང་གསུངས་པ་ཉིད་ཀྱི་སྒོ་ནས་
263

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
བསྟདོ ་པ་མཛད་པ་ལ།བརྟེན་ནས་སྐྱེས་པ་ཉིད་ཀྱིས་མ་སྐྱེས་ས་ོཞེས་པའི་མུན་སྤྲུལ་གང་ཅི་ཡང་རུང་བ་ཤེས་རབ་ ཅན་གྱིས་སྨྲ་བར་མི་བྱའ།ོ །གང་གི་ཚེ་དེ་ལྟར་དངོས་པོ་རང་བཞིན་གྱིས་གྲུབ་པ་ཁས་མ་བླངས་ པ་དེའི་ཚེ་རང་བཞིན་མེད་པ་ན་ཇི་སྐད་བཤད་པ་བདག་དང་གཞན་ལས་སྐྱེ་བ་ལ་སོགས་ པ་རྣམས་གང་ཞིག་ཏུ་འབྱུང་བར་འགྱུར། གལ་ཏེ་རང་བཞིན་གྱིས་གྲུབ་པ་འགའ་ཞིག་ ཡདོ ་ན་ནི།དེ་ཡི་ཚེ་སྐྱེ་བའང་ང་ོབ་ོཉིད་ལས་འབྱུང་བར་འགྱུར་བའམ།བདག་དང་ གཞན་དང་གཉི་ག་དང་དབང་ཕྱུག་ལ་སགོ ས་པ་དག་ལས་གྱུར་ཞིང་།སྐྱེས་ཟིན་པ་མི་ འཇིག་པར་གནས་པས་རྟག་པ་དང་།འཇིག་པས་ཆད་པ་ལ་སགོ ས་པར་རྟགོ ་པ་བྱུང་བ་ སྲིད་པ་ཞིག་ན། དེ་ལས་རྣམ་པ་གཞན་དུ་ནི་མ་ཡིན་ན་ོ ཞེས་བསྟན་པའི་ཕྱིར་བཤད་པ།
རྟོག་རྣམས་དངོས་པོ་ཡོད་ན་འགྱུར་བ་སྟེ། ། དངོས་པོ་ཇི་ལྟར་ཡོད་པར་ཡོངས་དཔྱད་ཟིན། ། དངོས་པོ་མེད་པར་འདི་རྣམས་མི་འབྱུང་དཔེར། ། བུད་ཤིང་མེད་པར་མེ་ཡོད་མིན་དེ་བཞིན། །
གང་གི་ཕྱིར་ཇི་སྐད་བཤད་པའི་རིགས་པས་རང་བཞིན་གྱིས་གྲུབ་པའི་དངོས་པོ་སྲིད་པ་ རྣམ་པ་ཐམས་ཅད་དུ་ཡདོ ་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར།དེ་ཁ་ོན་ཉིད་ཀྱི་དནོ ་གཏན་ལ་ཕབ་ པ་གམོ ས་པ་ལས་རྣལ་འབྱརོ ་པ་འཕགས་པའི་ལམ་མངནོ ་སུམ་དུ་མཛད་པར་གྱུར་པ་མཉམ་ བཞག་གི ས་སྣང་བའི་སྤྲོས་པ་མ་གཟིགས་པའི་ཚུལ་གྱིས་དེ་ཁོ་ན་ཉིད་གཟིགས་པ་དག་ གི་ཆོས་གང་ལ་ཡང་དངོས་པོ་རྡུལ་ཙམ་ཡང་མི་དམིགས་ཤིང་། གཟུགས་དང་ཚོར་ བ་དང་དགེ་བ་དང་མི་དགེ་བ་དང་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་
264

སེམས་བསྐྱེད་པ་དྲུག་པ།
རྟོགས་པའི་འདུ་བྱེད་ཐོག་མ་མེད་པ་ནས་གོམས་པ་རྣམས་ཀྱང་དེ་དག་ལས་ལོག་ པར་འགྱུར་ཏེ། དཔེར་ན་མིག་སྨན་བསྐུས་པས་སྐྲ་ཤད་ལ་སོགས་པར་རྟོག་པ་སྟེ་སྣང་ བ་ལགོ ་པ་ཉིད་རབ་རིབ་ཅན་ལ་འབྲས་བུར་འགྱུར་གྱི་སྐྲ་ཤད་ལ་སགོ ས་པ་རང་བཞིན་ གཞན་[གྱི་] ཞིག་ཏུ་སོང་བའི་སྒོ་ནས་དེའི་ཡུལ་ཉིད་དུ་འགྱུར་བ་ནི་མ་ཡིན་པ་བཞིན་ནོ། །
དེའི་ཕྱིར།
སོ་སོའ་ིསྐྱེ་བོ་རྣམས་ནི་རྟོག་པས་བཅིངས། ། མི་རྟོག་རྣལ་འབྱོར་པ་ནི་གྲོལ་འགྱུར་བས། ། རྟོག་རྣམས་ལོག་པར་འགྱུར་བ་གང་ཡིན་དེ། ། རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུངས། །
གང་གི་ཕྱིར་སོ་སོའ་ི སྐྱེ་བོ་ཆོས་ཉིད་འདི་སྔར་བཤད་པ་དེ་ལྟར་མི་ཤེས་པ་རྣམས་ནི་གཙོ་ བོར་མཐར་འཛིན་གྱི་རྟོག་པ་ཁོ་ནས་བཅིངས་པ་དེའི་ཕྱིར། ཆོས་ཉིད་འདི་དེ་ལྟར་ཐུགས་ སུ་ཆུད་པ ས་ཕྱིན་ཅི་ལོག་ཏུ་རྣམ་པར་མི་རྟོག་པ་ན་འཕགས་པ་རྣམས་རྣམ་པར་གྲོལ་བར་ འགྱུར་[ཏེ་] བས། དེའི་ཕྱིར་མཐར་འཛིན་པའི་རྟོག་པ་རྣམས་ཀྱི་འཛིན་སྟངས་ཀྱི་ཡུལ་མ་ལུས་ པ་བཀག་པ ས་རྟོག་པ་ལོག་པར་འགྱུར་བ་དེ་ཉིད་སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ ལས་བཤད་པའི་རྣམ་པར་དཔྱད་པའི་འབྲས་བུར་རྣམ་པར་གཞག་གོ །ཇི་སྐད་དུ་བརྒྱ་ པ་ལས་ཀྱང། དངོས་པོ་རང་བཞིན་གྱིས་ཡོད་ན།།སྟོང་མཐོང་ཡོན་ཏན་ཅི་ཞིག་ཡོད།། རྟགོ ་པས་མཐངོ ་བ་འཆིང་བ་སྟེ།།དེ་ཉིད་འདིར་ནི་འགགོ ་པ་ཡིན།།ཞེས་ཆསོ ་རྣམས་རང་ བཞིན་གྱིས་ཡདོ ་ན་དེ་ཉིད་གཤིས་ཡིན་པས་དེ་མཐངོ ་བ་མཛེས་ཀྱི།རང་བཞིན་གྱི་སྟངོ ་པ་མཐངོ ་བ་ལ་ཡནོ ་ཏན་
265

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
མེད་དོ། །དེའི་ཕྱིར་རྟོག་པས་མཐོང་བ་སྟེ། རང་བཞིན་གྱིས་ཡོད་པར་བཟུང་བས་འཆིང་བ་ཡིན་པས། དེའི་ཞེན་ ཡུལ་དབུ་མའི་བསྟན་བཅོས་འདིར་དགག་པར་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར།
བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །
མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། ། དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ལས། རིགས་པས་རྣམ་པར་ དཔྱད་པ་ཤིན་ཏུ་རྒྱ་ཆེར་མཛད་པ་གང་ཡིན་པ་དེ་ནི་རྩོད་ལ་ཆགས་པ་སྟེ། གཞན་ ཟིལ་གྱིས་མནོན་པར་འདོད་པས་མ་མཛད་དོ་ཞེས་བྱ་བར་ཤེས་པར་བྱ་སྟེ། རྣམ་ པར་དཔྱོད་པ་མཛད་པ་ན་དབུ་མའི་བསྟན་བཅོས་ལས་དེ་ཁོ་ན་ཉིད་བསྟན་པ་ནི། སེམས་ཅན་གྱིས་དེ་ཁོ་ན་ཉིད་འདི་ལྟ་བུ་ཕྱིན་ཅི་མ་ལོག་པར་རྟོགས་ནས་ཐར་པ་ ཐོབ་པར་གྱུར་ན་ཅི་མ་རུང་ཞེས་སྐྱེ་བོ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་མཛད་ པ་ཡིན་ན།ོ །གལ་ཏེ་ཁྱདོ ་ཀྱིས་དངསོ ་པརོ ་སྨྲ་བ་རྣམས་ཀྱི་རྒལོ ་བ་ཇི་ལྟར་བརྟགས་པ་ཐམས་ ཅད་བཀོད་ཅིང་བསྟན་བཅོས་ལས་བཀག་པ་མ་ཡིན་ནམ། དེའི་ཕྱིར་བསྟན་བཅོས་ ཀྱི་འཇུག་པ་ནི་རྩོད་པའི་ཕྱིར་ཡིན་པས་རྟོག་པ་ལྡོག་པ་ཙམ་ཞིག་ཁོ་ན་འབྲས་བུར་ ཅི་ལྟར་རྣམ་པར་གཞག་ཅེ་ན། བརྗོད་པར་བྱ་སྟེ། རྣམ་པར་དཔྱད་པ་འདི་ནི་རྩོད་ པའི་ཕྱིར་མཛད་པ་མ་ཡིན་མདོ ་ཀྱི།འནོ ་ཀྱང་དེ་ཁ་ོན་ཉིད་ཉེ་བར་བསྟན་པ་ན་གཞན་ ཕྱོགས་རང་བཞིན་གྱིས་སྟོབས་ཆུང་བས་གཞན་གྱི་གཞུང་ལུགས་རྣམས་བདག་ཉིད་ ཐེན་མི་འཛུགས་ཤིང་། སྣང་བ་ཉེ་བ་ན་མུན་པ་ལྟར་རང་ཉིད་འཇིག་པར་འགྱུར་བ་ དེས་ན་ཁོ་བོ་ཅག་ལ་སྐྱོན་མེད་པ་ཉིད་དོ་ཞེས་བཤད་པ།
266

སེམས་བསྐྱེད་པ་དྲུག་པ།
གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །
གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། ། ཇི་སྐད་དུ་བརྒྱ་པ་ལས། ཆསོ ་འདི་དེ་བཞིན་གཤེགས་རྣམས་ཀྱིས།།རྩདོ ་པ་མཛད་ཕྱིར་ གསུངས་མ་ཡིན།།འནོ ་ཀྱང་མེ་ཡིས་བུད་ཤིང་ལྟར།།འདི་ཡིས་ཕས་ཀྱི་རྒལོ ་བ་སྲེག། ཅེས་མེ་བུས་པ་བཏུང་བ་བསྐལོ ་བའི་ཕྱིར་དུ་བྱས་ཀྱི་ཐལ་བ་དང་སལོ ་བའི་ཕྱིར་དུ་བྱས་པ་མིན་ཀྱང།དེ་དག་ ཀྱང་ཞར་ལ་བྱུང་བའི་དཔེས་གསུངས་ས།ོ །གལ་ཏེ་དེ་ལྟ་མ་ཡིན་ཏེ། རྩདོ ་པ་ལ་ཆགས་པའི་ཕྱིར་ ཆོས་ཉེ་བར་བསྟན་པ་གྱུར་ན་ནི། དེའི་ཐེ་ཚོམ་མེད་པར་གཞན་གྱི་ཕྱོགས་སྐྱོན་དང་ ལྡན་པ་ལ་སྡང་ཞིང་།རིགས་པ་དང་ལྡན་པའི་རང་གི་ཕྱགོ ས་ལ་རྗེས་སུ་ཆགས་པར་ འགྱུར་བས་རྟོག་པ་ལྡོག་པ་ཉིད་མི་སྲིད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར།
རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །
གཞན་གྱི་ལྟ་ལ་འཁྲུག་གང་རྟོག་པ་ཉིད། །
དེའི་ཕྱིར་ཁྲ་ོཆགས་ཀྱི་རྟགོ ་པ་མ་ལགོ ་པར་འཕེལ་བས་བཅིངས་པ་ཉིད་དུ་འགྱུར་གྱི་ཐར་ བ་ནི་མ་ཡིན་ནོ། །གང་གི་ཚེ་ཆོས་འདི་རྩོད་པའི་ཕྱིར་བསྟན་པ་མ་ཡིན་པ་དེའི་ཚེ། དེའི་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམ་བསལ་ཏེ། །
རྣམ་དཔྱོད་པ་ན་མྱུར་དུ་གྲོལ་བར་འགྱུར། ། ཇི་སྐད་དུ་རིགས་པ་དྲུག་ཅུ་པ་ལས། རྩོད་མེད་ཆེ་བའི་བདག་ཉིད་ཅན། །དེ་དག་ལ་ནི་ ཕྱོགས་མེད་དོ། །གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། ། ཅེས་བྱ་བ་དང་།དེ་བཞིན་དུ་བརྒྱ་པ་ལས།རང་གི་ཕྱགོ ས་ལ་ཆགས་ཡདོ ་ཅིང་།།གཞན་
267

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཕྱགོ ས་ལ་ཁྱདོ ་མི་དགའ་ན།།མྱ་ངན་འདས་པར་མི་འགྲ་ོསྟེ།།གཉིས་སྤྱདོ ་ཞི་བར་ཡངོ ་ མི་འགྱུར། །ཞེས་གསུངས་སོ། །མདོ་སྡེ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། གང་ཞིག་ཆོས་ འདི་ཐོས་ནས་ཆགས་བྱེད་ཅིང་། །ཆོས་མ་ཡིན་པ་ཐོས་ནས་ཁོང་ཁྲོ་བྱེད། །ང་རྒྱལ་ རྒྱགས་པས་བཅོམ་པས་ལོག་པ་སྟེ། །ང་རྒྱལ་དབང་གིས་སྡུག་བསྔལ་རྗེས་སུ་མྱོང་། །ཞེས་གསུངས་ས།ོ །བདག་གཞན་གྱི་ཕྱགོ ས་ལ་ཆགས་པ་དང་ཁྲ་ོ བའི་ཕྱགོ ས་ལྷུང་དརོ ་ནས་གཟུ་བའོ ་ིབླསོ ་ མ་དཔྱད་ན།གྲུབ་མཐའ་ལ་དཔྱདོ ་པར་སྒམོ ་པ་དེ་ཉིད་ལ་བརྟེན་ནས་འཁརོ ་བར་དམ་དུ་འཆིང་བར་གསུངས་པ་ འདི་ཉིད། བདག་ཅག་རྣམས་ལ་ཐུགས་བརྩེ་བས་མན་ངག་ཁྱད་པར་ཅན་བྱིན་པར་ཤེས་པར་གྱིས་ཤིག །བདག་ སྐྱེ་འགོག་པ་ནས་འདི་ཡན་ཆད་ཀྱིས་ཆོས་ཀྱི་བདག་མེད་བསྟན་པར་གསུངས་ཏེ། དངོས་པོའ་ིཆོས་ཀྱི་བདག་ མེད་བསྟན་པ་ནི་ཤིན་ཏུ་མང་ལ། དངསོ ་མེད་ཀྱི་ཆསོ ་ཀྱི་བདག་མེད་ཀྱང་བར་བར་དུ་བསྟན་པ་ལ་དགངོ ས་ས།ོ །
དེའི་ཕྱིར་དེ་ལྟར་ལུང་དང་རིགས་པ་དག་གིས་ཆོས་ཀྱི་བདག་མེད་པ་ བསྟན་ནས་དེའི་འགོ་ཏུ་གང་ཟག་གི་བདག་མེད་པ་བསྟན་པའི་ཕྱིར་བཤད་པ།
ཉནོ ་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། ། ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་། ། བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། ། རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །
འདི་ན་རྣལ་འབྱརོ ་པ་དེ་ཁ་ོན་ཉིད་ལ་འཇུག་པར་འདདོ ་ཅིང་ཉནོ ་མངོ ས་པའི་སྐྱནོ ་མ་ལུས་པ་སྤངོ ་བར་འདདོ ་པ་ ནི།འཁརོ ་བར་འཁྱམས་པ་འདི་ཅི་འདྲ་བ་ཞིག་གི་རྩ་བ་ཅན་ཡིན་སྙམ་དུ་རྟགོ ་པར་བྱེད་ལ།དེ་ལྟར་བརྟགས་པ་ ན། ༼ཁ དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ང་དང་ངའི་འ་ོསྙམ་པ་དེ་ལྟ་བུའི་རྣམ་པར་ 268

སེམས་བསྐྱེད་པ་དྲུག་པ།
ཞུགས་པ་དེ་གཉིས་རང་བཞིན་གྱིས་གྲུབ་པར་འཛིན་པའི་ཤེས་རབ་ཉོན་མོངས་པ་ཅན་ནོ། །[དེ་ ལས་བྱུང་བས་ན་] ༼ཀ འཇིག་ཚོགས་ལ་ལྟ་བ་ལས་བྱུང་བའ།ོ །༼ག དེ་དག་ཀྱང་ གང་དག་གཅིག་ཅེ་ན། ཉནོ ་མངོ ས་པ་རྣམས་དང་སྐྱནོ ་རྣམས་ས།ོ །དེ་ལ་ཉནོ ་མངོ ས་པ་ རྣམས་ནི་འདདོ ་ཆགས་ལ་སགོ ས་པ་རྣམས་ས།ོ །སྐྱནོ ་རྣམས་ནི་སྐྱེ་བ་དང་རྒ་བ་དང་ ན་བ་དང་འཆི་བ་དང་མྱ་ངན་ལ་སགོ ས་པ་དག་གོ།དེ་དག་ནི་མ་ལུས་པར་ང་དང་ངའི་ སྙམ་པའི་རྣམ་པ་ཅན་དེ་གཉིས་རང་བཞིན་གྱིས་གྲུབ་པར་འཛིན་པའི་ཤེས་རབ་ཉནོ ་མངོ ས་པ་ཅན་གྱི་འཇིག་ ཚོགས་ལ་ལྟ་བ་ལས་འབྱུང་སྟེ།ཉནོ ་མངོ ས་པ་ཐམས་ཅད་ནི་མད་ོལས།འཇིག་ཚོགས་ ལ་ལྟ་བའི་རྩ་བ་ཅན། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན། འཇིག་ཚོགས་ལ་ལྟ་བའི་ཀུན་ འབྱུང་བ་ཅན་དག་གོ །ཞེས་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཉིད་དུ་གསུངས་ལ། འཇིག་ ཚོགས་ལ་ལྟ་བ་མ་སྤངས་པ་རྣམས་ལ་འདུ་བྱེད་མངནོ ་པར་འགྲུབ་པའི་ཕྱིར་དང་།སྐྱེ་ བ་ལ་སགོ ས་པའི་སྡུག་བསྔལ་འབྱུང་བའི་ཕྱིར་ན། དེ་དག་མ་ལུས་པ ར་འཇིག་ཚོགས་ ལ་ལྟ་བའི་རྒྱུ་ཅན་ཏེ་འབྲལ་བུ་ཡིན་ན།ོ །དེ་ལྟར་མཐངོ ་བ་ན་འཇིག་ལྟ་སྤངོ ་བར་འདདོ ་པ་འབྱུང་ལ། དེའི་ ཚེ་ཤེས་རབ་ཅན་ཞིག་ཡིན་ན་ནི་དེ་སྤོང་བ་དེ་ཡང། ཆོས་དབྱིངས་བསྟོད་པ་ལས། བདག་དང་བདག་གི་ཞེས་ འཛིན་པས། །ཇི་སྲིད་ཕྱི་རོལ་རྣམ་བརྟགས་པ། །བདག་མེད་རྣམ་པ་གཉིས་མཐོང་ན། །སྲིད་པའི་ས་བོན་འགག་ པར་འགྱུར། །ཞེས་དང། བཞི་བརྒྱ་པ་ལས་ཀྱང། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་ པར་འགྱུར། །ཞེས་གསུངས་པ་ལྟར་འཇིག་ལྟས་བཟུང་བ་ལྟར་གྱི་བདག་ཡུལ་སྟེང་ན་མེད་པར་མཐོང་བས་སྤོང་ དགོས་པར་མཐོང་ནས། འཇིག་ལྟས་གཞི་གང་ལ་ཞེན་པ་འདིའི་དམིགས་པ་གང་ཡིན་སྙམ་དུ་བརྟགས་པ་ན། དེའི་དམིགས་པ་ནི་བདག་སྟེ་ང་ཁོ་ན་ཡིན་སྙམ་དུ་རྟོགས་ཏེ། ངར་འཛིན་པ་ནི་བདག་
269

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
གི་ཡུལ་ཅན་ཡིན་པའི་ཕྱིར་རོ། །འདི་ལ་ཉོན་མོངས་པ་དང་སྐྱོན་མ་ལུས་པ་ཡོངས་ སུ་སྤོང་བར་འདོད་པས་རྩ་བ་ འཇིག་ཚོགས་ལ་ལྟ་བ་ཁོ་ན་སྤང་བར་བྱ་བ་ཡིན་ལ། དེ་ཡང་དེའི་དམིགས་པ་བདག་གི་བདག་སྟེ་ངོ་བོས་གྲུབ་པ་མེད་པ་བདག་མེད་པ་ཉིད་ཁོང་དུ་ ཆུད་པ་ལས་སྤོང་བར་འགྱུར་བས། ཐོག་མར་རྣལ་འབྱོར་པས་བདག་ཁོ་ན་རང་བཞིན་ གྱིས་གྲུབ་པ་འགོག་པར་བྱེད་དོ། །དེ་བཀག་པ་ལས་འཇིག་ཚོགས་ལ་ལྟ་བ་ཡང་སྤངས་ པར་གྱུར་ན་ཉནོ ་མངོ ས་པ་དང་སྐྱནོ ་མ་ལུས་པ་ལྡགོ ་པས་ན་བདག་ལ་རྣམ་པར་དཔྱད་ པ་འདི་ནི་ཐར་པ་སྒྲུབ་པའི་ཐབས་ཡིན་ཏེ། དེའི་ཕྱིར་༼ཁ གང་ཞིག་འཇིག་ཚོགས་ ལ་ལྟ་བའི་དམིགས་པར་གྱུར་པ་བདག་ཅེས་བྱ་བ་འདི། ངོ་བོ་ཉིད་ཀྱིས་གྲུབ་མ་གྲུབ་ཅི་འདྲ་ བ་ཞིག་ཅེས་༼ཀརྣལ་འབྱརོ་པ་དེས་༼གཐགོ་མར་བདག་ཁ་ོན་ལ་རྣམ་པར་དཔྱདོ་
པར་བྱེད་དོ།འ། ཇིག་ཚོགས་ལ་ལྟ་བའི་དམིགས་པ་བདག་དེ་ཅི་ཞིག་ཅེས་དེ་ཉིད་མི་ ཤེས་[སོ་] པས་སྟོན་ཞིག་ཞེ་ན། དེ་ལ་རེ་ཞིག་གྲངས་ཅན་པ་ནི།
ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག ། ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས། ། དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། ། མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། །
དེ་ལ་གྲངས་ཅན་པ་དག་ནི། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་ སགོ ས་བདུན་རང་བཞིན་རྣམ་འགྱུར་ཞིང་།།བཅུ་དྲུག་པ་ོནི་རྣམ་པར་འགྱུར་བ་སྟེ།། 270

སེམས་བསྐྱེད་པ་དྲུག་པ།
སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་སྨྲ་བར་བྱེད་ད།ོ །དེ་ལ་འབྲས་བུ་རབ་ ཏུ་བྱེད་པས་ན་རང་བཞིན་ནོ། །གནས་སྐབས་གང་ཞིག་ཏུ་རབ་ཏུ་བྱེད་ཅེ་ན། སྐྱེས་ བུའི་འདོད་པ་མཐོང་བའི་དུས་སུའ།ོ །གང་གི་ཚེ་སྐྱེས་བུ་ལ་སྒྲ་ལ་སོགས་པའི་ཡུལ་ ཉེ་བར་ལངོ ས་སྤྱདོ ་པའི་རྣམ་པ་ཅན་གྱི་འདདོ ་པ་སྐྱེས་པ་དེའི་ཚེ་སྐྱེས་བུའི་འདདོ ་པ་ ཡངོ ས་སུ་ཤེས་པའི་རང་བཞིན་དང་སྐྱེས་བུ་སྦྱརོ ་ཞིང་དེ་ནས་སྒྲ་ལ་སགོ ས་པ་འབྱིན་ པར་བྱེད་དོ། །དེ་ལ་ཚུལ་ནི་འདི་ཡིན་ཏེ། རང་བཞིན་ལས་ནི་ཆེན་པོའ།ོ །དེ་ལས་ང་ རྒྱལ་ལོ། །དེ་ལས་དབང་པོ་བཅུ་གཅིག་དང་དེ་ཙམ་ལྔ་སྟེ་བཅུ་དྲུག་པོའ་ིཚོགས་སོ། །བཅུ་དྲུག་ པོ་དེ་ལས་ཀྱང་འབྱུང་བ་ལྔ་ནི་ དེ་ཙམ་ལྔ་ལས་ཏེ། སྒྲ་ལ་སོགས་པ་ལྔ་དག་ལས་འབྱུང་ བ་ལྔ་འབྱུང་ངོ་ཞེས་བྱ་བ་འདི་ནི་རིམ་པ་ཡིན་ནོ། །རྣམ་པར་འགྱུར་མིན་ལ་ཞེས་བྱ་ བ་ནི་གང་གི་ཕྱིར་འབྲས་བུ་རབ་ཏུ་བྱེད་པ་ཁོ་ན་ཡིན་གྱི། ཆེན་པོ་ལ་སོགས་པ་ལྟར་ རྣམ་པར་འགྱུར་བ་ཡང་ནི་མ་ཡིན་ནོ། །ཆེན་པོ་ལ་སོགས་པ་བདུན་པོ་དེ་དག་ནི་རབ་ ཏུ་བྱེད་པ་ཡང་ཡིན་ལ་རྣམ་པར་འགྱུར་བ་ཡང་ཡིན་ཏེ།དེའི་ཕྱིར་ཆེན་པ་ོལ་སགོ ས་ པ་བདུན་རང་བཞིན་རྣམ་འགྱུར་ཞིང་།ཞེས་བྱ་བ་སྨྲས་ཏེ།ཆེན་པ་ོལ་སགོ ས་པ་དག་ ཀྱང་རང་གི་རྣམ་པར་འགྱུར་བ་ལ་ལྟོས་ནས་རང་བཞིན་ཡིན་ལ། རྩ་བའི་རང་བཞིན་ ལ་ལྟསོ ་ནས་རྣམ་པར་འགྱུར་བ་ཡིན་ན།ོ །བླའོ ་ིདབང་པ་ོ ལ་སགོ ས་པ་བཅུ་དྲུག་པ་ོ ནི་ རྣམ་པར་འགྱུར་བ་ཁ་ོན་སྟེ།དེའི་ཕྱིར་བཅུ་དྲུག་པ་ོནི་རྣམ་པར་འགྱུར་བ་སྟེ།ཞེས་བྱ་ བ་སྨྲས་སོ། །ནིའི་སྒྲ་ནི་རྣམ་པར་འགྱུར་བ་ཁོ་ན་སྟེ་ཞེས་ངེས་པར་གཟུང་བའི་དོན་ དུའ།ོ །སྐྱེས་བུ་ནི་རབ་ཏུ་བྱེད་པ་ཡང་མ་ཡིན་ལ་རྣམ་པར་འགྱུར་བ་ཡང་མ་ཡིན་ནོ་
271

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
ཞེས་སྨྲ་བ་ནི། སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་བྱ་བའ།ོ །རིམ་པ་ འདིས་རྣམ་པར་འགྱུར་བའི་ཚོགས་ཐམས་ཅད་སྐྱེས་པས་འདདོ ་པ་སྐྱེས་པའི་སྐྱེས་བུ་ ཉེ་བར་ཟ་བ་པརོ ་ཇི་ལྟར་འགྱུར་བ་བརྗདོ ་པར་བྱ་སྟེ། རྣ་བ་ལ་སགོ ས་པའི་བླའོ ་ིདབང་ པ་ོཡིད་ཀྱིས་བྱིན་གྱིས་བརླབས་པ་དག་གིས་ཡངོ ས་སུ་གཟུང་བའི་ཡུལ་སྒྲ་ལ་སགོ ས་ པ་དག་ལ་བློས་ཞེན་པར་བྱེད་ལ། དེ་ནས་བློས་ཞེན་པར་བྱས་པའི་དོན་ལ་སྐྱེས་བུ་ སེམས་པར་བྱེད་དེ།དེ་ལྟར་སྐྱེས་བུ་སེམས་པ་ཡདོ ་པའི་རང་གི་ང་ོབ་ོཡིན་པའི་ཕྱིར། བདག་ཡུལ་དག་ཉེ་བར་ལོངས་སྤྱོད་དོ་ཞེས་བརྗོད་དོ། །དེ་ལྟར་འདོད་པའི་ཡུལ་ཉེ་ བར་ལོངས་སྤྱོད་ཅིང་། གང་གི་ཚེ་ཆགས་པ་ཆུང་བ་ཉིད་ཀྱིས་སྐྱེས་བུ་ཡུལ་དག་ལ་ ཆགས་པ་དང་བྲལ་བར་གྱུར་པ་དེའི་ཚེ་རིམ་གྱིས་བསམ་གཏན་བསྒམོ ས་ཤིང་།དེ་ལ་ བརྟེན་ནས་ལྷའི་མིག་གི་མངནོ ་པར་ཤེས་པ་ཡང་དག་པར་བླངས་པས་ལྷའི་མིག་གི་སྒ་ོནས་ རང་བཞིན་ཏེ་གཙོ་བོ་ལ་ལྟ་བར་བྱེད་ལ། དེས་བལྟས་པ་དང་གཙོ་བོ་དེ་གཞན་གྱི་བུད་ མེད་ལྟར་ངོ་ཚ་བར་གྱུར་པས་བདག་ལ་མི་ཁྲོ་ཞིང་བྲལ་བར་འགྱུར་རོ། །རྣམ་པར་ འགྱུར་བའི་ཚོགས་ཐམས་ཅད་ཀྱང་སྐྱེ་བའི་རིམ་པ་ལས་བཟླགོ ་པའི་སྒ་ོནས།གཙོ་བ་ོདེ་ ཉིད་དུ་རབ་ཏུ་ཞི་བ་སྟེ་ཐིམ་པའི་ཕྱིར།མི་གསལ་བའི་ང་ོབརོ་གྱུར་པ་དེའི་ཚེ་སྐྱེས་བུ་ ཉག་གཅིག་གནས་ཏེ་དེའི་ཕྱིར་གྲལོ ་བ་ཞེས་བྱའ།ོ །དེ་ནི་རྣམ་པར་འགྱུར་བ་ཞར་ཟིན་ ཀྱང་ཞ་བར་མི་འགྱུར་བ་ཉིད་ཀྱིས་རྟག་ཏུ་ཡན་གར་བའི་ངོ་བོར་གནས་པའི་ཕྱིར་ རྟག་པ་ཞེས་བྱའ།ོ །རང་བཞིན་ཉིད་བྱེད་པ་པོ་ཡིན་ཞིང་རྣམ་པར་འགྱུར་བ་རྣམས་ ལས་ཀྱང་ཁ་ཅིག་བྱེད་པ་པོ་ཡིན་པའི་ཕྱིར་ལ། བདག་ནི་བྱ་བ་ལ་སྙོམས་ལས་ཅན་ 272

སེམས་བསྐྱེད་པ་དྲུག་པ།
ཉིད་དུ་གྱུར་པའི་ཕྱིར་ན་བྱེད་པ་པོ་མ་ཡིན་པ་ཉིད་ཅེས་བརྗོད་དོ། །ཉེ་བར་ལོངས་ སྤྱདོ ་པ་པ་ོཉིད་ནི་ཇི་སྐད་སྨྲས་པའི་ཚུལ་གྱིས་བསྟན་ཟིན་པ་ཉིད་ད།ོ །རྡུལ་དང་མུན་ པ་དང་སྙིང་སྟོབས་ཀྱི་རང་བཞིན་མེད་པའི་ཕྱིར་ན་ཡོན་ཏན་མེད་པ་ཉིད་དོ། །ཁྱབ་ པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་ན་བྱ་བ་མེད་པ་ཉིད་དེ། དེ་ལྟ་བུ་ནི་སྐྱེས་བུའི་ཁྱད་ པར་དག་གོ །དེ་ལ་རང་བཞིན་ཉིད་བྱེད་པ་པོ་ཡིན་ཞིང་རྣམ་པར་འགྱུར་བ་རྣམས་ ལས་ཀྱང་ཁ་ཅིག་བྱེད་པ་པོ་ཡིན་པའི་ཕྱིར་ལ་ཞེས་གང་སྨྲས་ན། རྣམ་པར་འགྱུར་ བ་གང་དག་གཅིག་ནི་བྱེད་པ་པོ་ཉིད་ཡིན་ལ་གང་དག་གཅིག་ནི་བྱེད་པ་པོ་ཉིད་ མ་ཡིན་ཞེ་ན། འདི་ལ་བྱེ་བྲག་ཏུ་བཤད་པར་བྱ་བའི་ཕྱིར་ཅུང་ཟད་ཅིག་བརྗོད་པར་ བྱ་སྟེ། དེ་ལ་རྡུལ་དང་མུན་པ་དང་སྙིང་སྟོབས་གསུམ་ནི་ཡོན་ཏན་གསུམ་མོ། །དེ་ལ་ རྡུལ་ནི་གཡ་ོ བ་དང་འཇུག་པའི་བདག་ཉིད་ཅན་ན།ོ །མུན་པ་ནི་ལྕི་བ་དང་གཡགོ ས་ པའི་བདག་ཉིད་ཅན་ན།ོ །སྙིང་སྟབོ ས་ནི་ཡང་བ་དང་རབ་ཏུ་གསལ་བའི་བདག་ཉིད་ ཅན་ནོ། །བདེ་བ་དང་སྡུག་བསྔལ་བ་དང་གཏི་མུག་ཅེས་བྱ་བ་ནི་འདི་དག་ཁོ་ནའི་ རྣམ་གྲངས་སོ། །འདི་དག་ཆ་མཉམ་པའི་གནས་སྐབས་ནི་གཙོ་བོ་སྟེ། འདིར་ཡོན་ ཏན་དག་གཙོ་བརོ ་གྱུར་ཞིང་རབ་ཏུ་ཞ་བར་གྱུར་པའི་ཕྱིར་ར།ོ །དེ་དག་རྣམ་པར་མི་ འགྱུར་བའི་གནས་སྐབས་ནི་རང་བཞིན་ཅན་ནོ། །རང་བཞིན་ལས་ཆེན་པོ་སྟེ་ཆེན་ པོ་ཞེས་བྱ་བ་དང་༼ཁ ནི་༼ཀ བློ[འི་] གཉིས་༼ག རྣམ་གྲངས་[སོ་] ཏེ་ཕྱི་ཡུལ་དང་ནང་གི་ སྐྱེས་བུའི་གཟུགས་བརྙན་གཉིས་ཀ་འཆར་བ་ཞིག་གོ །ཆེན་པོ་ལས་ནི་ང་རྒྱལ་ལོ། །དེ་ནི་རྣམ་པ་ གསུམ་སྟེ། རྣམ་པར་འགྱུར་བ་དང་། སྙིང་སྟོབས་ཅན་དང་། མུན་པ་ཅན་ནོ། །དེ་ལ་
273

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
རྣམ་པར་འགྱུར་བའི་ང་རྒྱལ་ལས་ནི་དེ་ཙམ་ལྔ་སྟེ། གཟུགས་དང་སྒྲ་དང་དྲི་དང་ར་ོ དང་རེག་པ་དག་གོ །དེ་ཙམ་དག་ལས་ནི་འབྱུང་བ་རྣམས་ཏེ་ས་དང་ཆུ་དང་མེ་དང་ རླུང་དང་ནམ་མཁའ་ཞེས་བྱ་བ་དག་གོ།སྙིང་སྟབོ ས་ཅན་གྱི་ང་རྒྱལ་ལས་ནི་ལས་ཀྱི་ དབང་པ་ོལྔ་པ་ོདག་དང་།ལག་པ་དང་རྐང་པ་དང་།རྐུབ་དང་།མདམོ ས་དང་།བླའོ ་ི དབང་པོ་ལྔ་པོ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། པགས་པ་དང་གཉི་གའི་ བདག་ཉིད་ཅན་གྱི་ཡིད་དེ་དེ་ལྟར་ན་བཅུ་གཅིག་གོ །མུན་པ་ཅན་གྱི་ང་རྒྱལ་ནི་ང་ རྒྱལ་གཞན་གཉི་གའི་འཇུག་པར་བྱེད་པའ།ོ །དེ་ལ་ཆེན་པོ་དང་ང་རྒྱལ་དང་དེ་ཙམ་ ལྔ་སྟེ་བདུན་ནི་རང་བཞིན་དང་རྣམ་པར་འགྱུར་བ་[ཉིད་] གཉིས་ཀ་ཡིན་ཞིང་། དབང་པ་ོ བཅུ་དང་ཡིད་དང་འབྱུང་བ་ཆེན་པ་ོ རྣམས་ནི་རྣམ་པར་འགྱུར་བ་ཉིད་ཁ་ོ ན་ཡིན་ལ། རང་བཞིན་ནི་རྣམ་པར་མི་འགྱུར་བ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་གཞུང་ལུགས་སོ། །
ཇི་ལྟར་གྲངས་ཅན་པ་དག་གིས་དེ་ལྟར་ཁས་བླངས་པ་དེ་བཞིན་དུ། བདག་དེའི་ དབྱེ་བ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ཀྱི་ལུགས་ཐ་དད་ པར་འགྱུར་ཏེ། འདི་ལྟ་སྟེ་བྱེ་བྲག་པ་རྣམས་ནི། བློ་དང་། བདེ་བ་དང་། སྡུག་བསྔལ་ དང་། འདོད་པ་དང་། སྡང་བ་དང་། འབད་པ་དང་། ཆོས་དང་། ཆོས་མ་ཡིན་པ་དང་ བྱ་བའི་ཤུགས་ཏེ་བདག་གི་ཡོན་ཏན་དགུ་སྨྲ་བར་བྱེད་དོ། །དེ་ལ་བློ་ནི་ཡུལ་འཛིན་ པའ།ོ །བདེ་བ་ནི་འདདོ ་པའི་ཡུལ་ཉམས་སུ་མྱངོ ་བའ།ོ །སྡུག་བསྔལ་ནི་དེ་ལས་བཟླགོ ་ པའ།ོ།འདདོ་པ་ནི་འདདོ་པར་འགྱུར་བའི་དངསོ་པ་ོལ་རེ་བ་འཆའ་བའ།ོ།སྡང་བ་ནི་ མི་འདོད་པའི་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པ་ཉིད་དོ། །འབད་པ་ནི་དོན་བསྒྲུབ་པར་བྱ་ 274

སེམས་བསྐྱེད་པ་དྲུག་པ།
བ་ལ་དེའི་མཐར་ཐུག་པར་སེམས་ཀྱི་མཁས་པ་ཉིད་དོ། །གང་ལས་མངོན་པར་མཐོ་ བ་དང་ངེས་པར་ལེགས་པ་འགྲུབ་པ་དེ་ནི་ཆོས་སོ། །དེ་ལས་བཟློག་པ་ནི་ཆོས་མ་ ཡིན་པའ།ོ །ཤེས་པ་ལས་སྐྱེས་ཤིང་ཤེས་པའི་རྒྱུར་གྱུར་པ་ཉིད་ནི་འདུ་བྱ་བའི་ཤུགས་ སོ། །བདག་གི་ཡོན་ཏན་དགུ་པོ་དེ་དག་ཇི་སྲིད་དུ་བདག་ལ་འདུ་ཤིང་ཡོད་པ་དེ་ སྲིད་དུ་དེ་དག་གིས་སྦྱར་བའི་དགེ་བ་དང་མི་དགེ་བའི་ལས་སྒྲུབ་པའི་ཕྱིར་འཁོར་ བར་འགྱུར་ལ། གང་གི་ཚེ་སྐྱེས་བུ་ཡང་དག་པར་རྟོགས་པའི་ཤེས་པས་བླ་ོ ལ་སགོ ས་ པའི་ཡོན་ཏན་རྣམས་རྩ་བ་དང་བཅས་པ་གཅོད་པ་དེའི་ཚེ་རང་གི་བདག་ཉིད་ལ་ གནས་ཤིང་ཐར་བར་འགྱུར་རོ། །བདག་དེ་ཡང་རྟག་པ་དང་། འབྲས་བུའི་བྱེད་པ་པོ་ དང་། འབྲས་བུ་ལ་ལོངས་སྤྱོད་པའི་ཟ་བ་པོ་དང་། ཡོན་ཏན་དང་བཅས་པ་དང་། ཁྱབ་པའི་ ཕྱིར་ན་བྱ་བ་མེད་པར་ཡང་སྨྲའ།ོ །བྱེ་བྲག་པ་ཁ་ཅིག་དག་ནི་བསྐུམ་པ་དང་བརྐྱང་བ་ ཉིད་ཀྱིས་བྱ་བ་དང་བཅས་པར་ཁས་ལེན་ཏོ། །རིག་བྱེད་དུ་སྨྲ་བ་དག་ནི་བུམ་པ་ལ་ སགོ ས་པ[འི་]ཐ་དད་པ་རྣམས་ཀྱི་ནམ་མཁའ་གཅིག་ཡིན་པ་ལྟར།རྟེན་ལུས་ཐ་དད་པས་བརྟེན་ པ་བདག་གཅིག་ཉིད་སྣ་ཚོགས་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པར་ཁས་ལེན་ཏོ། །དེ་ ལྟར་བདག་གི་ཁྱད་པར་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ཀྱི་ ལུགས་ཕན་ཚུན་ཐ་དད་པར་འགྱུར་རོ། །མུ་སྟེགས་ཅན་རྣམས་ཀྱི་གཞུང་ལུགས་རེ་ རེ་ལས་བདག་མི་འདྲ་བ་གང་ཞིག་སྨྲས་པ་དེ་ནི།
མོ་གཤམ་བུ་ལྟར་སྐྱེ་བ་དང་བྲལ་ཕྱིར། ། དེ་ལྟར་གྱུར་པའི་བདག་ནི་ཡོད་མིན་ཞིང་། །
275

དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་མཆན་ཟླ་གྲགས་དགོངས་རྒྱན།
འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ། །
འདི་ནི་ཀུན་རྫོབ་ཏུ་ཡང་ཡོད་མི་འདོད། །
༼ཁ མུ་སྟེགས་རང་ཉིད་ཀྱི་རྗེས་སུ་དཔག་པ་སྟེ་ཁས་བླངས་པ་དང་དང་འགལ་བའི་ཕྱིར། ༼ཀ དེ་དག་གིས་ཇི་སྐད་སྨྲས་པའི་བདག་ནི་ཡོད་པ་མ་ཡིན་[པ་ཉིད་དེ་] ཏེ། མ་སྐྱེས་ པའི་ཕྱིར་[ཏེ་] ཞེས་རྟགས་ནི་༼ག དཔེར་ན་མ་ོ གཤམ་གྱི་བུ་བཞིན་ན།ོ །འདི་ནི་རང་འཛིན་ པའི་ཡུལ་དུ་ཡང་མི་རུང་སྟེ། མ་སྐྱེས་པ་ཉིད་ཀྱིས་ཕྱིར་རོ། །འདི་ནི་དེ་ཁོ་ན་ཉིད་དུ་ ཡོད་པ་ཉིད་དང་། ངར་འཛིན་པའི་ཡུལ་ཉིད་དུ་མི་རིགས་པ་འབའ་ཞིག་ཏུ་མ་ཟད་ ཀྱི། ཀུན་རྫོབ་ཏུ་ཡང་འདི་གཉིས་ཆར་ཡང་ཡོད་པ་མ་ཡིན་ནོ་ཞེས་འགོག་པ་ཡང་ཤེས་ པར་བྱའ།ོ །རྟགས་དང་དཔེ་དེ་གཉིས་ཀྱིས་དགག་བྱ་འདི་ཡོད་པ་ཉིད་དང་ངར་འཛིན་པའི་ རྟེན་ཉིད་དུ་མི་རིགས་པར་མ་ཟད་ཀྱི་གཞན་ཡང་།
གང་ཕྱིར་བསྟན་བཅོས་བསྟན་བཅོས་ལས་དེའི་ཁྱད། ། མུ་སྟེགས་རྣམས་ཀྱིས་གང་བསྟ