Saddharmayoga

ང་ནི་མིང་ལ་སྭི་ཊི་ལ་ནྭ་(Svetlana)ཟེར་བ་དང་རུས་མིང་རྦ་སྱུག་(Basyuk)རེད། ང་ཨུག་ར་ཡི་ང་ཟེར་བའི་རྒྱལ་ཁབ་ལ་སྤྱི་ལོ་1989ཕྱི་ཟླ་བཅུ་གཅིག་ཚེས་སུམ་ཅུ་ལ་སྐྱེས་པ་རེད།
སྤྱི་ལོ་2018 ལོ་ལ་ང་«Saddharma Yoga» ལམ་ལ་ཞུགས་པ་ཡིན། ལམ་དེ་དམིགས་གསལ་གྱི་ལམ་གཅིག་པུ་དང་མཐུན་གྱི་རྟོགས་ཀྱི་ལམ་དང་ང་ཚོའི་མི་ཚེའི་ནུས་པ་ཡོད་པའི་ལམ་རེད།
Saddharma ཟེར་བ་དེ་དོན་དག་ནི་མེ་ཏོག་པདྨེ་མདོ་རེད། Yoga ཟེར་བ་ཡང་ན་བོད་སྐད་ཐོག་ནས་རྣལ་འབྱོར་དེ་ག་རེ་རེད་ཟེར་ན་མི་རྟོག་པ་ཡང་ན་སེམས་ཀྱི་ཞི་བ་རེད། «Saddharma Yoga» དེ་མེ་ཏོག་པདྨེ་སྒོམ་རྒྱབ་རྒྱུ་རེད། «Saddharma Yoga» དེ་སོ་སོའི་ལུས་ཀྱི་ཤེས་ཡག་དང་ལུས་ཀྱི་རྒྱས་ཡག་གི་རིམ་པ་བཅུ་དྲུག་ཡོད་རེད། སྤྱི་ཚོགས་ལ་ཁྲིམས་དང་ཡར་རྒྱས་པ་ཚུལ་ཁྲིམས་ཐོབ་ཐང་དེ་ཚོ་ཚང་མ་མི་ཚེའི་དོན་དག་ཡིན་པ་དང་ལམ་དེ་ཐར་ལམ་དང་ཞི་བའི་ལམ་དང་ཀུན་གཞི་ལ་འཁྲིད་ཡག་གི་ལམ་རེད། རྣམ་རྟོག་ནི་ཀུན་གཞི་ལ་ཆ་བཞག་ན་ནུས་པའི་ས་བོན་ཡིན་པ་དང་ནང་ལ་ཡོད་པའི་འོད་ཟེར་དམ་པ་གསལ་ཡག་གི་སྟོབས་གཅིག་རེད།
ང་ཚོས་ནང་ལ་ཡོད་པའི་འོད་ཟེར་སྒོམ་རྒྱབ་ན་རྣམ་རྟོག་དག་པ་དང་འབྱུང་གནས་དེ་རྒྱས་ཀྱི་ཡོད་པ་དང་ང་ཚོ་དཀོན་མཆོག་མཐའ་ཡས་ཀྱི་ཆ་གཅིག་ཡིན་པ་ཧ་གོ་གི་རེད། མེ་ཏོག་པདྨེ་དེས་ནམ་མཁའི་ནུས་པ་ནང་བཞིན་ཡིན་ཙང་མེ་ཏོག་དེ་བསམ་པ་རྣམ་དག་གི་འབྱུང་གནས་རེད།
ང་ཚོ་བྱང་དུས་དེ་ལུས་ཀྱི་སྦྱོར་བ་དང་དབུགས་འབྱིན་བ་མཉམ་དུ་ཡོང་གི་ཡོད་རེད། ང་ཚོའི་སེམས་ཐར་དུས་ལུས་ལ་ཡོད་པའི་རླུང་དང་ནུས་པ་དེ་ཚོ་སྒུལ་ཀྱོག་ནས་མིག་དང་སྣ་བ་རྣ་བ་ལྕེ་བ་སོགས་ལ་བརྒྱུད་ནས་འགྲོ་གི་ཡོད་ཙང་ང་ཚོའི་ལུས་ཡོངས་རྫོགས་པ་གསར་དུ་ནང་བཞིན་ཆགས་ཀྱི་ཡོད་རེད། ང་ཚོའི་ལུས་ཆ་ཚང་མ་དང་ཆ་ཆུང་ཤོས་རེ་རེ་ལ་གཟུགས་གཅིག་པུའི་ཚོར་བ་དང་ནུས་པ་ཆེ་བ་ཡོང་གི་ཡོད་རེད། བདེན་པ་ནི་ནང་ལ་ཡོད་པའི་དག་པ་དེའི་ལམ་ལ་འགྲོ་རྒྱུ་རེད་ཟེར་གྱི་ཡོད་རེད།
དང་པོ། ཀུན་སློང་དང་སྤྱོད་ལམ་ཤེས་བཞིན་ཡོད་རེད། རིམ་པ་དེ་ལ་ང་ཚོ་རྣལ་འབྱོར་གྱི་གཞི་བཞི་ཤེས་དགོས་རེད། ཤེས་པ་དེ་ཕྱི་དང་ནང་གྱི་ལམ་གཅིག་ལ་ང་ཚོ་ཀ་དག་ལ་འགྲོ་ཡག་འགོ་བཙུགས་ཀྱི་ཡོད་རེད། ཀུན་སློང་དེ་ཐར་པ་ལ་ལམ་རེད།
གཉིས་པ། ཚུལ་ཁྲིམས་དེ་ནི་ཡང་དག་པའི་ངག དེ་ནི་རྫུན་སྨྲ་བ་དང་ཕྲ་མ་ངག་འཁྱལ་ལ་སོགས་སྤང་བ་རེད།
ཡང་དག་པའི་འཚོ་བ། སེམས་ཅན་ཚང་མ་ལ་གནོད་ཡག་སྤོང་བ། ཚིག་རྩུབ་སྤོང་བ། མ་བྱིན་པར་ལེན་པ་དང་རྐུན་མ་བརྐུས་སྤོང་བ། ལོག་
གཡེམ་པ་སྤོང་བ། ཆང་རག་གིས་སེམས་མི་གསལ་བ་བཟོ་བ་དང་སྤྱོད་ལམ་རང་དབང་མེད་པ་ཆགས་ཙང་ཆང་རག་སྤོང་བ། སྤྱོད་ལམ་དག་པ་དེ་ནི་མི་ཚོགས་ལ་དང་སྤྱི་ཚོགས་ལ་སྤྱོད་ལམ་རེད། སྒྲ་དེ་ནི་མི་དང་སེམས་ཅན་ཚོང་རྒྱུ་དང་མཚོན་ཆང་རག་ཚོང་རྒྱུ་སྤང་དགོས་རེད། དེ་མ་ཟད་གཞང་ཚོང་རྒྱུ་དང་མོ་རྒྱབ་རྒྱུ་དང་སྐར་རྩིས་ཡང་སྤང་དགོས་རེད།
གསུམ་པ། བསམ་གཏན་དང་ཡང་དག་པའི་ཐོབ་པ། རིམ་པ་དེ་ལ་རྣལ་འབྱོར་བ་གྲྭ་པ་བྱེད་དགོས་རེད། དེ་མ་ཟད་མུ་མཐུད་ནས་ལུས་ཀྱི་རྣལ་འབྱོར་དང་དབུགས་འབྱིན་བའི་རྣལ་འབྱོར་དེ་ནང་པ་སངས་རྒྱས་པའི་རྣལ་འབྱོར་དང་གཅིག་པ་རེད། ལེགས་སྦྱར་སྐད་ལ་རྣལ་འབྱོར་ཟེར་བ་དེ་གཅིག་པ་བཟོ་རྒྱུ་དང་འབྱོར་རྒྱུ་དོན་དག་ཡོད་རེད། སྤྱིར་བཏང་རྣལ་འབྱོར་ལ་ཆ་བཞག་ན་རྩོ་བོ་དྲན་པ་རེད། དམིགས་པའི་ཡུལ་ག་རེ་ཡིན་ན་ཡང་ང་ཚོ་རྩེ་གཅིག་ཏུ་དམིགས་ནས་དྲན་དགོས་རེད། དེ་དབང་གིས་སེམས་དང་ལུས་གཉིས་ཀ་ལས་ཀ་བྱས་ཙང་སེམས་འགྱུར་རྒྱུ་དང་སྲིད་པའི་འཚོ་བ་དེ་ཡང་རང་དབང་གི་ཚེ་དག་པ་འཆི་མེད་པ་ཆགས་ཀྱི་ཡོད་རེད། ཡང་དག་པའི་བརྩོན་འགྲུས་དེ་ནི་ཡར་རྒྱས་བཏང་རྒྱུ་དེ་སེམས་གཏིང་ལ་ཡོད་པ་རེད། དེ་ཡང་ལུགས་སྲོལ་ལ་ཡོད་པ་དང་རྣལ་འབྱོར་ཚུལ་བཞིན་བྱེད་དགོས་པ་རེད། བརྩོན་འགྲུས་དེ་ཡོད་དུས་མཉམ་བཞག་ཡོང་རྒྱུ་དང་མཐའ་མེད་པ་ཡོང་གི་རེད།
ཡང་དག་པའི་དྲན་པ་ནི་སེམས་དང་ལུས་ཀྱི་ལས་ཀ་ཆ་ཚང་མ་དྲན་པ་དང་ཤེས་བཞིན་ཡོད་རེད། དེ་ལ་གཙོ་བོ་སེམས་གཡེང་བ་དང་གཡོ་བ་མི་འདྲ་བ་ཞི་ནས་ཤེས་བཞིན་རེད། སེམས་ལ་རྣམ་རྟོག་ཤར་རྒྱུ་བཀག་ནས་སེམས་བདེ་བ་ཆགས་དགོས་རེད། རིམ་པ་དེ་ལ་ཡང་བློ་ལ་ལྟ་ཞིན་བྱེད་དགོས་རེད། དེ་ནས་ནང་ལ་དང་མཐའ་སྐོར་ལ་བདེ་བ་ཆེ་རུ་ཡོང་གི་ཡོད་རེད།
བཞི་པ། ཏིང་ངེ་འཛིན་ནི་དེ་ཐར་ཐོབ་པ་དང་མཉམ་བཞག་པ་ཡོད་པའི་སྐབས་ལ་བདག་དང་གཞན་གྱི་བཟུང་འཛིན་གྱི་མཐའ་མེད་པ་ཆགས་ཀྱི་ཡོད་རེད། ཏིང་ངེ་འཛིན་ཆ་ཚང་མ་ཚུལ་བཞིན་བྱེད་ན་གྲྭ་པ་ཐར་ཐོབ་ཀྱི་ཡོདརེད། ཁོང་གིས་དགྲ་ཚང་མ་བཅོམ་ཐུབ་ཀྱི་ཡོད་རེད། ཁོང་ནི་སོ་སོའི་བདག་གི་སྟེང་ལ་འགྲོ་ཐུབ་ཀྱི་ཡོད་རེད། ཁོང་ཡང་དག་པ་ཡོངས་རྫོགས་པ་ཆགས་ཀྱི་ཡོད་རེད། འབྲས་བུ་དེ་ཐོབ་ན་ལུགས་སྲོལ་གྱི་ལམ་ཚུལ་བཞིན་བསྒྲུབས་པ་མཚོན་གྱི་ཡོད་རེད། ལམ་དེ་ཡང་རིམ་པ་རེ་ལ་ང་ཚོའི་སྲིད་པའི་ཚེའི་དོན་དག་དང་སེམས་ཀྱི་རང་བཞིན་ཧ་གོ་ཡག་གི་ཡོད་རེད།